བདེ་ཆེན་དུ་སྡོད་པའི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱིས་མྱོང་ཚོར་བཤད།
རྩོམ་པ་པོ་:泽仁拉姆 何帝龙 王碧炜
ཁྱབ་བསྒྲགས་དུས་ཚོད་:2026-01-30 14:52:25
ཉིན་ཤས་བསྟུད་མ་རིང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་རུ་ཞུགས་པའི་བདེ་ཆེན་དུ་སྡོད་པའི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཞིང་ཨུ་ཧྲུའུ་ཅི་ཝང་ཉིང་གིས་འགོ་ཚུགས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་ལ་སློབ་སྦྱོང་དང་གྲོས་བསྡུར་བྱས་ཏེ། སྙན་ཞུའི་རྣམ་གྲངས་ཁག་གྲོས་ཞིབ་བྱས་ནས། ཧུར་ཐག་ངང་ཐབས་འདོན་ཇུས་འབུལ་བྱས། ཨུ་ཡོན་རྣམས་ཀྱིས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་འཁུར་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་གྲོས་ཚོགས་ཐོག་གནང་བའི་དམིགས་ཡུལ་བླང་བྱ་དེ་དོན་ཐོག་ཏུ་འཁྱོལ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡུན་ནན་ལེའུ་གཏོད་པར་བྱས་རྗེས་འབུལ་རྒྱུ་ཞེས་སྟོན།
ཨུ་ཡོན་བློ་བཟང་རྒྱལ་མཚན་གྱིས། སྲིད་གྲོས་ཨུ་ཡོན་ཞིག་ཡིན་པས། ངས་ཨུ་ཡོན་གྱི་ཟམ་པའི་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཧུར་ཐག་ངང་ས་ཁུལ་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་བྱ་རྒྱུ། བདེ་ཆེན་ཁུལ་གྱི་གཞོན་ནུའི་ལས་གཏོད་ལས་ཞུགས་མཐུན་སྦྱོར་གྱི་འགན་འཁུར་བ་ཞིག་ཡིན་པས་ངས་ལས་གཏོད་བྱས་པའི་གཞོན་ནུ་རྣམས་ལ་ཞབས་འདེགས་ཞུ་ནས། སྲིད་གཞུང་དང་ཁེ་ལས་བར་འབྲེལ་མཐུད་བྱས་པའི་ཟམ་པ་ལྟ་བུའི་ནུས་པ་འདོན་ནས། ཏང་གི་སྲིད་ཇུས་ཡག་པོ་དེ་ལས་གཏོད་གཞོན་ནུའི་ཚོགས་སྤྱིའི་ཁྲོད་བརྒྱུད་སྤྲོད་བྱེད་དེ། ཡུན་ནན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་ཆེན་གཞོན་ནུའི་སྟོབས་ཤུགས་འབུལ་བཅུག་རྒྱུ་ཞེས་བཤད།དུས་རིམ་རྗེས་མར། ངས་བདེ་ཆེན་གྱི་འཕེལ་རྒྱས་དགོས་མཁོ་ལ་དམིགས་ནས། དམངས་འཚོ་ལེགས་བཅོས་དང་འཕེལ་རྒྱས་མཐོར་འདེགས་ལ་དོ་སྣང་བྱེད་དེ། ནན་ཏན་ངང་ལས་དོན་རྣམ་གྲངས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ནས། ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་བླང་བྱ་དེ་མཐའ་མཚམས་མི་རིགས་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུ་འགྱུར་ནས། ཞིང་ཡོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་ཆེན་གྱི་སྟོབས་ཤུགས་དེ་བས་མང་པོ་འབུལ་རྒྱུ་ཡིན་ཞེས་བཤད།
ཨུ་ཡོན་ངག་དབང་ཚུལ་ཁྲིམས་ཀྱིས།དམངས་གཉེར་ཁེ་ལས་ཀྱི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པས།ཞིང་ཆེན་སྲིད་གཞུང་གི་སྙན་ཞུའི་ནང་འདོན་པའི་ལས་རིགས་དང་ཁོངས་གཏོགས་ས་ཁུལ་ལ་ཤུགས་སྣོན་རྒྱག་པའི་བརྒྱུད་རིམ་ཡོངས་ཀྱི་ཞབས་ཞུ་དང་ཁེ་ལས་ཀྱི་རེ་ཞུའི་ཁོངས་གཏོགས་དོ་དམ། དེ་བཞིན་ཐོག་མཐའ་བར་གསུམ་དུ་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པ་དེ་རང་མི་བརྩིས་བའི་སོགས་ནང་དོན་གྱིས་སྐུལ་མ་ཆེན་པོ་ཐེབས་བྱུང་། དུས་རིམ་རྗེས་མར། ངས་ཞིང་ཡོངས་ཀྱི་འཕེལ་རྒྱས་ཐབས་ཇུས་དམིགས་ཡུལ་ལ་དམ་པོ་དམིགས་ནས། དངོས་གཞིའི་དཔལ་འབྱོར་རྒྱ་སྐྱེད་དང་ཐོན་ལས་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱས་པའི་གོ་སྐབས་བཟུང་ནས། ལས་རིགས་གཙོ་བོ་གཏིང་ཟབ་སྤེལ་བ་དང་། ཐོན་རྫས་གསར་སྤེལ་དང་ཚོང་རྟགས་གྲགས་ཅན་གཏོད་པར་ཤུགས་སྣོན་རྒྱག་སྟེ། ཁེ་ལས་ཀྱི་འགྲན་རྩོད་ནུས་པ་མུ་མཐུད་མཐོར་འདེགས་གཏོང་རྒྱུ། དུས་མཚུངས་སུ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། སློབ་སྦྱོང་གི་ནུས་པ་དེ་ལས་འགན་སྒྲུབ་པའི་ནུས་པར་བསྒྱུར་ནས། སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་འཁུར་ཏེ་ས་ཁུལ་འཕེལ་རྒྱས་ཡོང་བར་དམངས་གཉེར་ཁེ་ལས་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད།