中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཅུའེ་ཚའེ་ཧྲང་གྲོང་ཚོས་རྩ་འཛུགས་སྣེ་ཁྲིད་བྱས་དེ་ལྕ་བ་ལོ་ལེགས་ཐོབ།

ཁྱབ་བསྒྲགས་དུས་ཚོད་:2026-02-06 15:20:45

འབའ་ལུང་རྫོང་ཀྲུང་ལུའུ་ཤང་ཅུའེ་ཚའེ་ཧྲང་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཧྲེང་ཧའེ་དང་ཡུན་ནན་མཉམ་ལས་བྱས་པའི་གོ་སྐབས་ལ་དམ་འཛིན་བྱས་ཏེ། ཡུན་ནན་ལྕ་བ་ཀྲུང་ལུགས་སྨན་རྩྭའི་ཁྱད་ལྡན་འདེབས་འཛུཊ་ཐོན་ལས་གསོ་སྤེལ་བྱས།

མང་ཚོགས་ཁག་གི་སེམས་ཁྲལ་སེལ་ཆེད།ཏང་ཡོན་གྱིས་དུད་ཁ་བོགས་ལེན་བྱས་པ་སྣེ་ཁྲིད་བྱས་ཏེ། ཆབ་སྲིད་སྒྲོག་འགྲེལ་དང་མདུན་ལྗོངས་དབྱེ་ཞིབ། ཁེ་ཕན་རྩིས་རྒྱག་སྟེ། མང་ཚོགས་ལས་དོན་རྒྱུས་ལོན་གཏིང་ཟབ་བྱས་ནས། བསམ་བློ་གཅིག་འགྱུར་དང་འདུ་ཤེས་ཐུན་མོང་བྱས།

རི་ཁུལ་དུ་འདེབས་འཛུཊ་དང་སྐྱེལ་འདྲེན་བྱས་དཀའ་བ། རྨོ་འདེབས་དུས་ཚོད་མི་མཐུན་པ་སོཊ་ཀྱི་གནད་དོན་ལ་དམིགས་ཏེ། ཏང་རྩ་འཛུཊ་ཀྱིས་ཇུས་གཞི་གསར་གཏོད་དང་ཐག་གཅོད་པར་སྣེ་ཁྲིད་བྱས་ཤིང་། མི་མེད་གནམ་གྲུ་ཡིས་ཕུང་ཕྲུག་སྐྱེལ་འདྲེན་བྱས་ནས་ལས་གཉེར་དུས་ཚོད་ལེཊ་སྒྲིག་བྱས། གྲོང་ཚོ་ཨུ་ལྷན་གྱིས་དཔལ་འབྱོར་མཉམ་ལས་ཁང་ལ་བརྒྱུད་ནས་ས་ཞིང་མུའུ་75ཚད་ལྡན་དུ་འཁོར་རྒྱུག་བྱས་པ་དང་མུའུ་རེར་འཁོར་རྒྱུག་གྲོན་དངུལ་སྒོར་1000སྤྲད་དེ། ཞིང་དུད་ཀྱི་ས་ཞིང་ཡོང་འབབ་འགན་ལེན་བྱས།

ཅུའེ་ཚའེ་ཧྲང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་ཕྱི་རོལ་གྱི་ཐོན་ཁུངས་རྒྱ་སྐྱེད་གཏོང་སྟེ།ཀང་སུའུ་ཧུང་ཅིན་གླིང་ཀུང་སི་ནང་འདྲེན་བྱས་ནས། ཏང་རྩ་འཛུཊ་དང་མཉམ་ལས་ཁང་། སྣེ་ཁྲིད་ཁེ་ལས། ཞིང་དུད་བཅས་མཉམ་ལས་བྱས་པའི་རྣམ་པ་གསར་གཏོད་བྱས། 2025ལོར་ཅུའེ་ཚའེ་ཧྲང་གྲོང་ཚོས་མཐིལ་སྲུང་སྐྱིན་ཚབ་འཇལ་བའི་དོན་ཚན་ལ་བརྟེན་ནས། མུའུ་75འདེབས་འཛུགས་རྟེན་གཞིར་ཡོང་འབབ་སྒོར་ཁྲི་24.25བྱུང་། ཐོན་རྫས་རིན་ཐང་སྒོར་ཁྲི་170ཟིན།

2024ལོའི་ཟླ་10པའི་ཟླ་འགོ་ནས་2025ལོའི་ཟླ་9པའི་ཟླ་མཇུག་བར་ཅུའེ་ཚའེ་ཧྲང་གྲོང་ཚོས་ཡུན་ནན་ལྕ་བའི་ཐོན་ལས་རྣམ་གྲངས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་61.25བཏང་ནས་སྤྱིའི་ཡོང་འབབ་སྒོར་ཁྲི་92.25མངོན་འགྱུར་བྱུང་།

2025ལོར་གྲོང་ཚོ་ཡོངས་ཀྱི་དབུལ་ཕོངས་དུད་ཁ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་15346.43བར་བརྟན་པོའི་ངང་འཕར་ནས།མཉམ་དུ་ཕྱུག་པོ་འགྱུར་བར་རྨང་གཞི་དེ་བས་བརྟན་པོ་གཏོང་།

  • བདེ་ཆེན་གསར་འགྱུར།

བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།

《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད། 

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་། 

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com