ནགས་ཕག་མཚོ་རུ་དགུན་སྐྱེལ་འོང་བའི་ཁྲུང་ཁྲུང་སྐེ་ནག་ལྔ་བརྒྱ་དོན་གསུམ་ཟིན།


ཤེས་རྟོགས་བྱུང་བར་གཞིགས་ན། ཁྲུང་ཁྲུང་སྐེ་ནག་དང་བཞད་ནག་བྱ་རིགས་གཉིས་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་བྱ་རིགས་གཙོ་བོ་ཡིན་པ་དང་ཁྲུང་ཁྲུང་སྐྱ་བོ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་བྱ་རིགས་གཙོ་བོ་ཡིན། ༡༩༨༤ལོར་ནགས་ཕག་མཚོ་རུ་དགུན་སྐྱེལ་འོང་པའི་ཁྲུང་ཁྲུང་སྐེ་ནག་རེ་གཅིག་ལས་མེད་པ་དང་དེ་རྗེས་ལོ་རེ་བཞིན་མང་དུ་ཕྱིན་ནས་༢༠༢༥ལོར་ལྔ་བརྒྱ་རེ་གཉིས་ཟིན། ཐེངས་འདིར་བརྟག་དཔྱད་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་འབོར་ལྔ་བརྒྱ་དོན་གསུམ་ཟིན་པའི་ནང་བྱ་ཕྲུག་གྱ་བརྒྱད་ཡོད། བཞད་ནག་ཉིས་བརྒྱ་ཉེར་དྲུག་ཡོད་དེ་དུས་མཉམ་ལས་བརྒྱ་དང་བཅོ་བརྒྱད་ཇེ་མང་དུ་སོང་། ཁྲུང་ཁྲུང་སྐྱ་བོ་རེ་བརྒྱད་ཡོད་དེ་དུས་མཉམ་ལས་སོ་གཉིས་མང་དུ་ཕྱིན།


ཉེ་བའི་ལོ་ཤས་རིང་། ནགས་ཕག་མཚོ་འདམ་ར་སྲུང་སྐྱོང་དང་འབབ་རྒྱུད་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་ས་ཁོངས་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་རིང་། ནགས་ཕག་མཚོ་རུ་བྱ་རིགས་རེ་གཅིག་གསར་དུ་ཟིན་ཐོ་བཀོད་ནས་དེའི་བསྡོམས་འབོར་ཡང་ཉིས་བརྒྱ་དོན་གཅིག་སླེབས། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་བྱ་རིགས་བཅོ་ལྔ་དང་རིམ་པ་གཉིས་པའི་སྲུང་སྐྱོང་བྱ་རིགས་ཞེ་བརྒྱད་ཡོད། དགུན་སྐྱེལ་འོང་པའི་བྱ་རིགས་མང་བའི་དུས་སུ་སླེབས་སྐབས། བྱ་རིགས་ཁྲི་ལྔ་ཙམ་ཟིན་པས། མཐོ་སྒང་གི་འདམ་ར་དེ་བྱ་རིགས་ཀྱི་ལྷ་ཡུལ་ཞིག་ཏུ་གྱུར།

པར་ལེན་མཁན། ཝུན་ཅེ།
责任编辑:仁欠才让 拉茸初姆
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
གོ་རྒྱུ་ཆེ། ནང་དོན་ཟབ། ལྟ་རིན་ཡོད།
ནགས་ཕག་མཚོ་རུ་དགུན་སྐྱེལ་འོང་བའི་ཁྲུང་ཁྲུང་སྐེ་ནག་ལྔ་བརྒྱ་དོན་གསུམ་ཟིན།
ལུའོ་ཁྲའོ་ཧྥེང་སུམ་རྩེན་གླིང་གི་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་ཆུང་གི་གཅིག་བསྡུས་སློབ་སྦྱོང་ནང་ཞུགས།
ཀྲང་ཝེ་ཏུང་གིས་གྲོང་གསེབ་དར་སྤེལ་གྱི་ལས་དོན་ལ་བརྟག་ཞིབ་གནང་།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་སུ་ཕེབས་ནས་སྦྲེལ་མཐུད་ལས་དོན་སྙན་སེང་ཞུ།
མི་དམངས་ཉེན་རྟོགས་པ་རྣམས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཤྭ་ཁ་གངས་རི།
བློ་མཐུན་བློ་བཟང་བཀྲ་ཤིས་ཀྱི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུ་ཁུན་མིང་དུ་འཚོགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
