ཁུལ་ཨུའི་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་147(རྒྱ་སྐྱེད་པ། )འཚོགས་པ།


ཟླ་1ཚེས་12ཉིན། ཁུལ་ཨུའི་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་147པ་(རྒྱ་སྐྱེད་)འཚོགས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། རང་ཁུལ་དུ་དོན་འཁྱོལ་བྱེད་པར་ཞིབ་འཇུག་བྱས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཀྲང་ཝེ་ཏུང་དང་ལི་ཡན་ལན། མེའོ་ཡིའུ་ཧྥ་བཅས་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2026ལོའི་ལོ་གསར་གྱི་རྟེན་འབྲེལ་ཤིས་ཚིག་གི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་གསར་གྱི་ཇ་སྟོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ཏེ། གཟེར་གཟེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག་གཏན་འཁེལ་བྱས་པའི་དགོངས་དོན་དང་ལས་ཀའི་ལས་འགན་གཙོ་གནད་ཁག་ཞིབ་ཕྲ་སྒོ་ནས་དམ་འཛིན་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་”འགོ་ཚུགས་པ་དང་གོམ་སྟབས་ལེགས་པར་འགོ་ཚུགས་པར་ཁག་ཐེག་བྱ་དགོས། ཁུལ་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་མི་དམངས་ཁྲིམས་ཁང་། ཁུལ་ཞིབ་དཔྱོད་ཁང་སོགས་ཀྱི་ཏང་ཙུའུ་ཡིས་ཏང་གི་འགོ་ཁྲིད་སྡེ་ཚན་དང་ལྷུ་ཚིགས་མངའ་ཁོངས་སོགས་སུ་བརྒྱུད་བསྒྲགས་བྱས་ཏེ། བདེ་ཆེན་ཡུན་རིང་བདེ་སྐྱིད་དང་སྤུས་ཚད་མཐོ་བའི་གོང་འཕེལ་སྤུས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། སྲིད་གྲོས་རིམ་པ་ཁག་གི་ལས་ཁུངས་ཀྱིས་གྲོས་མོལ་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འགོ་བརྩམས་པར་མི་སེམས་གཅིག བློ་གྲོས་གཅིག་འདུས། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས་པ་ནན་གྱིས་བསྟན།

ཚོགས་འདུའི་ཐོག་ཀྲུང་དབྱང་གིས་ཡུན་ནན་ཕྱིར་ལན་སྤྲད་པའི་སྐོར་ཞིབ་བྱེད་པའི་གནད་དོན་དང་། ཞིང་ཨུར་ཕྱིར་ལན་སྤྲད་པའི་སྐོར་ཞིབ་བྱེད་པའི་གནད་དོན། ཞིང་ཨུ་ཆབ་སྲིད་ཀྱི་སྣང་ཚུལ་དུ་བཅའ་སྡོད་བརྟག་ཞིབ་བྱེད་པའི་ལྡོག་སྐྱེལ་གནད་དོན་བཅོས་སྒྲིག་བཅས་གཅིག་གྱུར་གྱིས་དམ་འཛིན་ཡག་པོ་བྱས་ཏེ། གནད་དོན་མཐར་ཕྱིན་པ་དང་ལེགས་བཅོས་གནད་ལ་འཁེལ་བ། ལེགས་བཅོས་ཕན་འབྲས་ཐོན་བཅས་བྱེད་དགོས་པ་ནན་བཤད་གནང་བ་རེད། ཏང་གིས་མི་རིགས་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་སྔར་བས་ཤུགས་སྣོན་དང་འཐུས་ཚང་དུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གྱི་ཚད་ཤིང་མགྱོགས་མྱུར་འཛུགས་སྐྲུན་བྱེད་དགོས། བདེ་ཆེན་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་དཔེ་སྟོན་ས་ཁུལ་དུ་འགྱུར་བའི་དམིགས་འབེན་དམ་འཛིན་བྱས་ཏེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་བདེ་ཆེན་ལག་ལེན་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྔོན་ལ་སྤེལ་བ་དང་འབྱུང་འཕྲོད་གོང་འཕེལ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཀྱི་དཔལ་ཡོན་འཛུགས་སྐྱོང་གི་གདོང་ལེན་དམག་དུ་བརྩོན་ལེན་བྱ་དགོས། ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་བསྟར་ནས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་ལྡན་ཅན་དང་ཡུན་རིང་ཕན་ནུས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་ཁུལ་གྱི“ཚོགས་ཆེན་གཉིས་”ཀྱི་འབྲེལ་ཡོད་ཡིག་ཆ་དང་རྒྱུ་ཆ་ལ་གྲོས་ཞིབ་བྱས་ཏེ། བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་”ལས་དོན་ཇུས་འགོད་ནན་ཏན་དང་། ཚོགས་འདུའི་གྲ་སྒྲིག་ནན་ཏན་ཞིབ་ཕྲ་བྱས་ཏེ། ཚོགས་འདུའི་སྒྲིག་ཁྲིམས་བརྩི་སྲུང་ནན་པོ་བྱས་ཏེ། ཁུལ་གྱི“ཚོགས་ཆེན་གཉིས་”ཀྱི་སྤུས་ཚད་མཐོ་བ་དང་ཕན་འབྲས་བཟང་པོ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།
ཚོགས་འདུའི་ཐོག་2025ལོའི་ཁུལ་ཡོངས་ཀྱི་སྤྱི་བདེ་ལས་དོན་གནས་ཚུལ་སྙན་ཞུ་ཉན་པ་དང་། སྤྱི་བདེ་ལས་ཁུངས་དང་རིམ་པ་ཁག་གིས་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། ཆབ་སྲིད་བདེ་འཇགས་སྲུང་སྐྱོང་ཐད་འགན་འཁུར་བ། སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཁྲོད་གཙོ་ཤུགས་དམག་དཔུང་གི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། སྒྲིག་ཁྲིམས་སྒྲིག་སྲོལ་ནན་པོ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐད་གདོང་ལེན་བརྩོན་ལེན་བྱས་ནས་མིག་དཔེ་སྟོན་དགོས་ཞེས་ནན་བཤད་བྱས་པ་རེད།
ཚོགས་འདུས《བདེ་ཆེན་ཁུལ་སློབ་གསོ་སྤུས་འབྲས་ལེགས་གཏོང་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་(2026ལོ་ནས་2028ལོ་བར)》ལ་གྲོས་ཞིབ་བྱས་ནས་རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ཅན་དང་། ཞིབ་ཐོ་ཅན། ཞིབ་ཕྲ་ཅན་བཅས་ལ་གཞིགས་གཙོ་གནད་དང་ལོ་འཁོར་བགོར་བ་ལོ་གསུམ་འཆར་གཞི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
ཚོགས་འདུས《ཀྲུང་གུང་བདེ་ཆེན་་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་2025ལོའི་ལོ་འཁོར་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཇུས་གཞི》གྲོས་ཞིབ་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བཤེར་འདོན་གནད་དོན། སེམས་གཏམ་གླེང་མོལ། ཞིབ་བཤེར་དབྱེ་ཞིབ་སོགས་ལྷུ་ཚིགས་ཁག་གི་ལས་དོན་དངོས་སུ་བསྒྲུབས་ཏེ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོགས་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ད་དུང་ལས་དོན་གཞན་དག་ལ་ཞིབ་འཇུག་བྱས།
责任编辑:仁欠才让 拉茸初姆
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ཁུལ་ཨུའི་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་147(རྒྱ་སྐྱེད་པ། )འཚོགས་པ།
གོ་རྒྱུ་ཆེ། ནང་དོན་ཟབ། ལྟ་རིན་ཡོད།
ནགས་ཕག་མཚོ་རུ་དགུན་སྐྱེལ་འོང་བའི་ཁྲུང་ཁྲུང་སྐེ་ནག་ལྔ་བརྒྱ་དོན་གསུམ་ཟིན།
ལུའོ་ཁྲའོ་ཧྥེང་སུམ་རྩེན་གླིང་གི་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་ཆུང་གི་གཅིག་བསྡུས་སློབ་སྦྱོང་ནང་ཞུགས།
ཀྲང་ཝེ་ཏུང་གིས་གྲོང་གསེབ་དར་སྤེལ་གྱི་ལས་དོན་ལ་བརྟག་ཞིབ་གནང་།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་སུ་ཕེབས་ནས་སྦྲེལ་མཐུད་ལས་དོན་སྙན་སེང་ཞུ།
མི་དམངས་ཉེན་རྟོགས་པ་རྣམས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཤྭ་ཁ་གངས་རི།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
