ཀྲང་ཝེ་ཏུང་གིས་གྲོང་གསེབ་དར་སྤེལ་གྱི་ལས་དོན་ལ་བརྟག་ཞིབ་གནང་།

ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་སྟག་མཆོང་གྲོག་རོང་གྲོང་རྡལ་གྱི་པའོ་ཧྲན་གྲོང་ཚོའི་ཀྲུང་ལུགས་སྨན་རྫས་ལས་སྣོན་བཟོ་གྲྭར་ཞིང་ལས་ལས་དོན་ལ་བརྟག་ཞིབ་གནང་བཞིན་པ།

ཟླ་1པོའི་ཚེས་8ཉིན་ནས་ཚེས་9ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྱི་འབྲེལ་ཡོད་གྲོང་རྡལ་དང་སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་ཁུལ་སོགས་སུ་གྲོང་གསེབ་དར་རྒྱས་དང་། ཞིང་ལས་ཐོན་ལས་འཕེལ་རྒྱས། རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན། དུར་འཇུག་བསྒྱུར་བཅོས། ཅིན་ཅང་གཞུང་ལམ་ཉམས་གསོ་སོགས་གཙོ་གནད་ལས་དོན་ཐད་ཆེད་དོན་བརྟག་ཞིབ་བྱས་པ་རེད།
སེམས་ཀྱི་ཉི་ཟླ་དུར་འཇུག་ཁང་དུ་ཀྲང་ཝེ་ཏུང་དང་བཅས་པས་ཁོང་ཚོས་དུར་འཇུག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་དང་སྒྲིག་བཀོད། གཉེར་སྐྱོང་དོ་དམ་སོགས་ཀྱི་ལས་དོན་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། ཀྲང་ཝུའེ་ཏུང་གིས་དུར་འཇུག་སྒྱུར་བཅོས་ནི་དམངས་འཚོ་དང་འབྲེལ་བ་ཡོད་པའི་ལས་དོན་གལ་ཆེན་ཞིག་ཡིན་པས་མི་དམངས་ལྟེ་བར་འཛིན་པའི་བསམ་བློ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་ཞབས་ཞུའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག སྲིད་ཇུས་དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་དཔལ་ཡོན་དུར་འཇུག་གི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་བཏོད་ནས་དུར་འཇུག་གི་ལས་དོན་བྱ་གཞག་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
སྟག་མཆོང་གྲོག་རོང་གྲོང་རྡལ་པའོ་ཧྲན་གྲོང་ཚོའི་ཀྲུང་ལུགས་སྨན་རྫས་ལས་སྣོན་བཟོ་གྲྭ་དང་ཅིན་ཞིན་གྲོང་ཚོའི་སྲན་དཀར་ལས་སྣོན་བཟོ་གྲྭ་རུ་ཀྲང་ཝེ་ཏུང་གིས་ཐོན་སྐྱེད་གྱི་ལས་སྣོན་གནས་ཚུལ་ལ་ལྟ་ཞིབ་བྱས་ལ།གྲོང་ཚོའི་འབྲེལ་ཡོད་ཐུན་མོང་དཔལ་འབྱོར་གྱི་ཞིང་ལས་དང་འབྲེལ་བའི་ཕན་འབྲས་སྐོར་འདྲི་རྩད་ཞིབ་ཕྲ་བྱས་པ་རེད། ཁོང་གིས། གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གཅིག་གྱུར་འཆར་འགོད་དང་གྲོང་གསེབ་གྱི་མ་དངུལ་གསུམ་ཞེས་པའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བཟོ་ཁང་གཉེར་སྐྱོང་དང་བདེ་འཇགས་ཐོན་སྐྱེད་ཚད་ལྡན་དུ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་དགོས། ཞིང་འབྲེལ་གྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས། མང་ཚོགས་ཐོན་ལས་འཕེལ་རྒྱས་ནང་གཏིང་ཟབ་ངང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཏེ་གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་སྟོབས་ཆེ་རུ་བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་དེ་ལས་མང་བའི་མང་ཚོགས་ལ་ཕན་པ་ཐོབ་ཏུ་འཇུག་དགོས་པ་བསྟན།


བདེ་ཆེན་ཁུལ་རྒན་གསོ་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་གསར་སྤེལ་ཁུལ་གྱི་རྒན་གསོ་ཁང་དུ་ཀྲང་ཝེ་ཏུང་དང་བཅས་པས་ཁོང་ཚོས་རྒན་གསོ་ཁང་གི་ཁང་པའི་བཀོད་སྒྲིག་བྱེད་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་དང་སྒྲིག་གཞིའི་གཉེར་སྐྱོང་དོ་དམ་དང་མི་སྣ་བཀོད་སྒྲིག མ་དངུལ་འགན་ལེན་སོགས་ཀྱི་ལས་དོན་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་རེད། ཀྲང་ཝེ་ཏུང་གིས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་རྒྱུ་ནི་དམངས་འཚོ་ལས་གྲྭ་གལ་ཆེན་ཞིག་ཡིན་པས་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་མཐའ་འཁྱོངས་བྱས་ཏེ། མ་དངུལ་འགན་སྲུང་གི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ནས་རྒན་རྒོན་རྣམས་རྒན་གསོ་ཁང་དུ་འཚོ་བ་སྐྱིད་པོ་དང་སེམས་བདེ་བ། སེམས་དྲོ་པོ་བཅས་ཡོང་བ་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཀྲང་ཝེ་ཏུང་གིས་སན་ཅང་སྐྱེ་དངོས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིར་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་བཞིན་པ།

སན་ཅང་སྐྱེ་དངོས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིར་ཀྲང་ཝེ་ཏུང་དང་བཅས་པས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་དང་ཞིང་འབྲེལ་བྱེད་སྟངས་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཀྲང་ཝེ་ཏུང་གིས་ཁེ་ལས་ནི་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་ཤུགས་དམག་ཡིན་པས། ཞིང་ལས་སྣེ་འདྲེན་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱུན་མཐུད་ཁྲོམ་ར་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། ཐོན་སྐྱེད་དང་ཕྱིར་ཚོང་གི་ཡུར་བུ་སྔར་བས་རྒྱ་ཆེར་གཏོང་བ། དེ་ལས་མང་བའི་མང་ཚོགས་ཐོན་ལས་འཕེལ་རྒྱས་ནང་ཞུགས་རྒྱུར་སྐུལ་ཁྲིད་བཅས་བྱས་ཏེ། མངོན་འགྱུར་ཀྱི་ཁེ་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གཉིས་ཁེ་ཡོང་བ་བཅས་བྱས་ནས་གྲོང་གསེབ་ཐོན་ལས་དར་རྒྱས་ཡོང་བར་སྒུལ་ཤུགས་ཆེན་མོ་སྣོན་དགོས་ཞེས་བསྟན།
ཅིན་ཅང་གྲོང་རྡལ་ཧྲི་ཏ་གྲོང་ཚོའི་ཅིན་ཅང་གཞུང་ལམ་ཉམས་གསོ་རྣམ་གྲངས་སྤེལ་ཡུན་དུ། ཀྲང་ཝེ་ཏུང་དང་བཅས་པས་ཡུལ་དངོས་སུ་རྣམ་གྲངས་སྐུལ་འདེད་གཏོང་ཚུལ་ལ་ལྟ་ཞིབ་བྱས་པ་རེད། ཀྲང་ཝེ་ཏུང་གིས་ཅིན་ཅིང་གཞུང་ལམ་ཉམས་གསོ་རྣམ་གྲངས་ནི་མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་དམངས་འཚོ་ལས་གྲྭ་ཞིག་ཡིན་པ་དང་མང་ཚོགས་ཀྱི་འགྲོ་སྐྱོད་བདེ་འཇགས་དང་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་རེད། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་བསམ་བློ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། ལས་ཀའི་ཁྲོད་དུ་རྩ་དོན་ཀྱི་མཐའ་ཚད་བརྟན་སྲུང་བྱེད་དགོས་པར་མ་ཟད། དེ་བས་རང་འགུལ་ངང་མང་ཚོགས་དང་སྙིང་གཏམ་དང་ལྷག་བསམ་རྣམ་དག་གི་འབྲེལ་གཏུག་བྱས་ཏེ་མང་ཚོགས་ཀྱི་བསམ་ཤེས་དང་ཡིད་ཆེས། རྒྱབ་སྐྱོར་བཅས་བརྩོན་ལེན་ཧུར་ཐག་བྱ་དགོས། ལས་གྲྭའི་སྤུས་ཚད་དམ་འཛིན་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཨར་ལས་མྱུར་ཚད་མགྱོགས་སུ་གཏོང་བ་དང་། བདེ་འཇགས་དང་ཐོན་སྐྱེད་གྱི་སྲུང་ཐིག་བརྟན་དུ་གཏོང་བ། སྤུས་ཚད་མཐོ་བའི་ལས་གྲྭ་ལ་བརྟེན་ནས་མང་ཚོགས་ཕྱིར་སྐྱོད་དང་། ལམ་རྒྱུད་ཀྱི་ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་རྒྱས་བཅས་ལ་འགྲིམ་འགྲུལ་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན།
ཡུས་ཀུའེ་ཧྥེན་དང་། ཞུས་ཀོང་ཏེ། ལིན་ཧའོ། དེ་བཞིན་ཁུལ་དང་གྲོང་ཁྱེར་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བརྟག་དཔྱད་ཞིབ་འཇུག་ནང་ཞུགས།
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ཀྲང་ཝེ་ཏུང་གིས་གྲོང་གསེབ་དར་སྤེལ་གྱི་ལས་དོན་ལ་བརྟག་ཞིབ་གནང་།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་སུ་ཕེབས་ནས་སྦྲེལ་མཐུད་ལས་དོན་སྙན་སེང་ཞུ།
མི་དམངས་ཉེན་རྟོགས་པ་རྣམས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཤྭ་ཁ་གངས་རི།
བློ་མཐུན་བློ་བཟང་བཀྲ་ཤིས་ཀྱི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུ་ཁུན་མིང་དུ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དུ་སྡོད་པའི་ལས་བྲལ་ལས་འཁྱུར་ངལ་གསོའི་ལས་བྱེད་པ་རྒན་པ་རྣམས་ལ་འཚམས་འདྲི་གནང་།
ལུའོ་ཁྲའོ་ཧྥེང་གིས་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་ལ་བརྟག་ཞིབ་གནང་བ།
བདེ་ཆེན་ཁུལ་དུ་2026ལོའི་ཟླ་བ་1པོའི་ཚེས་1ཉིན་ནས་བཟུང་གྲོང་མིའི་ཐོབ་ཐང་ལག་ཁྱེར་དེ་རྒན་རྒོན་གྱི་གཟིགས་སྐྱོང་ལག་ཁྱེར་གྱི་ཚབ་བྱེད་ཆོག
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
