中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་དང་ཞིང་ཆེན་རིམ་པའི་ཟུར་ཞུགས་ཟུར་ཉན་ལས་དོན་ཚོགས་ཆུང་ཚོགས་འདུར་མཛུབ་ཁྲིད་གནང་བ།

རྩོམ་པ་པོ་:和泰君 ཁྱབ་བསྒྲགས་དུས་ཚོད་:2026-06-18 15:00:39
图片

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་6པའི་ཚེས་17ཉིན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བདུན་པ་སྤེལ་བ།

ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སློབ་སྦྱོང་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཞིང་ཆེན་རིམ་པའི་ཟུར་ཉན་ལས་དོན་ཚོགས་ཆུང་གི་ཚོགས་ཆུང་བདུན་པའི་སྣེ་ཁྲིད་འགོ་ཁྲིད ཞིང་ཨུའི་ཏང་གི་སློབ་གྲྭ་(ཡུན་ནན་སྲིད་འཛིན་སློབ་གླིང)ཡི་ཞའོ་ཡོནཀྲང་ཀྲང་ཀྲི་ཅུན་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ།

ཚོགས་འདུའི་ཐོག་《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་རིམ་སྤེལ་འཆད་ཁྲིད》ཀྱི་ལེའུ་གཉིས་པ་《ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེདལ་ལྟ་བ། ལི་ཡན་ལན ཞུང་ཝུན་པིན ལིན་ཧའོ ཁྲེན་ཚུང་བཅས་ཀྱིས་སློབ་སྦྱོང་གི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་གཏམ་བཤད་གནང་བ།

ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། “རྒྱུན་འཁྱོངས་བཅུ་གཉིས”ཀྱི་སྲོག་ཤིང་དོན་སྙིང་དང་། རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་ཕུན་སུམ་ཚོགས་པའི་ནང་དོན་ཡང་དག་པའི་ངང་ཁོང་དུ་ཆུད་པ། དེའི་ཁྲོད་ཀྱི་ལངས་ཕྱོགས་དང་། ལྟ་ཚུལ། བྱེད་ཐབས་བཅས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱས་ཏེ་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ།ཤེས་དད་སྦྱོར་གསུམ་གཅིག་འགྱུར་རྒྱུན་འཁྱོངས་བྱེད་པ། སློབ་སྦྱོང་གི་ཕན་འབྲས་དེ་ཁྲིམས་སྐྱོང་བདེ་ཆེན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་བསྒྱུར་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་ནས་ཏང་ཨུས་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད། སྲིད་གཞུང་གིས་རྒྱབ་རྟེན། ཕྱོགས་ཁག་ཞུགས་པ་བཅས་ཀྱི་ཁྲིམས་འཛུགས་ལས་དོན་གྱི་རྣམ་པ་འཐུས་སྒོ་ཚང་དུ་བཏང་སྟེ་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ངང་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།  ཁྲིམས་འཛིན་ནན་པོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་ལྟར་ཇུས་ཐག་གཅོད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ སྲིད་འཛིན་གྱི་ཁྲིམས་མཐུན་ཐབས་ཇུས་རང་བཞིན་ལ་ཞིབ་བཤེར་ནན་པོ་བྱེད་པ སྲིད་འཛིན་ཁྲིམས་འཛིན་ཚད་ལྡན་ཅན་གྱིས་འཛུགས་སྐྱོང་དང་སྲིད་འཛིན་བསྐྱར་གྲོས་ཀྱི་སྲིད་འཛིན་རྩོད་གཞི་སེལ་བའི་ཐབས་ལམ་གཙོ་བོའི་ནུས་པར་ཤུགས་སྣོན་རྒྱག་པ སྲིད་འཛིན་ཁྲིམས་འཛིན་གྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཁྲིམས་འཛིན་དྲང་གཞག་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཁྲིམས་འཛིན་གྱོད་སྒྲུབ་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ ཁྲིམས་འཛིན་དྲང་གཞག་མངོན་འགྱུར་དང་གདེང་འཇོག་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ ཁྲིམས་འཛིན་བྱ་སྤྱོད་ལ་ཐེ་ཇུས་བྱ་རྒྱུ་གཏན་འགོག་ནན་པོ་བྱེད་པ ཁྲིམས་འཛིན་བྱེད་སྒོའི་ལྷུ་ཚིགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དེ་ཁྲིམས་འཛིན་གྱི་སྤུས་ཚད་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

ལུའོ་ཁྲའོ་ཧྥེང་གིས་བླང་བྱ་བཏོན་དོན། ཏང་གིས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་《ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་འགོ་ཁྲིད་བྱེད་པའི་ལས་དོན་སྲོལ་ཡིག》སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་དང་། ཁྲིམས་འཛིན་འགན་ལེན། ཁྲིམས་འཛིན་ལ་རྒྱབ་སྐྱོར། ཁྲིམས་འཛིན་ལ་སྣེ་ཁྲིད་བཅས་ཀྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་དགོས།

ཀྲང་ཀྲི་ཅུན་གྱིས་དཔྱད་བརྗོད་བྱེད་སྐབས་བསྟན་དོན། ད་ཐེངས་ཀྱི་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དེ་བདེ་ཆེན་ཁུལ་གྱི་ཁྲིམས་སྐྱོང་ལས་དོན་གྱི་ལག་ལེན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མ་ཡིག་སྦྱོང་རྒྱུ་དེ་བརྙན་ལམ་ལྟ་བ་དང་སྤེལ་རེས་བགྲོ་གླེང་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་ཡིད་དབང་འཕྲོག་ཤུགས་ཆེ་རུ་དང་སློབ་སྦྱོང་གི་ཕན་འབྲས་ཆེ་རུ་བཏང་བ། གོམ་སྟབས་རྗེས་མར། སྤེལ་རེས་བགྲོ་གླེང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། སློབ་སྦྱོང་བྱེད་སྟངས་ཕུན་སུམ་ཚོགས་སུ་གཏོང་བ། “ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཐད་ཆབ་སྲིད་སློབ་སྦྱོང་རྩ་བར་འཛིན་པའི”ངེས་གནས་མཐའ་འཁྱོངས་ཡག་པོ་བྱེད་པ། ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་གི་སློབ་སྦྱོང་སློབ་གསོའི་ཁྲོད་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱེད་དེ། ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་ཁོངས་མི་དང་། ཁུལ་དམངས་འཐུས་རྒྱུན་ཨུ་དང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཚན་པའི་ཁོངས་མི ཁུལ་ཁྲིམས་ཁང་གི་ཡོན་ཀྲང་། ཁུལ་ཞིབ་དཔྱོད་ཁང་། ཁུལ་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་འབྲེལ་ཡོད་བློ་མཐུན་བཅས་སློབ་སྦྱོང་ལ་ཞུགས ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཞུགས།

འགན་འཁུར་རྩོམ་སྒྲིག་པ།:卓玛央初

  • བདེ་ཆེན་གསར་འགྱུར།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་དང་ཞིང་ཆེན་རིམ་པའི་ཟུར་ཞུགས་ཟུར་ཉན་ལས་དོན་ཚོགས་ཆུང་ཚོགས་འདུར་མཛུབ་ཁྲིད་གནང་བ།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་གྲོས་ཚོགས་ཐེངས་83པ་འཚོགས་པ།

འགྲན་རའི་ཕུགས་འདུན་སྙེགས་ནས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་འབད་འཐབ་བྱེད་པ།——བདེ་ཆེན་རུ་ཁག་གིས2025/2026ལོའི་འགྲན་དུས་ཀྱི་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་གྱི་རྒྱང་སྐྱོད་ལམ་ཚད་དངོས་བྲིས།

ཞོགས་པ་བདེ་ལེཊ།འཛམ་གླིང་གི་སེམས་ཀྱི་ཉི་ཟླ།ཡང་ཐང་གི་རེ་ལྕག་མེ་ཏོག

ཡུན་ནན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་རྨང་གཞི་བརྟན་དུ་བཏང་བ།

བདེ་ཆེན་རུ་ཁག་རྐང་རྩེད་སྤོ་ལོའི་ཆད་གྲུག་ཁྲོད་ཁུན་མིང་རུ་ཁག་ལས་ཕམ་པ།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མཚམས་སྤྲིན་འོག་གི་སུམ་རྩེན་གླིང་།

“གངས་ལྗོངས་རྩེར་ཐོན་ཆང་བསྙལ།མཐོ་སྒང་སྤུས་ལེགས་ཐོན་རྫས”སེམས་ཀྱི་ཉི་ཟླའི་རྒུན་ཆང་ཐོན་ཁུལ་དང་སྤུས་རྟགས་ཆང་བསྙལ་བཟོ་གྲྭའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com