ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དུ་སྡོད་པའི་ལས་འཁྱུར་ངལ་གསོའི་འགོ་ཁྲིད་རྒན་གྲས་ལ་གཟིགས་པ་དང་འཚམས་འདྲི་གནང་།
ཟླ་2པའི་ཚེས་2ཉིན། རྟ་ལོའི་དཔྱིད་གསར་དུས་ཆེན་འཆར་ཉེར་བའི་སྐབས། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དུ་སྡོད་པའི་རང་ཁུལ་གྱི་ལས་འཁྱུར་ངལ་གསོའི་འགོ་ཁྲིད་རྒན་གྲས་ཁག་གཅིག་ལ་གཟིགས་པ་དང་འཚམས་འདྲི་གནང་བར་ཕེབས་ནས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ཏེ་ཁོང་ཚོར་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས། ཁོང་ཚོས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུས།

ལས་འཁྱུར་ངལ་གསོའི་འགོ་ཁྲིད་རྒན་གྲས་ཐང་ཧྲི་ཧྭའི་ཁྱིམ་དུ་ཕེབས་སྐབས། ལུའོ་ཁྲའོ་ཧྥེང་གིས་བློ་མཐུན་རྒན་གྲས་ལ་ཁ་བཏགས་འབུལ་ནས་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་། ལུས་པོ་དང་ཁྱིམ་ཚང་གི་གནས་ཚུལ་འདྲི་ཞིང་། རང་ཁུལ་གྱི་“ལོ་ལྔ་ཚན་བཅུ་བཞི་པའི་”རིང་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་། ཁོང་གི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་དོན་དང་བདེ་ཆེན་གྱི་འབྱུང་འགྱུར་འཕེལ་རྒྱས་འཆར་འགོད་ཐད་ཀྱི་བསམ་འཆར་དང་གྲོས་འགོར་ཉན་པ། ལུའོ་ཁྲའོ་ཧྥེང་གིས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ནི་ཏང་དང་མི་དམངས་ཀྱི་རྩ་ཆེའི་རྒྱུ་ནོར་ཡིན་པས། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་ཁུལ་ཡོངས་ཀྱི་འཕེལ་རྒྱས་ལ་སེམས་ཤུགས་ཆེན་པོ་ཕུལ་བ་དང་རྨང་གཞི་བརྟན་པོ་བཏིང་ཡོད། ཚང་མས་ལུས་པོར་བདག་སྐྱོང་ཡག་པོ་བྱས་ཏེ། སྔོན་བཞིན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་གྱི་རྣམ་པ་གསར་པ་གཏོད་ཆེད་རྩ་ཆེའི་བསམ་འཆར་མང་ཙམ་འདོན་པ། བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རོགས་ཞེས་པའི་རེ་བ་བཏོན། ད་དུང་མཉམ་དུ་སྐྱོད་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོར་བརྩེ་སེམས་བཅངས་ནས་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་བློ་མཐུན་རྒན་གྲས་ཚོས་ནུས་པ་འདོན་སྤེལ་དང་ཚེ་མཇུག་བདེ་རོལ་ལ་ཆ་རྐྱེན་བཟང་པོ་ཞིག་གཏོད་དགོས་པའི་མངགས་བཅོལ་གནང་བ།
བློ་མཐུན་རྒན་པ་ཚོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་སུ་སྙིང་དབུས་ནས་དགའ་པོ་བྱུང་ཡོད། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས།
ཁུལ་ཨུའི་ཁུན་མིང་དུ་བཅའ་སྡོད་བྱེད་པའི་ལས་དོན་ཨུ་ལྷན་དང་ཁུལ་སྲིད་གཞུང་གི་ཁུན་མིང་དུ་བཅའ་སྡོད་བྱེད་པའི་སྡེ་ཚན་གྱི་འགན་འཁུར་བ་འཚམས་འདྲིར་ཕེབས་པ།
འགན་འཁུར་རྩོམ་སྒྲིག་པ།:江初卓玛
- བདེ་ཆེན་གསར་འགྱུར།
བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།
བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།
《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།
ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108