中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གཏེར་མ་རོང་ཤང་སློབ་ཆུང་དུ་ཞིང་ཨུའི་སྐོར་གཟིགས་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་བརྟག་ཞིབ་གནང་བར་ཕེབས་སྐབས་དག་ཐེར་འཕེལ་རིམ་མགྱོགས་སུ་བཏང་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་སེལ་དགོས་པའི་ནན་བཤད་གནང་བ།

རྩོམ་པ་པོ་:黄晓丽 陈杰 ཁྱབ་བསྒྲགས་དུས་ཚོད་:2026-06-18 15:03:46
图片
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་6པའི་ཚེས་17ཉིན ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་སློབ་ཆུང་དུ་ཕེབས་ནས་ཞིང་ཨུའི་རེས་སྐོར་བརྒྱད་པའི་སྐོར་གཟིགས་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་གནང་བ། ཁོང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་གཟིགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐོར་གཟིགས་དག་ཐེར་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། གལ་ཆེ་ཆུང་དང་དལ་བྲེལ་གསལ་པོ་འབྱེད་པ། གཏེར་མ་རོང་ཤང་སློབ་ཆུང་གི་ལུས་རྩལ་ཐང་གི་འཕྲལ་སྡོམ་ཉེན་སེལ་རྣམ་གྲངས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་སེལ་བ་བཅས་བྱས་ནས་སྐོར་གཟིགས་ཚུར་ལན་གནད་དོན་དུས་བཀག་ལྟར་ཐོ་སུབ་ཐུབ་པའི་འགན་ལེན་བྱེད་དགོས།

གཏེར་མ་རོང་ཤང་སློབ་ཆུང་ལུས་རྩལ་ཐང་གི་ཨར་ལས་བྱ་ཡུལ་དུ་ལུའོ་ཁྲའོ་ཧྥེང་གིས་ཨར་ལས་བྱས་ཚུལ་ལ་ལྟ་ཞིབ་ནན་ཏན་དང་། ཨར་ལས་ཀྱི་འཕེལ་རིམ། ཨར་ལས་སྒྲིག་འཛུགས དཀའ་ངལ་ཡོད་པའི་གནད་དོན་བཅས་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་བསྟན་དོན། སྐོར་གཟིགས་དག་ཐེར་ནི་ཆབ་སྲིད་ཀྱི་ལས་འགན་ནན་པོ་ཞིག་ཡིན་པས་ངེས་པར་དུ་རྣམ་འགྱུར་བརྟན་ཤོས་དང་། བྱེད་ཐབས་ནུས་ལྡན། ཚད་གཞི་ནན་ཤོས་བཅས་ཀྱི་ཐོག་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། གཏེར་མ་རོང་ཤང་སློབ་ཆུང་གི་ལུས་རྩལ་ཐང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གནད་དོན་དེ་དགེ་སློབ་ཀྱི་བདེ་འཇགས་དང་རྒྱུན་གཏན་གྱི་སློབ་ཁྲིད་སྒྲིག་ལམ་དང་ཐད་ཀར་འབྲེལ་བ་ཡོད་པས་ངེས་པར་དུ་སྔོན་དུ་བཞག་ནས་ཐག་གཅོད་བྱེད་དགོས།འབྲེལ་ཡོད་སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ་དང་མཉམ་དུ་ཨར་ལས་སྒྲུབ་པ། སློབ་མའི་དབྱར་གསེང་གི་སྐར་ཁུང་དུས་སྐབས་དམ་འཛིན་བྱེད་དེ་ཚན་རིག་དང་མཐུན་པའི་སྒོ་ནས་ཨར་ལས་འཆར་གཞི་བཀོད་སྒྲིག་བྱེད་པ་དང་ཨར་ལས་སྒྲིག་འཛུགས་ལེགས་སུ་གཏོང་བ་བཅས་བྱས་ཏེ་ལས་གྲྭའི་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་ཡུན་ལྡོག་སྒྲིག་དང་འཆར་གཞི་ལྡན་པའི་ངང་ཨར་ལས་སྒྲུབ་པ་བཅས་བྱས་ཏེ་རྣམ་གྲངས་དུས་བཀག་ལྟར་ལེགས་གྲུབ་དང་སྔ་ཙམ་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།གཏེར་མ་རོང་ཤང་སློབ་ཆུང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་རྣམ་གྲངས་མུ་མཐུད་ལག་བསྟར་ཡག་པོ་བྱས་ཏེ་ལུས་རྩལ་ཐང་གི་ནུས་པ་ཕྱོགས་ཡོངས་ནས་སླར་གསོ་བྱས་ནས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལ་བདེ་འཇགས་དང་། སྐྱིད་སྣང་དོད་པ གཙང་སྦྲ་དོད་པ་བཅས་ཀྱི་སློབ་གྲྭའི་ཁོར་ཡུག་ཅིག་གཏོད་དགོས།

ལུའོ་ཁྲའོ་ཧྥེང་གིས་བླང་བྱ་བཏོན་དོན། རིམ་ཁག་སྡེ་ཚན་ཁག་གིས་གཅིག་ཤེས་ཀུན་གྲོལ་དང་སྐོར་གཟིགས་དག་ཐེར་གོ་སྐབས་སུ་བྱས་ཏེ་ཁྱབ་ཁོངས་ཁག་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱེད་དགོས། སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུར་སྣང་ཆེན་བྱས་ནས་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རྗེས་འདེད་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་དུས་བཀག་ལྟར་དག་ཐེར་གནས་ཚུལ་ལ་“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་ཏེ་དག་ཐེར་བྱེད་ཐབས་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། 

ཞུས་ཀོང་ཏེ། ཧོང་ལུང་ཤི དབྱང་ཁའེ་བཅས་ཞུགས་པ།

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གཏེར་མ་རོང་ཤང་སློབ་ཆུང་དུ་ཞིང་ཨུའི་སྐོར་གཟིགས་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་བརྟག་ཞིབ་གནང་བར་ཕེབས་སྐབས་དག་ཐེར་འཕེལ་རིམ་མགྱོགས་སུ་བཏང་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་སེལ་དགོས་པའི་ནན་བཤད་གནང་བ།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་དང་ཞིང་ཆེན་རིམ་པའི་ཟུར་ཞུགས་ཟུར་ཉན་ལས་དོན་ཚོགས་ཆུང་ཚོགས་འདུར་མཛུབ་ཁྲིད་གནང་བ།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་གྲོས་ཚོགས་ཐེངས་83པ་འཚོགས་པ།

འགྲན་རའི་ཕུགས་འདུན་སྙེགས་ནས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་འབད་འཐབ་བྱེད་པ།——བདེ་ཆེན་རུ་ཁག་གིས2025/2026ལོའི་འགྲན་དུས་ཀྱི་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་གྱི་རྒྱང་སྐྱོད་ལམ་ཚད་དངོས་བྲིས།

ཞོགས་པ་བདེ་ལེཊ།འཛམ་གླིང་གི་སེམས་ཀྱི་ཉི་ཟླ།ཡང་ཐང་གི་རེ་ལྕག་མེ་ཏོག

ཡུན་ནན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་རྨང་གཞི་བརྟན་དུ་བཏང་བ།

བདེ་ཆེན་རུ་ཁག་རྐང་རྩེད་སྤོ་ལོའི་ཆད་གྲུག་ཁྲོད་ཁུན་མིང་རུ་ཁག་ལས་ཕམ་པ།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མཚམས་སྤྲིན་འོག་གི་སུམ་རྩེན་གླིང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com