中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

“གངས་ལྗོངས་རྩེར་ཐོན་ཆང་བསྙལ།མཐོ་སྒང་སྤུས་ལེགས་ཐོན་རྫས”སེམས་ཀྱི་ཉི་ཟླའི་རྒུན་ཆང་ཐོན་ཁུལ་དང་སྤུས་རྟགས་ཆང་བསྙལ་བཟོ་གྲྭའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

ཁྱབ་བསྒྲགས་དུས་ཚོད་:2026-06-15 15:36:25

ཟླ་6པའི་ཚེས་13ཉིན་ཡུན་ནན་ཞིང་ཆེན་ཚོང་དོན་ཐིང་དང་། བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་“གངས་ལྗོངས་རྩེར་ཐོན་ཆང་བསྙལ། མཐོ་སྒང་སྤུས་ལེགས་ཐོན་རྫས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སེམས་ཀྱི་ཉི་ཟླའི་རྒུན་ཆང་ཐོན་ཁུལ་དང་སྤུས་རྟགས་ཆང་བསྙལ་བཟོ་གྲྭའི་ཡོངས་བསྒྲགས་ཚོགས་འདུ་དེ་སྐབས་10པའི་ཀྲུང་གོ་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་ཀྱི་འགྲེམས་ཁང་ཨང་7པའི་འགོ་འཛུགས་ཚོམས་ཆེན་དུ་འཚོགས་ཤིང་། དེའི་དམིགས་ཡུལ་ནི་གཅིག་སྡུད་ཐོག་སེམས་ཀྱི་ཉི་ཟླའི་ཁྱད་ལྡན་རྒུན་ཆང་ཐོན་ཁུལ་དང་ས་གནས་དེ་གའི་སྤུས་ལེགས་སྤུས་རྟགས་ཀྱི་ཆང་བསྙལ་བཟོ་གྲྭ་འོས་སྦྱོར་དང་། ཐོན་ཁུལ་གྱི་མིང་བྱང་གསལ་བཟོ་དང་ཐོན་ལས་མཉམ་ལས་གཏིང་ཟབ་བྱེད་པར་ཕན་པ་ཡོད།

ཡུན་ནན་ཞིང་ཆེན་ཚོང་དོན་ཐིང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཐིང་ཀྲང་ལི་ཁྲའོ་ཝེ་དང་། བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཀྲང་ཝེ་ཏུང་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།

ལི་ཁྲའོ་ཝེ་ཡིས་ཤིས་ཚིག་གསུང་སྐབས། 2025ལོར་ཡུན་ནན་གྱི་རྒུན་ཆང་ཐོན་ལས་ལྡོག་འཕར་བྱུང་ནས་ལོ་ཧྲིལ་པོའི་ཐོན་ཚད་དུས་མཚུངས་ལས་3.5%འཕར་བ་དང་། ཤིང་འབྲས་ཨ་རག་དང་སྦྱོར་བཟོ་བྱས་པའི་ཨ་རག་ཐོན་ཚད་ཆན་སྟོང་ཧྲེང་11489ཟིན་པ་དེ་དུས་མཚུངས་ལས་51.8%འཕར་བ་དང་དེ་ནི་རྒྱལ་ཡོངས་ཀྱི་ཨ་རག་ཐོན་ལས་མགྱོགས་མྱུར་འཕར་བའི་ཁྱད་ལྡན་ས་ཁོངས་ཀྱི་འགྲན་ལམ་ཞིག་རེད། གོམ་སྟབས་རྗེས་མར་སྤུས་ཚད་དང་། སྤུས་རྟགས། ཐོན་ཚོང་། མཉམ་འདྲེས་བཅས་གཙོ་གནད་བཞིར་དམིགས་ནས་གནད་སྨིན་ཤུགས་འདོན་བྱས་ཏེ་“ཡུན་ནན་ས་མཐོའི་རྒུན་ཆང”གི་ཞིང་ཆེན་རིམ་པའི་སྤྱི་པའི་སྤུས་རྟགས་སྐྱེད་སྲིང་དང་རྒུན་ཆང་ཐོན་ལས་དེ་རིག་གནས་ཡུལ་སྐོར་དང་བདེ་ཐང་ལུས་གསོ་ལ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་ས་མཐོའི་ཡུལ་སྲོལ་ཐོན་ཁུངས་དེ་ཐོན་ལས་ཀྱི་ཕན་འབྲས་དང་དམངས་འཚོའི་ཕན་འབྲས་སུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བསྟན་བྱུང་།

ཀྲང་ཝེ་ཏུང་གིས་ཤིས་ཚིག་གསུང་སྐབས་བདེ་ཆེན་རྒུན་ཆང་གི་འཕེལ་རྒྱས་ལོ་རྒྱུས་ལ་ཕྱིར་དྲན་གནང་བ་རེད། ཁོང་གིས་2023ལོར་བདེ་ཆེན་ལ་“ཀྲུང་གོའི་ས་བབ་མཐོ་བའི་སྤུས་ལེགས་རྒུན་ཆང་ཐོན་ཁུལ”གྱི་མཚན་སྙན་ཐོབ་ནས་རྒྱལ་ཁབ་ཕྱི་ནང་ཀུན་གྱིས་ཁས་ལེན་པའི་རྒུན་ཆང་ཐོན་ཁུལ་རྩེ་གྲའི་གྲས་སུ་དངོས་སུ་ཚུད་ཡོད། མིག་སྔར་ཁུལ་ཡོངས་ཀྱི་ཨ་རག་བསྙལ་བའི་རྒུན་འབྲུམ་འདེབས་འཛུགས་ཁྱོན་མུའུ་ཁྲི་1.05བརྟན་པོ་ཡོད་པ་དང་ལོ་གཅིག་གི་སྤུས་ལེགས་ཨ་རག་བསྙལ་བའི་རྒུན་འབྲུམ་ཏུན་3500ལྷག་ཙམ་ཟིན་ནས་ལས་རྣམ་འཐུས་སྒོ་ཚང་བ་དང་སྐས་རིམ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། “གནས་མཆོག”དང་“ཨའོ་ཡུན”སོགས་ཐོན་རྫས་ནི་ལས་རིགས་ཀྱི་ཚད་གཞི་མཐོ་ཤོས་སུ་བརྟན་པོར་གནས་ཡོད་ཅེས་གསུངས། ཁོང་གིས་ལྷག་བསམ་ཟོལ་མེད་ངང་ལས་རིགས་ཁག་གི་གྲོགས་པོ་ཚོ་བདེ་ཆེན་དུ་ཕེབས་ནས་སྤུས་ལེན་རྒུན་ཆང་ཉམས་སུ་མྱོང་བ་དང་། མ་རྩ་བཏང་ནས་ལས་རིགས་འཕེལ་བར་གདན་འདྲེན་ཞུས་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་སེམས་ཀྱི་ཉི་ཟླའི་རྒུན་ཆང་ཐོན་ཁུལ་གྱི་ལེགས་ཆར་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་དང་དེའི་རྗེས་སུ་ཐོན་ཁུལ་དུ་ཡོངས་བསྒྲགས་མཛད་སྒོ་འཚོགས་པ་རེད། སེམས་ཀྱི་ཉི་ཟླའི་ཆང་ལས་མ་རྐང་ཚད་ཡོད་ཀུང་སི་དང་། མིང་གཡོད་ཤོན་ཉི་ཧྲེ་སེམས་ཀྱི་ཉི་ཟླ་(འཇོལ)ཆང་ལས་ཚད་ཡོད་ཀུང་སི། ཡུན་ནན་ཧྲན་ཅང་ཀུའུ་རྒུན་ཆང་ཚད་ཡོད་ཀུང་སི། ཡུན་ནན་བོད་ཡུལ་ཐེན་ཞང་ཨ་རག་ལས་རིགས་ཚད་ཡོད་ཀུང་སི་བཅས་ཀྱིས་རིམ་པ་བཞིན་སྤུས་རྟགས་དང་ཐོན་རྫས་གསར་པ་འོས་སྦྱོར་བྱས་པ་རེད། ཁུལ་རིག་གནས་ཡུལ་སྐོར་གཞུང་ཕྱོགས་ཀྱིས་རྒུན་ཆང་བཟོ་གྲྭའི་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་འོས་སྦྱོར་བྱས་པ་དང་ཁུལ་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཚོང་འགུགས་འོས་སྦྱོར་བྱས་པ་རེད། ས་གནས་ས་ཐོག་ཏུ་མཉམ་ལས་ཀྱི་མཛད་སྒོའང་འཚོགས་པ་རེད།

མ་ལེ་ཞི་ཡ་དང་། བྷང་ག་ལ། ཁུན་མིང་དུ་བཅའ་སྡོད་བྱེད་པའི་ལོ་སི་རྒྱལ་ཁབ་ཀྱི་དཔོན་རིགས་བཅས་མཛད་སྒོར་ཞུགས་ཡོད། རང་ཁུལ་གྱི་འགོ་ཁྲིད་དབྱང་ཞུའེ་ཝུན་དང་། ལིན་ཧའོ། ཀྲོང་ཞའོ་ཕིང་། ཀྲུང་གོ་གཡོས་སྦྱོར་མཐུན་ཚོགས། ཀྲུང་གོ་ཨ་རག་ལས་རིགས་མཐུན་ཚོགས། རྒྱལ་ཁབ་ཤིང་ཏོག་དང་སྔོ་ཚལ་ལས་སྣོན་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས། ཤིན་ཧྭ་གསར་འགྱུར་ཁང་ཡུན་ནན་ཡན་ལག་ཁང་། ཤང་ཀང་ཚོང་དོན་འཕེལ་རྒྱས་ཅུས་ཁྲེང་ཏུའུ་དོན་གཅོད་ཁྲུའུ་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་མཛད་སྒོར་ཞུགས་ཡོད།


  • བདེ་ཆེན་གསར་འགྱུར།

“གངས་ལྗོངས་རྩེར་ཐོན་ཆང་བསྙལ།མཐོ་སྒང་སྤུས་ལེགས་ཐོན་རྫས”སེམས་ཀྱི་ཉི་ཟླའི་རྒུན་ཆང་ཐོན་ཁུལ་དང་སྤུས་རྟགས་ཆང་བསྙལ་བཟོ་གྲྭའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།

ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།

ཁུན་མིང་དང་བདེ་ཆེན་གྱིས་མཛའ་མཐུན་མཉམ་ལས་ཀྱི་ཚོགས་འདུ་འཚོགས།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཐད་ཚུར་ལན་བཅར་འདྲི་བྱས།

བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་འགྲན་བསྡུར་ཚོགས་ལ་ཉེ།

བདེ་ཆེན་གྱི་རྒྱུགས་སྤྲོད་སློབ་མ་1883ད་ལོའི་མཐོ་རྒྱུགས་ལ་ཞུགས།

ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས་ནན་པོ་དང་ཞིབ་ཚགས། ཆད་བཤེར་ཆད་གསབ་བཅས་བྱས་ཏེ་མཐོ་རྒྱུགས་བརྟན་ལ་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com