中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་གྲོས་ཚོགས་ཐེངས་83པ་འཚོགས་པ།

རྩོམ་པ་པོ་:何帝龙 ཁྱབ་བསྒྲགས་དུས་ཚོད་:2026-06-17 11:13:46
图片
 ཟླ་6པའི་ཚེས་16ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་གྲོས་ཚོགས་ཐེངས་83གཙོ་སྐྱོང་བྱས་ནས་འཚོགས་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་《དངོས་ཚན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་དགོསཞིང་ཆེན་རིམ་པའི་འབྲེལ་ཡོད་གྲོས་ཚོགས་དང་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས། འབྲེལ་ཡོད་ཀྱི་མི་དོན་བྱ་བ་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་ཡོད།

གྲོས་ཚོགས་ཐོག་ནན་བཤད་གནང་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དངོས་ཚན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དེས་བདེ་ཆེན་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བར་ཡོད་པའི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད། སྣོད་བཅུད་སྔོན་ལ་འཇོག་པ་དང་། ཁྱད་ཆོས་མངོན་གསལ་དོད་པ། ལྗང་མདོག་ཐཱན་ཉུང་བཅས་ཀྱི་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བཏོད་དེ་དངོས་ཚན་ཐོན་ལས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་ཡུན་རིང་བདེ་འཁོད་ཀྱི་དངོས་པོའི་རྨང་གཞི་བརྟན་དུ་གཏོང་བ་དང་། སློབ་སྦྱོང་གི་ཕན་འབྲས་དེ་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་དངོས་སུ་འགྱུར་དགོས། ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་དམིགས་སུ་བཀར་ནས་ཡག་པོ་བསྒྲུབས་ཏེ་ས་ཁོངས་ཧྲིལ་པོའི་རིག་གནས་ཡུལ་སྐོར་གྱི་དངོས་ཚན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་ནས་ལྗང་མདོག་ནུས་རྒྱུ་དང་ལྗང་མདོག་གཏེར་ལས་བཟོ་ལས་ཀྱི་དངོས་ཚན་ལེགས་སུ་གཏོང་དགོས། བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་། ལས་དོན་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། རིགས་པའི་གཞུང་ལུགས་སློབ་སྦྱོང་གི་གྲུབ་འབྲས་གཞན་སྒྱུར་གཏིང་ཟབ་ཏུ་གཏོང་བ། ཐོན་ལས་ཀྱི་རྨང་གཞི་བརྟན་པོར་བརྟེན་ནས་བདེ་ཆེན་ཡུན་རིང་བདེ་འཁོད་སྲུང་སྐྱོང་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ཐོག་ནན་བཤད་གནང་དོན། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་དོན་དེ་དམངས་འཚོ་དང་དམངས་སེམས་དང་འབྲེལ་བ་ཡོད་པས། ཁུལ་སྲིད་གཞུང་གི་ཚན་ཁག་ཁོངས་མིས་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུ་དེ་ལས་བགོས་འགན་གཉེར་ཁྱབ་ཁོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལྟེ་བའི་ལས་འགན་དུ་བརྩིས་ནས། བདེ་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱེད་དེ། བཅོས་སྒྲིག་ལས་དོན་དང་ལས་སྒོའི་ལས་དོན་མཉམ་དུ་བཀོད་སྒྲིག་དང་། བཀོད་གཏོང་། དཔྱད་ཞིབ་བཅས་བྱེད་པ་དང་། འཕེལ་རྒྱས་ལ་སྣང་ཆེན་དང་། ལྟ་སྐུལ་དོ་དམ་ལ་སྣང་ཆུང་། རྣམ་གྲངས་ལ་སྣང་ཆེན།  སྲིད་གཙང་ལ་སྣང་ཆུང་བཅས་སུ་ཕྱོགས་ལྷུང་བ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། དམངས་འཚོའི་གཙོ་གནད་ལ་དམ་པོར་དམིགས་པ་དང་། བདེ་ཆེན་གྱི་ཞིང་འབྲོག་མང་ཚོགས་ཀྱི་འཕྲལ་མཁོ་དང་དཀའ་ངལ། སེམས་ཁྲལ་དང་རེ་སྒུག་ལ་གཞི་ཚུགས་ནས། ལས་ཡུལ་དང་པོར་བསྐྱོད་དེ་གནད་དོན་གྲལ་བཤེར་དང་སེལ་བ་བཅས་བྱས་ཏེ་གནད་དོན་མགྱོགས་མྱུར་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་བསམ་བློའི་ངོས་འཛིན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། “འགག་ཐར”བསམ་བློ་དོར་ནས་ཐོག་མཐའ་བར་གསུམ་དུ་སྐོར་གཟིགས་སྐོར་ཞིབ་དག་ཐེར་བྱ་རྒྱུ་དེ་ཡུན་རིང་གི་ཆབ་སྲིད་ལས་འགན་དུ་བརྩིས་ཏེ། རྒྱུན་རྣམ་ཅན་གྱི་ལྟ་བསྡུར་སྐྱོན་བཤེར་དང་དཔེ་བསྡུར་རང་བཤེར་བྱས་ནས་དག་ཐེར་ཆབ་སྲིད་ཀྱི་ཕན་འབྲས་སྲ་བརྟན་དུ་གཏོང་དགོས། “གཅིག་ཤེས་ཀུན་གྲོལ”མཐའ་འཁྱོངས་བྱས་ནས་དག་ཐེར་བྱ་ཐབས་ཕུགས་ཕན་དོ་དམ་ལམ་ལུགས་སུ་འགྱུར་བ་བྱས་ཏེ་སྐོར་ཞིབ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ཚན་ཁག་གི་ཁོངས་མིས་“ལས་གནས་གཅིག་ལ་འགན་འཁྲི་གཉིས་”མུ་མཐུད་དོན་འཁྱོལ་བྱས་ཏེ་སྐོར་གཟིགས་དག་ཐེར་གྱི་ཚད་གཞི་དེ་རྒྱུན་གཏན་གྱི་འགན་འཁྲི་སྒྲུབ་པའི་ནང་བཅུག་ནས་སྤྱོད་ཚུལ་གྱི་ཞན་ཆ་མུ་མཐུད་ཡོ་བཅོས་བྱས་ཏེ་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ཐོག་ད་དུང་ལས་དོན་གཞན་དག་ཞིབ་འཇུག་བྱས་པ།

འགན་འཁུར་རྩོམ་སྒྲིག་པ།:卓玛央初

  • བདེ་ཆེན་གསར་འགྱུར།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་གྲོས་ཚོགས་ཐེངས་83པ་འཚོགས་པ།

འགྲན་རའི་ཕུགས་འདུན་སྙེགས་ནས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་འབད་འཐབ་བྱེད་པ།——བདེ་ཆེན་རུ་ཁག་གིས2025/2026ལོའི་འགྲན་དུས་ཀྱི་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་གྱི་རྒྱང་སྐྱོད་ལམ་ཚད་དངོས་བྲིས།

ཞོགས་པ་བདེ་ལེཊ།འཛམ་གླིང་གི་སེམས་ཀྱི་ཉི་ཟླ།ཡང་ཐང་གི་རེ་ལྕག་མེ་ཏོག

ཡུན་ནན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་རྨང་གཞི་བརྟན་དུ་བཏང་བ།

བདེ་ཆེན་རུ་ཁག་རྐང་རྩེད་སྤོ་ལོའི་ཆད་གྲུག་ཁྲོད་ཁུན་མིང་རུ་ཁག་ལས་ཕམ་པ།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མཚམས་སྤྲིན་འོག་གི་སུམ་རྩེན་གླིང་།

“གངས་ལྗོངས་རྩེར་ཐོན་ཆང་བསྙལ།མཐོ་སྒང་སྤུས་ལེགས་ཐོན་རྫས”སེམས་ཀྱི་ཉི་ཟླའི་རྒུན་ཆང་ཐོན་ཁུལ་དང་སྤུས་རྟགས་ཆང་བསྙལ་བཟོ་གྲྭའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com