中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཞིང་ཆེན་གནམ་གཤིས་ཅུས་སུ་འབྲེལ་གཏུག་ལས་དོན་ལ་སྙན་སེང་ཞུས།

རྩོམ་པ་པོ་:何帝龙 ཁྱབ་བསྒྲགས་དུས་ཚོད་:2026-02-03 12:03:40 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་2པའི་ཚེས་2ཉིན་གྱི་ཕྱི་དྲོར། ཁུལ་ཨུ་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཞིང་ཆེན་གནམ་གཤིས་ཅུས་སུ་འབྲེལ་གཏུག་ལས་དོན་ལ་སྙན་སེང་ཞུས། ཞིང་ཆེན་གནམ་གཤིས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི།  ཅུས་ཀྲང་དབྱིན་ཞའོ་དབྱི་བཞུགས་མོལ་ནང་ཞུགས་པ་མ་ཟད་གསུང་བཤད་གནང་།  

ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས།  ཞིང་ཆེན་གནམ་གཤིས་ཅུས་ཀྱིས་དུས་ཡུན་རིང་པོའི་ནང་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། གནམ་གཤིས་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས།  བདེ་ཆེན་གྱི་ས་བབ་དང་རྣམ་པ་རྙོག་འཛིང་ཆེ་བ་དང་།  མཚོ་འཕགས་མཐོ་དམའི་ཧེ་བག་ཆེ་བ། གནམ་གཤིས་སྣ་མང་དང་གནམ་གཤིས་ཀྱི་གནོད་འཚེ་ཡང་ཡང་ཐོན་པས། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་གནམ་གཤིས་ཅུས་ཀྱི་རྒྱབ་སྐྱོར་འོག  བདེ་ཆེན་གྱིས་“1262”གནམ་གཤིས་སྔོན་བརྡ་ཞིབ་ཕྲ་གཏོང་བ་དང་བརྡ་ལན་ཞུ་བའི་མཉམ་འགུལ་ལམ་སྲོལ་དོན་འཁྱོལ་ཞིབ་ཚགས་བྱས་ནས།  དྲག་ཆར་སོགས་གནོད་འཚེ་ལ་བདེ་བླག་ངང་ཁ་གཏད་འཇལ་ཏེ། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱས་ནས། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་ལ་མུ་མཐུད་དུ་རྒྱུན་འཁྱོངས་བྱས། མིག་སྔར།  བདེ་ཆེན་གྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། 2025ལོར་ཡུལ་སྐོར་བའི་མི་ཐེངས་དང་ཡུལ་སྐོར་གྱི་འགྲོ་གྲོན་འཕར་ཚད་ཚང་མ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་པ། རྐང་ཐང་ཡུལ་སྐོར་སོགས་ཕྱི་རོལ་གྱི་བྱ་འགུལ་ཐེངས་མང་སྤེལ་ཡོད་མོད།  འོན་ཀྱང་གནམ་གཤིས་ལྟ་ཞིབ་ཚད་ལེན་ཐད་ཞན་ཆ་སྔར་བཞིན་གནས་ཡོད་པས། ཞིང་ཆེན་གནམ་གཤིས་ཅུས་ཀྱིས་ལྟ་ཞིབ་ཚད་ལེན་ས་ཚིགས་སྔར་བས་མང་དུ་གཏོང་བ་དང་།  སྔོན་ཚུད་ཉེན་བརྡའི་ཞབས་ཞུ་ལེགས་སུ་བཏང་སྟེ། གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་། ཡུལ་སྐོར་བདེ་འཇགས་བཅས་ལ་སྔར་བས་བརྟན་པོའི་འགན་ལེན་བྱེད་པའི་རེ་བ་ཡོད་ཅེས་སྟོན།

 དབྱིན་ཞའོ་དབྱི་ཡིས་བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། གནམ་གཤིས་ལས་དོན་གྱི་ཕན་འབྲས་ལ་ཚད་མཐོའི་ཁས་ལེན་གནང་། ཁོང་གིས།  ཞིང་ཆེན་གནམ་གཤིས་ཅུས་ཀྱིས་བདེ་ཆེན་གྱི་གནམ་གཤིས་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་སྔར་བས་གལ་ཆེའི་གནས་བབ་ཐོག་བཞག་ནས།  ཅུས་དང་ཁུལ་བར་གྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་ཕྱོགས་གཉིས་ཀྱི་དོ་དམ་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ནུས་ཤུགས་ཡོད་རྒུས་བདེ་ཆེན་གྱི་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བའི་ནུས་པ་ཆེ་རུ་ཕྱིན་པའི་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་དེ། བདེ་ཆེན་གྱི་གནམ་གཤིས་“དེང་རབས་ཅན་གཉིས་”འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། 2030ལོར་སླེབས་སྐབས་བདེ་ཆེན་གྱི་གནམ་གཤིས་ཚན་རྩལ་ནུས་པ་དེང་རབས་ཅན་དང་སྤྱི་ཚོགས་ཞབས་ཞུ་དེང་རབས་ཅན་དུ་འགྱུར་བ་དེ“བོད་འབྲེལ་ཁུལ་དང་གྲོང་ཁྱེར་གྱི་རྩེ་གྲ་”ཡི་ཆུ་ཚད་དུ་སླེབས་པ་བྱས་ཏེ།  བདེ་ཆེན་གྱི་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་བརླིང་བཅས་དོན་ཆེན་བཞིར་གནམ་གཤིས་ཀྱི་འགན་ལེན་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་དགོས་ཞེས་སྟོན།  

ཚོགས་འདུའི་ཐོག  ཁུལ་དཔོན་གཞོན་པ་ཞུས་ཀོང་ཏེ་དང་ཞིང་ཆེན་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧུའུ་ཅིང་སུང་གིས་ཕྱོགས་གཉིས་པོའི་ཚབ་ཞུས་ནས་《བདེ་ཆེན་གྱི་གནམ་གཤིས་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་འཐབ་ཇུས་མཉམ་ལས་གྲོས་མཐུན་》ལ་མིང་རྟགས་བཀོད།  འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས།

责任编辑:江初卓玛

  • ཁུལ་ནང་ཁུལ་གྱི་མགོ་གཙོ།

སེམས་ཀྱི་ཉི་ཟླར་བཀྲ་ཤིས་པའི་ཁ་བ་བབས་བྱུང་།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མཛེས་ཉམས།

གཏེར་མ་རོང་ཤང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་།

ཁུལ་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་བཅོས་སྒྲིག་ལས་དོན་མུ་མཐུད་ཟབ་སྤེལ་བྱེད་པའི་སྐུལ་འདེད་ཚོགས་འདུ་འཚོགས།

ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་་་་

ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཉེར་སྐྱོང་ཚད་ལྡན་ཡོང་བར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ།

ལུའོ་ཁྲའོ་ཧྥེང་གིས་“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས་”ཀྱི་བྱེད་ཐབས་ལ་བརྟེན་ནས་བརྟན་བརླིང་སྲུང་སྐྱོང་གི་ཆེད་དོན་ལས་ཀར་བརྟག་ཞིབ་གནང་བ་མ་ཟད་བཀོད་གཏོང་ཚོགས་འདུ་འཚོགས།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཤྭ་ཁ་རི་བོ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com