ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།

ཟླ་6པའི་ཚེས་9ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས་པ་མ་ཟད། སློབ་གྲྭ་དང་ས་གནས་ཀྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། ཕྱོགས་གཉིས་ཀྱི་མཉམ་ལས་ཕན་འབྲས་ལ་ཕྱིར་དྲན་བྱས་ཤིང་། རྗེས་མའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཁ་ཕྱོགས་ལ་མཉམ་དུ་གྲོས་མོལ་བྱས་ནས། འཐབ་ཇུས་མཉམ་ལས་གྲོས་ཆིངས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་།
ཡུན་ནན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲོའུ་ཞུའེ་པིན་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཡུན་ནན་སློབ་ཆེན་གྱི་སློབ་གཙོ་མ་ཝུན་ཧུའེ་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་བཞུགས་མོལ་ཚོགས་འདུར་ཞུགས།
ཞུགས་མོལ་ཚོགས་འདུའི་ཐོག ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས།ཡུན་ནན་སློབ་ཆེན་གྱིས་དུས་ཡུན་རིང་པོའི་ནང་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། ཕྱོགས་གཉིས་ཀས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་ནས་བཟུང་། སློབ་གྲྭ་དང་ས་གནས་ཀྱིས་ལག་གདང་སྦྲེལ་ནས་མཉམ་ལས་དམ་ཟབ་བྱས་ཏེ། སློབ་གསོའི་རོགས་སྐྱོར་དང་སྨན་བཅོས་ཞབས་ཞུ། སྐྱེ་ཁམས་སྲུང་སྐྱོང་། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་མ་ཟད་ཀུན་ལ་ངོ་མཚར་བསྟན་ཡོད་ཅེས་སྟོན། ཁོང་གིས། ཕྱོགས་གཉིས་ཀས་མུ་མཐུད་ལག་གདང་སྦྲེལ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་། འཛམ་གླིང་གི་“སེམས་ཀྱི་ཉི་ཟླ་”ཞེས་པའི་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་དང་དེ་བཞིན་དམངས་འཚོའི་ཁྱབ་ཁོངས་ཐད་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ལྷག་པར་དུ་བདེ་ཆེན་གྱི་རྨང་གཞིའི་སློབ་གསོ་དང་ལས་རིགས་སློབ་གསོ། གཞི་རིམ་སྨན་བཅོས་ཞབས་ཞུ་བཅས་ཀྱི་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས། བདེ་ཆེན་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ཞབས་ཞུའི་འགན་ལེན་ལས་དོན་ཡག་པོ་སྒྲུབ་སྟེ། རང་འགུལ་ངང་དགོས་མཁོ་དང་སྦྲེལ་མཐུད་བྱེད་པ་དང་ལས་ཀའི་འགན་འཁྲི་ནན་དུ་བཏང་ནས། ནུས་ཤུགས་ཡོད་རྒུས་མཉམ་ལས་བྱེད་པའི་དོན་ཚན་ཁག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་སྟོན། ཕྱོགས་གཉིས་ཀས་ཐེངས་འདིའི་བཞུགས་མོལ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས།རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱས་ཏེ། ལག་གདང་སྦྲེལ་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་བཏང་ནས། བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པའི་རེ་བ་བཏོན།
ཀྲོའུ་ཞུའེ་པིན་གྱིས་ལུའོ་ཁྲའོ་ཧྥེང་དང་བཅས་པ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་བདེ་ཆེན་ཁུལ་གྱིས་དུས་ཡུན་རིང་པོའི་ནང་ཡུན་ནན་སློབ་ཆེན་གྱི་“རྩེ་གྲས་གཉིས་”འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར། རོགས་རམ་བྱེད་པར་ཐུགས་རྗེ་ཆེ་ཞུས། ཁོང་གིས། མཐའ་མཚམས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་ནི་ཡུན་ནན་སློབ་ཆེན་གྱི་ཆབ་སྲིད་ཀྱི་འགན་འཁྲི་ཡིན་པས། ཕྱོགས་གཉིས་ཀའི་མཛའ་གྲོགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་ལྡན། ཡུན་ནན་སློབ་ཆེན་གྱིས་མཉམ་ལས་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལོ་འཁོར་གྱི་ལས་ཀའི་འཆར་གཞི་ཞིབ་ཚགས་སུ་བཏང་ནས། མཉམ་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་། ཡུལ་སྐོར་འཕེལ་རྒྱས། སློབ་གསོ་སྨན་བཅོས་སོགས་ཁྱབ་ཁོངས་སུ་གནད་སྨིན་ཤུགས་འདོན་བྱས་ཏེ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་བདེ་ཆེན་དུ་དོན་འཁྱོལ་བྱེད་པར་སྐུལ་འདེད་མགྱོགས་སུ་གཏོང་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད་ཅེས་བསྟན།
ཚོགས་འདུ་མ་འཚོགས་སྔོན། ལུའོ་ཁྲའོ་ཧྥེང་དང་བཅས་པས་ཡུན་ནན་སློབ་ཆེན་གྱི་སློབ་གྲྭའི་ལོ་རྒྱུས་ཁང་དུ་ལྟ་སྐོར་བྱས་ཏེ། ཡུན་ནན་སློབ་ཆེན་གྱི་ལོ་བརྒྱའི་སློབ་གཉེར་ལོ་རྒྱུས་དང་རིག་ཚན་འཛུགས་སྐྱོང་། ཚན་ཞིབ་གྲུབ་འབྲས། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས།
ཁུལ་གྱི་འགོ་ཁྲིད་ཀྲུའུ་ཧུང་དང་ཞུས་ཀོང་ཏེ། ཡུན་ནན་སློབ་ཆེན་གྱི་འགོ་ཁྲིད་ཀྲང་ཝེ། ཝུའུ་ཅན་ཏེ། ཝང་ཨའེ་ཕིང་། ཏོན་ཤིན་ཝུའུ། ཕེང་ཡུན་ཀྲུའུ་བཅས་ཚོགས་འདུར་ཞུགས།
འགན་འཁུར་རྩོམ་སྒྲིག་པ།:仁欠才让
- བདེ་ཆེན་གསར་འགྱུར།
བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་སུ་བསྐྱོད་ནས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།
བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ།
དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་དྲིས་ལན་བཏབ་པ། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།
གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨ་པུའུ་ཅི་མཚོ་རུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་དུ་བཏང་ནས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་བརྟག་ཞིབ་གནང་བ།
གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་བཏང་ནས་ཏང་ཡོན་གྱི་གདོང་ལེན་གྱི་མཐིལ་གསལ་པོ་ཕྱིས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105་འཁོར་བའི་བདེ་ཆེན་ཁུལ་གྱི་“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་”གི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།
བདེ་ཆེན་ཁུལ་གྱིས་“སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིང་ལ་གཏོད་”ཅེས་པའི་སྤྱོད་གཙང་རིག་གནས་འཆད་ཁྲིད་སྤེལ་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108