བདེ་ཆེན་ཁུལ་གྱི་འཐུས་ཚབ་ཚོགས་པས་མུ་མཐུད་ནས་སྲིད་གཞུང་གི་ལས་དོན་སྙན་ཞུ་གྲོབ་ཞིབ་བྱས་པ་དང་། “ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་”འཆར་འགོད་རྩ་གནད་འཆར་ཟིན་ཞིབ་བཤེར་བྱས།


ཟླ་1པོའིཚེས་29ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་རུ་ཞུགས་པའི་བདེ་ཆེན་ཁུལ་གྱི་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་མུ་མཐུད་ནས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུ་གྲོས་ཞིབ་བྱས་པ་དང་“ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་”འཆར་འགོད་རྩ་གནད་འཆར་ཟིན་ཞིབ་བཤེར་བྱས།
བདེ་ཆེན་ཁུལ་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ལུའོ་ཁྲའོ་ཧྥེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་། ཚོགས་གཙོ་གཞོན་པ་ལི་ཡན་ལན་དང་ཀྲང་ཝེ་ཏུང་སོགས་གྲོས་ཞིབ་ནང་ཞུགས། འཐུས་ཚབ་ཚོགས་པའི་འཐུས་མི་ཁག་གིས་སྙན་ཞུའི་ནང་དོན་ལ་དམིགས་ནས་རང་རང་གི་བསམ་འཆར་བཤད་པ་དང་རང་དགར་གཏམ་བཤད་བྱས།
ཚང་མས་སྙན་ཞུའི་ནང་ཕྱོགས་བསྡོམས་བྱས་པའི་གྲུབ་འབྲས་དེ་ཕྱི་རོལ་ཡུལ་དང་མཐུན་པ་དང་ཞིབ་ཕྲ་ཡིན། ཞིང་ཆེན་གྱི་གནས་ཚུལ་དངོས་དང་མང་ཚོགས་ཀྱི་རེ་སྒུག་མཚོན་ཡོད་པས། དར་ཆ་མཐོ་སྒྲེང་དང་དངོས་འཚོལ་དོན་གཉེར། སེམས་ཤུགས་གཅིག་སྒྲིལ། འབད་བརྩོན་ཡོང་བར་སྐུལ་མ་གཏོང་བའི་སྙན་ཞུ་ཡག་པོ་ཞིག་ཡིན་པས་མོས་མཐུན་བྱེད་ཀྱི་ཡོད་ཅེས་གསུང་།

སྙན་ཞུའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱབ་པ་དང་། ཞིང་ཨུའི་“3815”འཐབ་ཇུས་འཕེལ་རྒྱས་དམིགས་འབེན་ལ་དམ་པོ་འཛིན་ཡོད་པས་མོས་མཐུན་བྱེད་ཀྱི་ཡོད། ཆོས་ལུགས་ལས་རིགས་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཁྲོད་ཟམ་པ་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་པར་སྔར་ལས་རྒྱབ་སྐྱོར་བྱེད་དེ་བོད་བརྒྱུད་ནང་བསྟན་གྱི་སློབ་གསོ་གསོ་སྦྱོང་དགེ་རྒན་མཛོད་འཛུགས། རྒྱུན་མཐུད་ངང་ཆོས་ལུགས་བྱེད་སྒོ་སྤེལ་སའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། ཆོས་ལུགས་མི་སྣའི་འཚོ་བར་སེམས་ཁུར་བྱས། ཧུར་ཐག་ངང་ཆོས་ལུགས་མི་སྣ་ཁྲིད་སྟོན་བྱེད་དེ་རང་འགུལ་ངང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་སོགས་བྱེད་སྒོ་ནང་ཞུགས་ཏེ་ཕྱོགས་ཡོངས་ནས་“རི་བོ་གཉིས་”བཅོས་སྐྱོང་ལག་བསྟར་བྱས་པའི་བསམ་འཆར་འདོན།

ཞིང་དཔོན་ཝང་ཡུས་པའོ་ཡིས་གནང་བའི་ལས་དོན་སྙན་ཞུ་ནང་“ལོ་ལྔའི་འཆར་གཞི་ཨང་བཞི་པའི་”གྲུབ་འབྲས་ཕྱོགས་བསྡོམས་བྱེད་ཡོད་ལ། “ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་”དམིགས་འབེན་ལས་འགན་བཀོད་སྒྲིག་བྱེད་འདུག བག་ཆགས་ཆེ་ཤོས་ནི་སྙན་ཞུའི་ནང་བཏོན་པའི་ཞིང་ལས་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཁྱོན་ཡོངས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། སྐོར་གསར་པའི་ཞིང་ལས་ལ་སྐུལ་འདེད་དང་ཡོང་སྒོ་འཕར་བའི་བྱ་སྤྱོད་ལག་བསྟར་བྱེད་དེ་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ་དེ་རེད། ང་ཚོའི་གྲོང་གསེབ་དང་ཞིང་པ། ཞིང་ལས་ཐོན་ལས་གཏིང་ཟབ་པའི་གཞི་རིམ་གྱི་ཁེ་ལས་བཅས་ཚང་མར་རེ་བ་ཡོད། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། དེ་བཞིན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་བཅས་ཀྱིས་འཇོལ་རྫོང་གི་2026ལོའི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་ཏེ་ས་བབ་དང་བསྟུན་ནས་འཇོལ་རྫོང་གི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱས། མུ་མཐུད་ནས་སྲོལ་རྒྱུན་གྱི་ནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་ཐོན་ལས་འཕེལ་རྒྱས་དེ་བས་འགྲན་རྩོད་ནུས་པ་ཡོང་བ་བྱས་ནས་ཞིང་པ་མང་པོའི་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།


ཞིང་དཔོན་ཝང་ཡུས་པའོ་ཡིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་ཞུར་ཞིབ་ཚགས་ཉན་ཡིན། སྙན་ཞུའི་ནང་གྲུབ་འབྲས་ཕྱོགས་བསྡོམས་བྱས་པ་དང་ལས་དོན་བཀོད་སྒྲིག་གནད་ལ་འཁེལ་ཏེ། མི་སེམས་གཅིག་བསྡུས་ཀྱི་སྙན་ཞུ་ཞིག་ཡིན་པས་མོས་མཐུན་བྱེད་ཀྱི་ཡོད། འབའ་ལུང་རྫོང་ནི་རྒྱལ་ཡོངས་ཀྱི་ལི་སུའུ་རིགས་རང་སྐྱོང་རྫོང་དང་གྲོང་གསེབ་དར་རྒྱས་ཀྱི་རོགས་སྐྱོར་རྫོང་གཙོ་བོ་ཡིན། འགྲིམ་འགྲུལ་གྱི་ཆ་རྐྱེན་ཡག་པོ་མིན་པས། ཡུས་ལུང་(ཞུང་ཀུའུ་)ནས་འབའ་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་རྣམ་གྲངས་སྐུལ་འདེད་དང་མ་དངུལ་བརྩོན་ལེན་ཐད་རོགས་སྐྱོར་བྱས་རོགས། ཞིང་ཆེན་མི་དམངས་སྲིད་གཞུང་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་གྲོང་གསེབ་འཕེལ་རྒྱས་གཏོང་བའི་རོགས་སྐྱོར་གཙོ་གནད་རྫོང་གི་སྨན་བཅོས་གནས་གཏན་རོགས་སྐྱོར་ལས་ཀར་ཤུགས་སྣོན་རྒྱག གཞི་རིམ་གྱི་མཉམ་འདྲེས་སྨྱན་སྦྱོར་ལ་ཐོན་ཁུངས་རོགས་སྐྱོར་བྱས་ནས། གཞི་རིམ་མཉམ་འདྲེས་སྨྱན་སྦྱོར་གྱིས་སྲིད་ཇུས་ཀྱི་ནང་དོན་བརྒྱུད་སྤྲོད་བྱེད་པ་དང་མང་ཚོགས་ཀྱི་དགོས་མཁོ་ལ་ཞབས་འདེགས་ཞུ་བཅུག་པའི་བསམ་འཆར་བཏོན།
རང་རེའི་ཞིང་ཆེན་གྱི་“ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་”འཆར་འགོད་རྩ་གནད་འཆར་ཟིན་ཞིབ་བཤེར་དང་གྲོས་བསྡུར་བྱས་སྐབས།ཚང་མས། ལོ་ལྔའི་རིང་ཞིང་ཡོངས་ཀྱིས་”གནས་གཏན་གསུམ་”མི་གཡོ་བར་དམིགས་པ་དང་“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཡུལ་ལ་དམིགས་ནས་གྲུབ་འབྲས་ཡག་པོ་ཐོབ། “ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་”དུས་རིམ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐལ་འདེད་གཏོང་བ་དང་ཡུན་ནན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་དུས་རིམ་འགག་རྩ་ཞིག་ཡིན། འཆར་འགོད་རྩ་གནད་འཆར་ཟིན་གྱིས་ཚན་རིག་དང་མཐུན་པའི་ངང་ཞིང་ཡོངས་ཀྱི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་དམིགས་ཡུལ་བཀོད་སྒྲིག་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ལས་དོན་ཁག་རྒྱུན་ཆད་མེད་པར་ཐོལ་བརྒལ་གསར་པ་དང་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་འདུག་ཅེས་སྟོན།
གྲོས་ཚོགས་ཐོག་ད་དུང་འཆར་གཞི་དང་སྔོན་རྩིས་སྙན་ཞུ་ཞིབ་བཤེར་བྱས་ནས། འབྲེལ་ཡོད་འོས་མི་འདེམས་རྒྱུའི་སྐོར་ནང་གྲོས་བྱས།
责任编辑:达瓦只玛 吹批拉姆
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
བདེ་ཆེན་ཁུལ་གྱི་འཐུས་ཚབ་ཚོགས་པས་མུ་མཐུད་ནས་སྲིད་གཞུང་གི་ལས་དོན་སྙན་ཞུ་གྲོབ་ཞིབ་བྱས་པ་དང་། “ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་”འཆར་འགོད་རྩ་གནད་འཆར་ཟིན་ཞིབ་བཤེར་བྱས།
བདེ་ཆེན་ཁུལ་གྱི་འཐུས་ཚབ་ཚོགས་པས་སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་ཞིབ་བྱས།
བདེ་ཆེན་དུ་སྡོད་པའི་ཞིང་ཆེན་དམངས་ཆེན་འཐུས་མི་རྣམས་ཀྱིས་མྱོང་ཚོར་བཤད་པ་དང་འཕེལ་རྒྱས་གླེང་།
ཁུལ་ཡོངས་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་འཚོགས།
དཔའ་མཛངས་རྟུལ་ཕོད་ངང་མདུན་སྐྱོད་ཀྱི་རོལ་དབྱངས་དཀྲོལ་ནས་རིག་གནས་ཀྱི་བདེ་ཆེན་གསར་པ་འཛུགས་སྐྲུན་བྱ་དགོས།-2025ལོར་བདེ་ཆེན་ཁུལ་གྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་ཕྱོགས་བསྡུས་ཀྱི་སྒྲིལ་གླེང་།
བདེ་ཆེན་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་།
ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་བདེ་ཆེན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་དང་གནས་སྐབས་ཀྱི་ཏང་ཀྲི་པུའུ་ཡི་ཚོགས་འདུ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་ཡིང་མེང་ཅ་ཉན་ཧྭ་རིག་གནས་ཐོན་ལས་འཕེལ་རྒྱས་(ཝུན་ཀྲུའུ)ཚད་ཡོད་ཀུང་སི་དང་ཐུག་འཕྲད་གནང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
