ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《དེང་རབས་ཅན་གྱི་རྒྱལ་སའི་གྲོང་ཚོམས་བར་མཐོངས་མཐུན་སྦྱོར་འཆར་འགོད(2023ལོ་ནས་2035ལོ་བར)》སྐོར་གྱི་མཆན་འགོད་བཀའ་ལན།
པེ་ཅིང་གྲོང་ཁྱེར་དང་། ཐེན་ཅིན་གྲོང་ཁྱེར། ཧོ་པེ་ཞིང་ཆེན་བཅས་ཀྱི་ཏང་ཨུད་དང་མི་དམངས་སྲིད་གཞུང་ལ།
ཁྱེད་ཚོས་ཞིབ་མཆན་བྱ་རྒྱུར་འབུལ་བའི《དེང་རབས་ཅན་གྱི་རྒྱལ་སའི་གྲོང་ཚོམས་བར་མཐོངས་མཐུན་སྦྱོར་འཆར་འགོད(2023ལོ་ནས་2035ལོ་བར)》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)ཀྱི་དགོངས་སྐོར་སྙན་ཞུ་འབྱོར་བྱུང་།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག ཕྱོགས་ཁག་གིས་སེམས་ཤུགས་གཅིག་སྒྲིལ་དང་མཉམ་ལས་དམ་ཟབ་བྱས་པར་བརྟེན། ཅིང་ཅིན་ཅི་ཡི་མཐུན་སྦྱོར་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་མ་ཟད། གཡུར་ཟའི་གྲུབ་འབྲས་ཀྱང་ཐོབ་ཡོད། 《འཆར་འགོད》བཟོས་ནས་ལག་བསྟར་བྱེད་པ་ནི་འགོ་ཚུགས་ས་གསར་པར་ཅིང་ཅིན་ཅི་ཡི་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། རྒྱལ་སའི་བྱེད་ནུས་སྔར་བས་ལེགས་སུ་དང་གོང་མཐོར་གཏོང་རྒྱུ་དང་། ཁུལ་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་སྣེ་གཏོད་རྒྱུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ད་ལྟ་མཆན་འགོད་བཀའ་ལན་སྤྲོད་རྒྱུ་གཤམ་གསལ།
གཅིག 《འཆར་འགོད》ལ་མོས་མཐུན་ཡོད། 《འཆར་འགོད》 ནི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་འཆར་འགོད་རྩ་གནད་དང་། ཅིང་ཅིན་ཅི་ཡི་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཆར་འགོད་རྩ་འཛིན། ཅིང་ཅིན་ཅི་ཡི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་བཅས་དོན་འཁྱོལ་གཏིང་ཟབ་བྱས་པ་ཞིག་རེད། 《འཆར་འགོད》ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཅིང་ཅིན་ཅི་ཡི་མཐུན་སྦྱོར་འཕེལ་རྒྱས་དང་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ། ཀྲུང་དབྱང་དང་ས་གནས་མཉམ་འགུལ་དང་ས་གནས་གསུམ་མཐུན་སྦྱོར་མཐའ་འཁྱོངས། སྒྱུར་བཅོས་ཟབ་གཏོང་དང་བརྒྱུད་རིམ་ལྡན་པའི་བཀོད་པ་མཐའ་འཁྱོངས། འཆར་འགོད་མང་པོ་གཅིག་སྡུད་དང་མཐུན་སྦྱོར་ལག་བསྟར་མཐའ་འཁྱོངས་བཅས་བྱས་ཏེ། བྱེད་པོའི་བྱེད་ནུས་མངོན་གསལ་དོད་པ་དང་། ལེགས་ཆ་གསབ་རེས། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་ཁུལ་ཁོངས་དཔལ་འབྱོར་གྱི་བཀོད་པ་དང་རྒྱལ་ཁབ་ས་ཆའི་བར་མཐོངས་མ་ལག་འཛུགས་རྒྱུ་འཚོལ་ཞིབ་བྱས་ཡོད། 《འཆར་འགོད》བཟོས་ནས་ལག་བསྟར་བྱས་པ་དེས་རྒྱལ་ཡོངས་ཀྱི་གྲོང་ཚོམས་གཞན་དག་གི་བར་མཐོངས་མཐུན་སྦྱོར་ལས་དོན་ལ་དཔེ་སྟོན་ནུས་པ་ཐོན་རྒྱུ་རེད།
གཉིས། རྒྱལ་སའི་བྱེད་ནུས་འགན་ལེན་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་དགོས། རྒྱལ་སའི་གྲོང་ཚོམས་ནི་རྒྱལ་སའི་བྱེད་ནུས་ལེགས་གཏོང་མཐོར་འདེགས་དང་ཞབས་ཞུ་འགན་ལེན་བྱེད་པའི་ས་ཁུལ་གལ་ཆེན་དང་། འཛམ་གླིང་གི་གྲོང་ཁྱེར་རྩེ་གྲ་ཁྱུ་ཚོགས་སྐྲུན་པའི་སྒུལ་ཤུགས་གཙོ་བོ། ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ས་ཁུལ་གལ་ཆེན། ཁུལ་ཁོངས་མཐུན་སྦྱོར་བཅོས་སྐྱོང་གི་སྣེ་ཁྲིད་ཁུལ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་སྔོན་སྤེལ་ཁུལ་བཅས་ཡིན། རྒྱལ་སའི་བྱེད་ནུས་ཁུལ་ཁོངས་ཀྱི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམིགས་ནས། པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་ཁ་འགྲེམ་གྱི“གནད་འགག”དེ་དམ་པོར་འཛིན་པ་དང་། “ལྟེ་བ”དང“གྲོང་ཁྱེར”དང་། རྒྱལ་ས་དང་རྒྱལ་སའི་གྲོང་ཚོམས། རྒྱལ་སའི་གྲོང་ཚོམས་དང་ཅིང་ཅིན་ཅི་གྲོང་ཁྱེར་ཁྱུ་ཚོགས་བཅས་ཀྱི་འབྲེལ་བ་སྟངས་འཛིན་ཡག་པོ་བྱེད་པ། ཁ་འགྲེམ་དང་མཐོར་གཏོང་དང་། གསོན་ཤུགས་དང་སྒྲིག་ལམ། འཕེལ་རྒྱས་དང་བདེ་འཇགས་བཅས་སྤྱི་འདོམས་བྱེད་པ། ཁུལ་ཁོངས་སྤྱི་ཡོངས་ཀྱི་འགྲན་རྩོད་ནུས་པ་དང་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ས་ལྟེ་བར་བྱེད་པའི་འཛམ་གླིང་གི་གྲོང་ཚོམས་རྩེ་གྲ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་ལེགས་ཤོས་བསྐྲུན་ནས་ཅིང་ཅིན་ཅི་འཛམ་གླིང་གི་གྲོང་ཁྱེར་རྩེ་གྲ་ཁྱུ་ཚོགས་སྐྲུན་པར་འདེགས་སྐྱོར་བྱེད་དགོས།
གསུམ། ཅིང་ཅིན་ཅི་བཅས་ཀྱི་གྲོང་ཁྱེར་མ་ལག་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱག་དགོས། “ལྟེ་གཅིག་གཤོག་གཉིས་དང་། གྲོང་གཉིས་གནས་མང་། བར་གཉིས་ཁྱུ་མང”བཅས་ཀྱི་རྒྱལ་སའི་གྲོང་ཚོམས་བར་མཐོངས་ཀྱི་བཀོད་པ་བསྐྲུན་དགོས། པེ་ཅིང་གི“ལྟེ་བའི”ཁྱབ་འགྱེད་ནུས་པ་གང་ལེགས་བཏོན་ནས“ལྟེ་གནས་བཞིའི”བྱེད་ནུས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང“ཞབས་ཞུ་བཞིའི”ཆུ་ཚད་མཐོ་རུ་བཏང་ནས་ཀྲུང་དབྱང་གི་སྲིད་དོན་ཁོར་ཡུག་རྩེ་གྲ་བསྐྲུན་དགོས། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོན་པོས་ཧོ་པེ་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་དང་པེ་ཅིང་གྲོང་ཁྱེར་གྱི་ཞོར་གཏོགས་ལྟེ་གནས་དེ་རྒྱལ་སའི་འཕེལ་རྒྱས་ཀྱི་འཕར་སྣེ་གསར་པར་བསྐྲུན་ནས་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་པོས་པེ་ཅིང་དང་ཐེན་ཅིན་གྱི་ལེའུ་རྩོམ་པ་དང་ཐེན་ཅིན་གྱིས་བྱང་ཕྱོགས་རྒྱལ་སྤྱིའི་མཁའ་ཐོག་སྐྱེལ་འདྲེན་ལྟེ་བའི་ཁུལ་བསྐྲུན་པར་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་ས་ཁོངས་འཕེལ་རྒྱས་ཀྱི་མཐོ་ས་བསྐྲུན་དགོས། ཧོ་པེའི་འབྲེལ་མཚམས་གྲོང་ཁྱེར་གྱི་འདེགས་སྐྱོར་ནུས་པ་བཏོན་ཏེ་ལེགས་ཆར་བརྟེན་ནས་ཕན་ཚུན་སྐུལ་འདེད་དང་མཉམ་འགུལ་འཕེལ་རྒྱས་ཀྱི་བྱེད་ནུས་བཀོད་པ་ཆགས་པར་བྱེད་དགོས།
བཞི། གཙོ་གནད་ཁྱབ་ཁོངས་ཀྱི་བྱེད་ནུས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་དགོས། “བར་ཁྱམས་གཉིས་དང་རྒྱུད་བཞིའི”ཐོན་ལས་མཐུན་སྦྱོར་གསར་གཏོད་ཀྱི་བཀོད་པ་འཛུགས་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། གསར་གཏོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཚོ་འདུས་འཕེལ་རྒྱས་གཏོང་དགོས། “བར་ཁྱམས་བརྒྱད་དང་འགྲིམ་འགྲུལ་སྐོར་ལམ་གཉིས”ཀྱི་འགྲིམ་འགྲུལ་བར་ཁྱམས་བསྐྲུན་མགྱོགས་སུ་གཏོང་བ་དང་རྒྱ་མཚོའི་གྲུ་ཁ་དང་། སྐམ་སའི་གྲུ་ཁ། གནམ་ཐང་གྲུ་ཁ་བཅས་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་འཛམ་གླིང་ལ་ཕྱོགས་པའི་ཅིང་ཅིན་ཅི་རྒྱལ་སྤྱིའི་རང་བཞིན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་བའི་ཚོ་འདུས་ཕྱོགས་ཡོངས་ནས་སྐྲུན་དགོས། རྒྱལ་སའི་བདེ་འཇགས་འགན་སྲུང་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མཉེན་གཤིས་ལྡན་པའི་བར་མཐོངས་ཀྱི་བཀོད་པ་མཉམ་སྐྲུན་དང་། ཆུ་ལོག་དང་ཞོད་སྐྱོན་སོགས་རང་བྱུང་གནོད་འཚེར་ཁ་གཏད་གཅོག་པ་དང་ཁུལ་ཁོངས་ལས་བརྒལ་བའི་ཚེ་སྲོག་ལམ་བུའི་བར་ཁྱམས་སྦྲེལ་མཐུད་དང་འགན་སྲུང་ནུས་པ་ཆེ་རུ་གཏོང་བ། ཀྲུང་དབྱང་དང་ས་གནས་དང་། དམག་དཔུང་དང་ས་གནས། ས་གནས་གསུམ་བཅས་ཀྱི་གེགས་འགོག་གེགས་སེལ་གྱི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། སྐམ་ས་དང་རྒྱ་མཚོ་སྤྱི་འདོམས་མཐའ་འཁྱོངས་བྱས་ཏེ་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས“ཁུལ་གསུམ་དང་ལམ་ཐིག་གསུམ”རྨང་གཞིར་བྱས་པའི་རྒྱལ་ཁབ་ཀྱི་ས་ཆའི་བར་མཐོངས་གསར་སྤེལ་སྲུང་སྐྱོང་གི་བཀོད་པ་དོན་འཁྱོལ་གཏིང་ཟབ་བྱེད་དགོས། ཁུལ་ཁོངས་སྤུས་ལེགས་ཀྱི་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་དང་ལེགས་སུ་བཏང་ནས་སློབ་གསོ་དང་། སྨན་བཅོས། རྒན་གསོ། བཅོལ་གསོ་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དོ་མཉམ་བཀོད་པར་སྐུལ་འདེད་གཏོང་དགོས། རིག་གནས་ཤུལ་བཞག་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་བཅས་བྱས་ཏེ་ཁུལ་ཁོངས་ཀྱི་ཁྱད་ལྡན་རིག་གནས་དང་རང་བྱུང་ཐོན་ཁུངས་ཀྱི་རིན་ཐང་མངོན་པར་བྱས་ནས་ཚོང་ལས་དང་། ཡུལ་སྐོར། རིག་རྩལ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ལྔ། རྒྱལ་སའི་གྲོང་ཚོམས་ཀྱི་བང་རིམ་གྲུབ་ཆ་འཛུགས་པ་དང་ལེགས་སུ་གཏོང་དགོས། པེ་ཅིང་དང་ཐེན་ཅིན་དང་པེ་ཅིང་དང་ཞུང་ཨན་བཅས་ཀྱི་བར་ཁྱམས་བསྐྲུན་ནས་པེ་ཅིང་གི་ཀླུང་ཐང་གྲོང་གསར་དང་། པེ་ཅིང་གི་སྐྱེ་ཁམས་གསོ་ཁུལ། ལས་ལམ་འཁོར་ཁོངས། བྱེད་ནུས་འཁོར་ཁོངས། ཐོན་ལས་མཐུན་སྦྱོར་འཁོར་ཁོངས་བཅས་རིམ་བཞིན་བཀོད་སྒྲིག་བྱེད་དགོས། ལས་ལམ་འཁོར་ཁོངས་ཀྱིས་ལས་རིགས་དང་སྡོད་ཁང་མཐུན་སྦྱོར་བྱ་རྒྱུར་དམིགས་ཏེ་གྲོང་ཁོངས་ཅན་གྱི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། པེ་ཅིང་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་གྱི་བསྡོམས་འབོར་འཕར་བར་ཚོད་འཛིན་ནན་པོ་བྱེད་པ་དང་། པེ་ཅིང་ལྟེ་བའི་གྲོང་ཁུལ་གྱི་བྱེད་ནུས་ཁ་འགྲེམ་མཐོར་གཏོང་ལ་སྐུལ་འདེད་གཏོང་བ། པེ་ཅིང་གྲོང་ཁྱེར་གྱི་ལྟེ་བའི་ཞོར་གཏོགས་དཔེ་སྟོན་གྱིས་རྒྱལ་ས་མིན་པའི་བྱེད་ནུས་ཁ་འགྲེམ་དང་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ནུས་པ་འདོན་པ། པེ་ཅིང་ཀླུང་ཐང་གྲོང་གསར་གྱིས་ལྟེ་བའི་གྲོང་ཁུལ་དང་འཚམ་མཐུན་བྱེད་ནུས་དང་མི་འབོར་ཁ་འགྲེམ་ལས་འགན་དང་ལེན་བྱེད་ཚད་མགྱོགས་སུ་གཏོང་བ། པེ་ཅིང་སྐྱེ་ཁམས་གསོ་ཁུལ་གྱི་རྒྱལ་སའི་སྐྱེ་ཁམས་བདེ་འཇགས་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལྕགས་ལམ་འགྲིམ་འགྲུལ་གྱིས་གཙོ་བོར་བྱེད་པ་དང་གཞུང་ལམ་འགྲིམ་འགྲུལ་གྱིས་འདེགས་སྐྱོར་བྱེད་པའི་ལས་ལམ་འཁོར་ཁོངས་ཀྱི་འགྲིམ་འགྲུལ་མ་ལག་བསྐྲུན་པར་ཤུགས་སྣོན་རྒྱག་དགོས། པེ་ཅིང་གྲོང་ཁྱེར་གྱི་ཐུང་ཀྲོའུ་ཆུས་དང་། ཧོ་པེ་ཞིང་ཆེན་གྱི་ལང་ཧྥང་གྲོང་ཁྱེར། པེ་སན་རྫོང་། པེ་ཅིང་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་གི་མཁའ་འབྲེལ་དཔལ་འབྱོར་ཁུལ། ཐུང་ཝུའུ་ལང་། ཧྥང་ཀྲོའོ་ལའེ་སོགས་ས་ཁོངས་བརྒལ་བའི་ས་ཁུལ་གྱིས་སྔོན་སྐྱོད་དཔེ་སྟོན་གྱི་ནུས་པ་བཏོན་ནས་གཞི་གཅིག་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། བྱེད་ནུས་འཁོར་ཁོངས་ཀྱིས་ཁ་འགྲེམ་མཐོར་འདེགས་ལ་དམིགས་ནས་རྒྱལ་སའི་གྲོང་ཚོམས་ཀྱི་ལྟེ་བའི་འགྲན་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། པེ་ཅིང་གི་ལྟེ་བའི་གྲོང་ཁུལ་དང་གྲོང་ཁྱེར་གྱི་ཞོར་གཏོགས་ལྟེ་གནས་གཙོ་ཕལ་ཟུང་འབྲེལ་དང་། ཐེན་ཅིན་གྱི“ཅིན་ཁྲེན”དང“པིན་ཁྲེན”མཉམ་དུ་འཕེལ་རྒྱས་གཏོང་བ། ཧོ་པེའི་ཞུང་ཨན་ཁུལ་གསར་དང་པའོ་ཏིང་ལྟེ་བའི་གྲོང་ཁུལ་མཉམ་འགུལ་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་སྟེ། པེ་ཅིང་དང་། ཐེན་ཅིན། ཞུང་ཨན་བཅས་ས་ཁུལ་གྱི་ཟུར་གསུམ་གླིང་གསར་གཏོད་སྐྱེད་སྲིང་བྱེད་དགོས། པེ་ཅིང་དང་ཐེན་ཅིན་གྱི་བར་ཁྱམས་རིག་ནུས་ཐོན་ཁུངས་མཉམ་འདུས་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ། རྒྱལ་ནང་དང་རྒྱལ་སྤྱིའི་རྒྱུན་འཁོར་གཉིས་འབྲེལ་མཐུད་བཅས་ཀྱི་ཕྱོགས་བསྡུས་གསར་གཏོད་བར་ཁྱམས་སྐྲུན་དགོས། པེ་ཅིང་དང་ཞུང་ཨན་ཁུལ་གསར་གྱི་བར་ཁྱམས་བྱེད་ནུས་ཁ་འགྲེམ་དང་ལེན་དང་། ཚན་རྩལ་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བར་ཁྱམས་སྐྲུན་དགོས། ཐོན་ལས་མཐུན་སྦྱོར་ཁྱབ་ཁོངས་ཀྱིས་བྱེད་པོའི་བྱེད་ནུས་ཁུལ་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལས་བགོས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྒྱུ་ཕྱོགས་གཉིས་འཁོར་སྐྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོར་ཕྱོགས་པའི་རིམ་པ་མང་ལ་མཐུན་སྦྱོར་སྒོ་དབྱེའི་བཀོད་པ་བསྐྲུན་དགོས།
དྲུག 《འཆར་འགོད》སྒྲིག་འཛུགས་ལག་བསྟར་གསར་གཏོད་བྱེད་དགོས། ཅིང་ཅིན་ཅི་ཞིང་ཆེན་དང་གྲོང་ཁྱེར་གསུམ་གྱི་ཏང་ཨུད་དང་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ། པེ་ཅིང་གྲོང་ཁྱེར་གྱིས་སྣེ་ཁྲིད་ནུས་པ་ཡག་པོ་འདོན་པ་དང་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས《འཆར་འགོད》སྒྲིག་འཛུགས་ལག་བསྟར་དམ་འཛིན་ཡག་པོ་བྱེད་དགོས། ལས་ཀའི་ཇུས་གཞི་དང་ལོ་འཁོར་གྱི་འཆར་གཞི་སྤྱི་འདོམས་བྱས་ནས་བཟོས་ཏེ། ཅིང་ཅིན་ཅི་ས་ཁུལ་གསུམ་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལས་ཀའི་མ་ལག་ནང་བཅུག་ནས་དོན་འཁྱོལ་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། འཆར་འགོད་ཀྱི་སྒམ་ནན་རང་བཞིན་དང་དབང་གྲགས་རང་བཞིན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་འཆར་འགོད་ལག་བསྟར་གྱི་ཉམས་ལེན་ཚོད་སྐོར་ལས་དོན་ཡག་པོ་སྒྲུབ་དགོས། རང་བྱུང་ཐོན་ཁུངས་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་ཁག་བགོས་གཞིར་བཟུང་མཛུབ་ཁྲིད་དང་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ《འཆར་འགོད》ཀྱི་དམིགས་ཚད་དང་ལས་འགན་ཁག་དོན་འཁྱོལ་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས། རྒྱལ་སའི་འཆར་འགོད་ལག་བསྟར་དང་འབྲེལ་བ་ཡོད་པའི་དོན་དག་གལ་ཆེན་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ལས་ཀའི་མ་ལག་ནང་འཇུག་དགོས།
《འཆར་འགོད》ལག་བསྟར་བྱེད་སྐབས་དོན་དག་གལ་ཆེན་འཕྲད་རིགས། དུས་ཐོག་དང་གོ་རིམ་བཞིན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་དགོངས་སྐོར་སྙན་སེང་ཞུ་དགོས།
ཀྲུང་གུང་ཀྲུང་དབྱང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་།
2026ལོའི་ཟླ་1ཚེས་22ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་2ཉིན་འབྱོར་བའི་གློག་འཕྲིན)
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ངའི་ཕ་ཡུལ་གྱི་“མིང་བྱང་།”|མཛེས་པའི་སྨན་རི།
ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དུ་སྡོད་པའི་ལས་འཁྱུར་ངལ་གསོའི་འགོ་ཁྲིད་རྒན་གྲས་ལ་གཟིགས་པ་དང་འཚམས་འདྲི་གནང་།
བདེ་ཆེན་ཁུལ་གྱིས་༢༠༢༦ལོའི་འཛམ་གླིང་འདམ་ར་ཉིན་མོ་ཐེངས་སུམ་ཅུ་པའིབརྗོང་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཞིང་ཆེན་གནམ་གཤིས་ཅུས་སུ་འབྲེལ་གཏུག་ལས་དོན་ལ་སྙན་སེང་ཞུས།
བདེ་ཆེན་དུ་སྡོད་པའི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱིས་འཕེལ་རྒྱས་དོན་འཁྱོལ་བྱས་པར་གླེང་།
བདེ་ཆེན་ཁུལ་གྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་གྲོས་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་བྱས་པ།
བདེ་ཆེན་དུ་སྡོད་པའི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱིས་མྱོང་ཚོར་བཤད།
བདེ་ཆེན་ཁུལ་གྱི་འཐུས་ཚབ་ཚོགས་པས་མུ་མཐུད་ནས་སྲིད་གཞུང་གི་ལས་དོན་སྙན་ཞུ་གྲོབ་ཞིབ་བྱས་པ་དང་། “ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་”འཆར་འགོད་རྩ་གནད་འཆར་ཟིན་ཞིབ་བཤེར་བྱས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
