བདེ་ཆེན་རུ་ཁག་རྐང་རྩེད་སྤོ་ལོའི་ཆད་གྲུག་ཁྲོད་ཁུན་མིང་རུ་ཁག་ལས་ཕམ་པ།

ཟླ6ཚེས་13ཉིན་གྱི་དགོང་མོར2025/2026ལོའི་ཧྥུའུ་ཏེན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་(ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན)ལས་མཐའ་བསྡུར་གྱི་བཞི་ཆའི་གཅིག་གི་རྟིང་རྩོད་འགྲན་བསྡུར་དེ་ཁུན་མིང་གྲོང་ཁྱེར་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་ནས་འགོ་ཚུགས་པ་དང་།བདེ་ཆེན་རུ་ཁག་གིས་མགྲོན་རའི་ཐོག་ཁུན་མིང་རུ་ཁག་དང་འགྲན་བསྡུར་བྱས་ཡོད།ཕྱོགས་གཉིས་པོས་འགྲན་རྩོད་སྐར་མ་90བྱས་ཀྱང་རྒྱལ་ཕམ་གྱི་དབྱེ་བ་འབྱེད་མ་ཐུབ་རུང་མཐར་བདེ་ཆེན་རུ་ཁག་རྐང་རྩེད་སྤོ་ལོའི་ཆད་གྲུག་ཁྲོད་ཁུན་མིང་རུ་ཁག་འགྲན་ཕམ་བྱུང་ནས་སྐབས་འདིའི་འགྲན་མཚམས་ལ་བདེ་མོ་འཇོག་དགོས་བྱུང་།

ཕྱེད་འགྲན་སྔ་མར་གཞི་ར་ཐོབ་པའི་ཁུན་མིང་རུ་ཁག་གིས་ཕར་རྒོལ་དྲག་པོ་བྱས་པ་དང་། མཐའ་ལམ་ནས་རེས་མོས་ངང་ཚད་བརྒལ་བྱུང་བ་དང་། དབུས་ལམ་ནས་བསྟུད་མར་ཡུན་ཐུང་སིམ་འཛུལ་བྱས། མཐའ་འཁོར་གྱི་རྒྱང་འཕེན་དང་བཀག་སྡོམ་ཁུལ་གྱི་མྱུར་བཟོའི་དབར་ཟུང་འབྲེལ་བྱས་ཏེ་གཅིག་རྗེས་གཉིས་མཐུད་ངང་བདེ་ཆེན་རུ་ཁག་གི་འགོག་སྲུང་འཛིང་རགས་ལ་རྡབ་རྡེག་བཏང་བ་རེད། བདེ་ཆེན་རུ་ཁག་གིས་འཕྲལ་མར་རྩལ་འགྲན་གྱི་རྣམ་པའི་ཐོག་ནས་འགོག་སྲུང་འཛིང་རགས་བརྟན་པོར་སྲུང་ནས་བབ་བརླིང་ངང་ཁ་གཏད་བཅག་པ་དང་། འགོག་སྲུང་འཛིང་རགས་རྗེས་མའི་རུ་མི་དུས་ཐོག་ཏུ་ཁ་གསབ་བྱས་པ་ནས་ཧབ་ཐོབ་ཐེངས་མང་བརྒྱབ་པ་དང་། བར་ཐག་ཉེ་ས་ནས་སྒོ་བཀག་པ་བཅས་བྱས་ཏེ་སྒོའི་མདུན་གྱི་ཉེན་ཁ་ཐེངས་མང་བསལ་བ་རེད། ཕྱོགས་གཉིས་པོས་ཕན་ཚུན་འགྲོ་འོང་དང་། ཕར་རྒོལ་དང་འགོག་སྲུང་བརྗེ་སྒྱུར་གྱི་མྱུར་ཚད་ཧ་ཅང་མགྱོགས་པོ་དང་། འགྲན་རའི་ཐོག་ལུས་ཕུང་གི་འགྲན་རྒོལ་གྱི་ཛ་དྲག་ཤིན་ཏུ་ཆེ། ཕྱེད་འགྲན་སྔ་མའི་དུས་ཚོད་ལོན་པ་ན་བསྡུར་གྲངས་སྔར་བཞིན0:0ཡིན་པ་དང་རྒྱལ་ཕམ་ཐག་གཅོད་ཀྱི་འདུན་པ་ཕྱེད་འགྲན་ཕྱི་མར་བསྐྱུར་དགོས་བྱུང་།


སླར་ཡང་འགྲན་རྩོད་བྱས་པ་དང་ཕྱོགས་གཉིས་པོས་རུ་དཔུང་བཏང་ནས་འཐབ་རྩལ་བཀོད་སྒྲིག་དང་ལེགས་སྒྲིག་བྱས་ཏེ་འགྲན་བསྡུར་གྱི་འགྲན་རྒོལ་བྱེད་ཤུགས་ཆེ་རུ་བཏང་བ་རེད། ཁུན་མིང་རུ་ཁག་གིས་སྤོ་ལོའི་གནོན་ཤུགས་རྒྱུན་མཐུད་ངང་ཚོད་འཛིན་བྱས་ཏེ་ཞིབ་ཅིང་ཕྲ་བའི་ས་ངོས་དང་གཞོགས་འདེགས་བྱས་པ་བརྒྱུད་བཀག་སྡོམ་ཁུལ་དུ་འཐབ་འཛིང་གི་ཉེན་ཁ་ཐེངས་མང་བཟོས་ཡོད། བདེ་ཆེན་རུ་ཁག་གིས་ཕར་རྒོལ་གྱི་འཐབ་རྩལ་བསམ་ཕྱོགས་བརྟན་སྲུང་མཐའ་འཁྱོངས་བྱས་ཏེ་ཕར་ཕྱོགས་ཀྱི་སྐོར་རྒོལ་འགོག་པ་དང་ཆབས་ཅིག་ཕར་རྒོལ་གྱི་མྱུར་ཚད་ལ་བརྟེན་ནས་ཕར་ཕྱོགས་ཀྱི་རྒྱབ་ངོས་འགོག་སྲུང་འཛིང་རགས་ལ་ཡང་ཡང་རྡབ་རྡེག་བཏང་ཡང་མཐར་སྤོ་ལོ་འཛུལ་མ་ཐུབ་པ་རེད། འགྲན་བསྡུར་མཇུག་འགྲིལ་རྗེས་ཕྱོགས་གཉིས་པོའི་གཟུགས་པོའི་སྟོབས་ཤུགས་ཇེ་ཞན་དུ་སོང་ཡོང་། འོན་ཀྱང་འགྲན་རའི་ཐོག་ཛ་དྲག་ཆེ་བའི་འགོག་རྒོལ་གྱི་རྣམ་པ་ཅུང་ཟད་ཀྱང་ཉེ་ཆུང་དུ་སོང་མེད། སྐར་མ་90རིང་གི་རྒྱུན་གཏན་གྱི་དུས་ཚོད་ནང་ཕྱོགས་གཉིས་པོས་སྔར་བཞིན་མཐོ་དམན་གྱི་དབྱེ་བ་འབྱེད་དཀའ་བ་དང་།0:0ཡི་བསྡུར་གྲངས་ཀྱིས་འགྲན་བསྡུར་དེ་གདུག་རྩུབ་ཆེ་བའི་ཆད་གྲུག་གི་རིམ་པར་སླེབས།


ཆད་གྲུག་གི་གོ་རིམ་ནང་དུ་འགྲན་ར་ཡོངས་སུ་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས།ཁུན་མིང་རུ་ཁག་གིས་ནུས་པ་འདོན་སྤེལ་ཡག་པོ་བྱས་མཐར་3:1གི་བསྡུར་གྲངས་ཐོག་ནས་རྒྱལ་ཁ་ཐོབ་པ་དང་བདེ་ཆེན་རུ་ཁག་ཨང་རིམ་བརྒྱད་པ་ལས་བརྒལ་མཚམས་བཞག


ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ཁྲོད་བདེ་ཆེན་རུ་ཁག་གིས་ཐེངས་རེ་རེའི་དཀའ་ཁག་སེལ་ནས་ཨང་རིམ་བརྒྱད་པའི་བར་ཐོན་པ་དང་། འགྲན་ཐེངས་རེ་རེར་ནུས་ཤུགས་ཡོད་རྒུ་བཏོན་ནས་འགྲན་རའི་ཐོག་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དང་གཤིས་རྒྱུད། མཐུན་སྒྲིལ་མཉམ་ལས་ཀྱི་ལུས་རྩལ་སྙིང་སྟོབས་མངོན་པར་བྱས་ཡོད། གོམ་གང་མདུན་སྤོས་བྱེད་མ་ཐུབ་ཀྱང་སྤོ་ལོ་རུ་ཁག་གིས་འགྲན་ཡ་དང་ས་གནས་ས་ཐོག་གི་སྤོ་ལོ་ཞེན་མིའི་བརྩི་འཇོག་ཐོབ་ཡོད། རྗེས་མར་སྤོ་ལོ་རུ་ཁག་གིས་སྐབས་འདིའི་འགྲན་བསྡུར་གྱི་ཐོབ་ཤོར་ཕྱོགས་ཡོངས་ནས་སླར་གསོ་དང་། ནན་ཏན་གྱིས་ཉམས་མྱོང་ཕྱོགས་སྡོམ། ལག་རྩལ་དང་འཐབ་རྩལ་གྱི་ཞན་ཆ་གསབ་པ་བཅས་བྱས་ཏེ་འབྱུང་འགྱུར་གྱི་འགྲན་རར་མུ་མཐུད་འབད་འབུངས་ཡར་བརྩོན་བྱ་རྒྱུ་རེད།
- བདེ་ཆེན་གསར་འགྱུར།
བདེ་ཆེན་རུ་ཁག་རྐང་རྩེད་སྤོ་ལོའི་ཆད་གྲུག་ཁྲོད་ཁུན་མིང་རུ་ཁག་ལས་ཕམ་པ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མཚམས་སྤྲིན་འོག་གི་སུམ་རྩེན་གླིང་།
“གངས་ལྗོངས་རྩེར་ཐོན་ཆང་བསྙལ།མཐོ་སྒང་སྤུས་ལེགས་ཐོན་རྫས”སེམས་ཀྱི་ཉི་ཟླའི་རྒུན་ཆང་ཐོན་ཁུལ་དང་སྤུས་རྟགས་ཆང་བསྙལ་བཟོ་གྲྭའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།
ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཁུན་མིང་དང་བདེ་ཆེན་གྱིས་མཛའ་མཐུན་མཉམ་ལས་ཀྱི་ཚོགས་འདུ་འཚོགས།
བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཐད་ཚུར་ལན་བཅར་འདྲི་བྱས།
བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་འགྲན་བསྡུར་ཚོགས་ལ་ཉེ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108