བདེ་ཆེན་དུ་སྡོད་པའི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱིས་འཕེལ་རྒྱས་དོན་འཁྱོལ་བྱས་པར་གླེང་།

ཉིན་ཤས་བསྟུད་མ་རིང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་རུ་ཞུགས་པའི་བདེ་ཆེན་དུ་སྡོད་པའི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱིས་ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་འགོ་ཚུགས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་ལ་སློབ་སྦྱོང་དང་གྲོས་བསྡུར་བྱེད་དེ། སྙན་ཞུ་ཁག་ལ་གྲོས་ཞིབ་བྱེད་པ་དང་གྲོས་གཞི་ཧུར་ཐག་འབྲི་ནས་ཚད་དང་མཐུན་པའི་འགན་སྒྲུབ་རྒྱུགས་ཤོག་ཅིག་སྤྲད་ཡོད། གྲོས་ཚོགས་བདེ་བླག་ངང་མཇུག་སྒྲིལ་བ་དང་བསྟུན་ནས། ལས་རིགས་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བ་ནས་ཡོང་བའི་ཨུ་ཡོན་རྣམས་ཀྱིས་གྲོས་ཚོགས་སུ་ཞུགས་པའི་གྲུབ་འབྲས་དང་ལས་སྒྲུབ་ཀྱི་བསམ་གཞིགས་ཁྱེར་ཏེ། དོན་གཉེར་གྱི་བྱ་ཐབས་འཆར་འགོད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡུན་ནན་ལག་ལེན་གཏོད་པར་སྟོབས་ཤུགས་གཅིག་སྒྲིལ་བྱེད་ཡོད།
ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་དམ་ཆོས་ཕུན་ཚོགས་ཀྱིས། ཆོས་ལུགས་བསྟན་བཅོས་ཁྲོད་ཀྱི་སྤྱི་ཚོགས་འཆམ་མཐུན་དང་དུས་རབས་ཡར་ཐོན། བདེ་ཐང་དཔལ་ཡོན་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་བྱེད་དེ། དེང་རབས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་བླང་བྱ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་མཐུན་པའི་འགྲེལ་བཤད་བྱ་རྒྱུ། ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་དེ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཆོས་ལུགས་ཀྲུང་གོ་ཅན་གྱི་ལག་ལེན་ཐབས་ལམ་འཚོལ་ཞིབ་བྱས་ནས། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་སྔར་ལས་མཐུན་པ་བྱེད་བཅུག དུས་མཚུངས་སུ། སྤྱི་ཕན་དགེ་སྒྲུབ་བྱ་གཞག་ནང་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་ཞུགས་ནས། ཆོས་ལུགས་རིག་གནས་ཁྲོད་ཀྱི་བསམ་པ་གཙང་སྒྱུར་དང་ཀུན་སྤྱོད་སྐྱེད་སྲིང་གི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ལུགས་མཐུན་བྱས་ནས། སྤྱི་ཚོགས་ཀྱི་ཀུན་སྤྱོད་ཆུ་ཚད་མཐོ་རུ་གཏོང་བར་རོགས་སྐྱོར་བྱེད་དེ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་སྐུལ་འདེད་བཏང་ནས། དད་ལྡན་མང་ཚོགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་བར་སྣེ་ཁྲིད་བྱེད། ཆོས་ལུགས་ལས་རིགས་མི་སྣའི་གསོ་སྐྱོང་དང་ནང་ཁུལ་ཚད་ལྡན་ཅན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། ཆོས་ལུགས་ལས་རིགས་ཀྱི་རང་གིས་རང་ལ་སློབ་གསོ་གཏོང་བ་དང་། རང་གིས་རང་ལ་དོ་དམ་བྱེད་པ། རང་གིས་རང་ལ་གཅུན་སྡོམ་བྱེད་པ་བཅས་ཀྱི་ནུས་པ་དང་ཆུ་ཚད་ཇེ་མཐོར་བཏང་ནས། ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་བརླིང་གི་རྨང་གཞི་སྲ་བརྟན་དུ་སྐྲུན་སྟེ་ཆོས་ལུགས་ལས་རིགས་ཀྱི་རྣམ་པ་བཟང་པོ་མངོན་རྒྱུ་ཞེས་བཤད།
བདེ་ཆེན་ཁུལ་འབའ་ལུང་རྫོང་གི་ཨུ་ཡོན་དབྱང་ཧྥུང་ཞན་གྱིས། ཞིང་ཆེན་རིམ་གྱི་འགན་འཁྲི་སྒྲུབ་པའི་སྟེགས་བུ་བེད་སྤྱོད་ཡག་པོ་བྱེད་པ་དང་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་རྒྱ་སྐྱེད་གཏོང་། ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ནུབ་ལྷོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡུལ་བརྟན་པོ་སྐྲུན་པ་སོགས་ལས་དོན་གཙོ་བོར་དམ་པོར་དམིགས་ནས་བརྟག་དཔྱད་གཏིང་ཟབ་བྱེད་དེ། འབའ་ལུང་རྫོང་གི་ཀྲུང་ལུགས་སྨན་རྫས་དང་། ཞོག་རྒོད། ནཱ་སྨི་ཤ་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་འཕྲད་པའི་དཀའ་ངལ་དང་མི་རིགས་ས་ཁུལ་གྱི་དམངས་འཚོ་ལེགས་བཅོས་ཀྱི་གནས་ཚུལ་དངོས་དེ་སྤུས་ཚད་མཐོ་བའི་གྲོས་གཞི་དང་དམངས་འདུན་གྱི་ཆ་འཕྲིན་དུ་བསྒྱུར་ནས། མཐའ་མཚམས་མི་རིགས་རྫོང་ལ་ཞིང་ཆེན་རིམ་པའི་དོ་སྣང་དང་སྲིད་ཇུས་རྣམ་གྲངས་རྒྱབ་སྐྱོར་བརྩོན་ལེན་བྱ་རྒྱུ། སྒོ་རའི་གྲོས་མོལ་རྣམ་པ་དེ་དངོས་སུ་དོན་འཁྱོལ་བྱས་ནས་འབའ་ལུང་རྫོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཀྲུང་ལུགས་སྨན་རྫས་ཀྱི་ཐོན་ལས་འབྲེལ་ཐག་སྣུར་སྲིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་བཟོ་སོགས་ལས་དོན་གཙོ་བོར་དམིགས་ནས་འབེན་ཕྱོགས་བརྟག་ཞིབ་དང་གནད་ལ་འཁེལ་བའི་གྲོས་མོལ་སྤེལ་ནས། འབའ་ལུང་རྫོང་གི་ལས་དོན་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཕུལ་རྒྱུ། སྲིད་གྲོས་ཀྱི་འབྲེལ་འདྲིས་རྒྱ་ཆེ་བའི་ལེགས་ཆ་འདོན་སྤེལ་བྱས་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་འགན་ནུས་སྒྲུབ་པའི་བརྒྱུད་རིམ་ཡོངས་སུ་ཁྱབ་སྟེ། ལས་རིགས་ཁག་གི་མང་ཚོགས་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བྱེད་པར་སྐུལ་ཁྲིད་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་དང་གནོད་མེད་འཕེལ་རྒྱས་ཀྱི་ཐབས་ལམ་ལ་དམིགས་ཏེ། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་རོགས་འདེགས་བྱས་ནས། རི་ཀླུང་སྔོ་ལྗང་དེ་གསེར་རི་དངུལ་རིར་འགྱུར་བཅུག་རྒྱུ་ཡིན་ཞེས་བཤད།
责任编辑:达瓦只玛 吹批拉姆
- ཁུལ་ནང་ཁུལ་གྱི་མགོ་གཙོ།
སེམས་ཀྱི་ཉི་ཟླར་བཀྲ་ཤིས་པའི་ཁ་བ་བབས་བྱུང་།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མཛེས་ཉམས།
གཏེར་མ་རོང་ཤང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་།
ཁུལ་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་བཅོས་སྒྲིག་ལས་དོན་མུ་མཐུད་ཟབ་སྤེལ་བྱེད་པའི་སྐུལ་འདེད་ཚོགས་འདུ་འཚོགས།
ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་་་་
ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཉེར་སྐྱོང་ཚད་ལྡན་ཡོང་བར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ།
ལུའོ་ཁྲའོ་ཧྥེང་གིས་“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས་”ཀྱི་བྱེད་ཐབས་ལ་བརྟེན་ནས་བརྟན་བརླིང་སྲུང་སྐྱོང་གི་ཆེད་དོན་ལས་ཀར་བརྟག་ཞིབ་གནང་བ་མ་ཟད་བཀོད་གཏོང་ཚོགས་འདུ་འཚོགས།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཤྭ་ཁ་རི་བོ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108