ལུའོ་ཁྲའོ་ཧྥེང་གིས་གླེགས་བམ་དང་ནན་ཅེ་ལུའོ་རུ་བརྟག་ཞིབ་གནང་སྐབས་སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་བཞག་པ་རྒྱུན་འཁྱོངས་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཟླ་6པའི་ཚེས་23ཉིན་ནས་ཚེས་24ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་འཇོལ་རྫོང་དུ་ཕེབས་ནས་གླེགས་བམ་གྱི་ཕྱོགས་བསྡུས་བཅོས་སྒྲིག་ཚད་ལྡན་མཐོར་གཏོང་དང་དེ་བཞིན་ནན་ཅེ་ལུའོ་ཡི་སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས་ལས་དོན་ལ་བརྟག་ཞིབ་གནང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་”གི་འདུ་ཤེས་བརྟན་པོ་བཙུགས་པ་དང་ལག་ལེན་བསྟར་ནས་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་གདོད་མའི་སྐྱེ་ཁམས་ཀྱི་མི་ཆོས་རིག་གནས་དང་རང་བྱུང་མཛེས་ལྗོངས་སྲུང་སྐྱོང་ཡག་པོ་བྱས་ཏེ་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཟླ་6པའི་ཚེས་23ཉིན། ལུའོ་ཁྲའོ་ཧྥེང་དང་བཅས་པས་གླེགས་བམ་ཕྱོགས་བསྡུས་བཅོས་སྒྲིག་ཚད་ལྡན་མཐོར་གཏོང་ལས་དོན་ལ་བརྟག་ཞིབ་གནང་།
གླེགས་བམ་གྲོང་ཚོར། ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་མེ་འགོག་འགྲོ་ལམ་འཛུགས་སྐྲུན་དང་རྣམ་པ་དོ་དམ་ཚོད་འཛིན། བཙོག་ཆུ་གཙང་སེལ། འགྲུལ་ཞུགས་དམངས་སྲོལ་སྡོད་ཁང་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་གནང་། ཁོང་གིས་གླེགས་བམ་ལ་“ལྷ་ཡུལ་གཡོན་དུ་ཡོད་པ་དང་གླེགས་བམ་གཡས་སུ་ཡོད་”ཀྱི་མཚན་སྙན་ཡོད་པས་ཀུན་གྱིས་ཁས་ལེན་པའི་བོད་ཀྱི་སྦས་ལུང་དང་མི་ཡུལ་གྱི་ཞིང་ཁམས་ཤིག་རེད། གླེགས་བམ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དེ་མི་ཉུང་བ་དང་རྩེ་གྲ། སྤུས་ལེགས་བཅས་ཀྱི་ལམ་ཐིག་ཐོག་བསྐྱོད་དགོས་པ་དང་། ཡུལ་སྐོར་གྱི་སྤུས་ཚད་དང་ཉམས་ལེན་ལ་དམིགས་ཏེ་ཡུལ་སྐོར་བའི་སྣ་མང་ཅན་གྱི་དགོས་མཁོ་སྐོང་ཐུབ་པ་བྱས་ནས་ཡུལ་སྐོར་བ་ཚང་མར་རྨི་ལམ་ལྟ་བུའི་མཛེས་ལྗོངས་མྱོང་ཚོར་ཐུབ་པ་བྱེད་དགོས་ཞེས་བཏོན།
ལུའོ་ཁྲའོ་ཧྥེང་གིས་གླེགས་བམ་ཕྱོགས་བསྡུས་བཅོས་སྒྲིག་ཚད་ལྡན་མཐོར་གཏོང་ལས་དོན་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་“བཅོས་སྒྲིག”གི་ལས་དོན་ཏན་ཏིག་བསྒྲུབས་ནས་ཁོར་ཡུག་འཕྲོད་བསྟེན་དང་མེ་ཟོན་བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་བཅོས་སྒྲིག་གཏིང་ཟབ་ཏུ་གཏོང་ནས་གསོག་འབོར་དང་ཁྲིམས་འགལ་གྱི་འཛུགས་སྐྲུན་ཁྱོན་ཡོངས་ནས་གཙང་སེལ་བྱེད་པ་དང་ཁྲིམས་འགལ་གྱི་འཛུགས་སྐྲུན་གསར་པ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། “ཚད་ལྡན་”གྱི་ལས་དོན་ཏན་ཏིག་བསྒྲུབས་ནས་“ས་ཐོག་ལས་འགོ་བཙུགས་ན་ངེས་པར་དུ་འཆར་འགོད་དགོས་པ་དང་ཞིབ་བཤེར་ཆོག་མཆན་སྤྲོད་དགོས་”ཞེས་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། ཁྲིམས་སྲོལ་ལྟར་བཙོག་ཆུ་དང་གད་སྙིགས་གཙང་སེལ་ཚད་ལྡན་དུ་གཏོང་བ་དང་། ས་ཆ་བེད་སྤྱོད་དང་གྲོང་གསེབ་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཁོར་ཡུག་གི་ཐེག་ནུས་ལ་ཚན་རིག་དང་མཐུན་པའི་ངང་དབྱེ་ཞིབ་བྱེད་པ། འགྲུལ་ཞུགས་དམངས་སྲོལ་སྡོད་ཁང་གི་སྤྱི་འབོར་དང་འཛུགས་སྐྲུན་གཞི་ཁྱོན། ཆོག་འཐུས་ཚད་གཞི་བཅས་དོ་དམ་ཚོད་འཛིན་ནན་པོ་བྱེད་པ་བཅས་བྱས་ནས་ཡུལ་སྐོར་གཉེར་སྐྱོང་སྒྲིག་ལམ་ཚད་གཞི་ཅན་དང་ཚད་ལྡན་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས། “མཐོར་འདེགས་”ཀྱི་ལས་དོན་ཏན་ཏིག་བསྒྲུབས་ནས་གླེགས་བམ་གྲོང་ཚོའི་མཉེན་ཆས་དང་མཁྲེགས་ཆས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་ཕྱོགས་ཡོངས་ནས་རིམ་སྤོར་བྱེད་པ་དང་། ཤར་བགྲོད་ནུས་པ་དང་སྐྱེ་ཁམས་སླར་གསོ་དང་མེ་འགོག་བགྲོད་ལམ་བསྐྲུན་རྒྱུར་ལྟ་རྟོག་བྱེད་པ། རང་ས་གནས་ཀྱི་བོད་ཀྱི་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས་གྲོང་ཚོའི་འཛུགས་སྐྲུན་གྱི་རྣམ་པ་གཏོད་པ། ཆུའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་གཅིག་གྱུར་འཆར་འགོད་དམ་འཛིན་ཡག་པོ་བྱས་ནས་མཛེས་ལྗོངས་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས། “དོ་དམ་”གྱི་ལས་དོན་ཏན་ཏིག་སྒྲུབ་པ་དང་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་ལ་ཤུགས་སྣོན་རྒྱག་པ། གྲོང་མིའི་ཐོན་སྐྱེད་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཡུལ་སྐོར་བའི་ཡ་རབས་ཡུལ་སྐོར་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཚོང་དུད་ཀྱིས་ཁྲིམས་ལྟར་ཁ་དན་ཚིག་གནས་གཉེར་སྐྱོང་བྱེད་པར་ཁྲིད་སྟོན་བཅས་བྱས་ནས་ཕྱོགས་མང་མཉམ་འགུལ་དང་མཉམ་འཛིན་ཐུན་མོང་དོ་དམ་གྱི་བཅོས་སྐྱོང་རྣམ་པ་སྐྲུན་དགོས། “གཉེར་སྐྱོང་”གི་ལས་དོན་ཏན་ཏིག་བསྒྲུབས་ནས་ཁྲིམས་མཐུན་ལུགས་མཐུན་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མཛེས་ལྗོངས་ཁུལ་གྱི་འཆར་འགོད་དང་གཉེར་སྐྱོང་དོ་དམ་གཅིག་གྱུར་འཆར་འགོད་བྱེད་པ་དང་། མང་ཚོགས་དང་གྲོང་ཚོ་མཉམ་སྡེབ་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་སྣ་མང་རྒྱ་ཆེར་གཏོང་བ། མ་འཇོག་དང་ཐོན་འབབ་ཀྱི་རྩིས་ཐོ་ཞིབ་རྩིས་རྒྱག་པ་བཅས་བྱས་ཏེ་སྐྱེ་ཁམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས། དཔལ་འབྱོར་གྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཚགས་དང་མཐུན་སྦྱོར་བྱས་ནས་ཕན་འབྲས་ཆེ་རུ་གཏོང་བ་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཟླ་6པའི་ཚེས་24ཉིན། ལུའོ་ཁྲའོ་ཧྥེང་དང་བཅས་པས་ནན་ཅེ་ལུའོ་ཡི་མཚེའུ་ཨང་5པར་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་བྱས་ཚུལ་ལ་ལྟ་ཞིབ་གནང་།
ནན་ཅེ་ལུའོ་རུ། ལུའོ་ཁྲའོ་ཧྥེང་གིས་མཚེའུ་ཨང་4པ་དང་ཨང་5པ། ཨང་8པ། ཨང་9པ་སོགས་བརྒྱུད་དེ་ཡུལ་དངོས་སུ་“གཙང་གསུམ་མཉམ་རྒྱུག་”གི་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་དང་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་ཧ་ཀྲི་ཏུའོ་དྲིལ་བསྒྲགས་སློབ་གསོ་ལྟེ་གནས་ཀྱི་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་དང་དེ་བཞིན་མཛེས་ལྗོངས་ཁུལ་གྱི་ཚད་ལྡན་གཉེར་སྐྱོང་གྲ་སྒྲིག་ལས་དོན་ལ་བརྟག་ཞིབ་བྱས། ཁོང་གིས་སྐྱེ་ཁམས་སྲུང་སྐྱོང་གི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་བརྟན་སྲུང་བྱས་ནས་“གཙང་གསུམ་མཉམ་རྒྱུག་”གི་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་དང་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་སྲུང་སྐྱོང་དོ་དམ་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་རི་མཐོ་པོའི་མཚེའུ་དང་གདོད་མའི་ནགས་ཚལ། རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་སོགས་སྐྱེ་ཁམས་ཐོན་ཁུངས་ཀྱི་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མིས་ཐེ་ཇུས་བྱེད་ཚད་ཉུང་དུ་གཏོང་བ་དང་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་ནུས་ལྡན་དང་རྒྱུན་མཐུད་བེད་སྤྱོད་ཐུབ་པར་འགན་ལེན་བྱེད་དགོས། ཁྲིམས་དང་སྒྲིག་སྲོལ་ལྟར་གཉེར་སྐྱོང་གི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ནས་“རི་འོག་”གི་ལས་རིགས་རྣམ་པའི་བཀོད་སྒྲིག་ཕུན་སུམ་ཚོགས་སུ་གཏོང་ནས་ནན་ཅེ་ལུའོ་བདེ་འཇགས་དང་ཚད་ལྡན། གོ་རིམ་ལྡན་པ་བཅས་ཀྱི་སྒོ་དབྱེའི་གཉེར་སྐྱོང་འགན་ལེན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་དང་ཡུལ་སྐོར་བའི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་མཐོ་རུ་གཏོང་ནས་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པར་ཁྲིད་སྟོན་བྱེད་དགོས་ཞེས་ནན་གྱིས་བསྟན།

ལུའོ་ཁྲའོ་ཧྥེང་དང་བཅས་པས་ནན་ཅེ་ལུའོ་ཡི་མཚེའུ་ཨང་9པའི་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་།
ཞུས་ཀོང་ཏེ་དང་ལི་ཐའོ། འཇོལ་རྫོང་ཨུ་དང་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བརྟག་ཞིབ་ནང་ཞུགས།
འགན་འཁུར་རྩོམ་སྒྲིག་པ།:拉茸初姆
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་གླེགས་བམ་དང་ནན་ཅེ་ལུའོ་རུ་བརྟག་ཞིབ་གནང་སྐབས་སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་བཞག་པ་རྒྱུན་འཁྱོངས་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
པའོ་ཧོ་གྲོང་རྡལ་སྤྱི་ཚོགས་འགན་བཅོལ་ལྟེ་གནས་ཀྱིས་རྩེ་སེམས་གཅིག་སྒྲིམ་གྱིས་དམངས་འཚོའི་དོན་དངོས་ཡག་པོ་སྒྲུབ།
སྔོ་ལྗང་རི་ཀླུང་གིས་མི་དམངས་མང་ཚོགས་ལ་ཕན་པ་དེ་བས་ཆེ་བ་ཐོབ་པར་བྱེད།——པོ་ཏ་མཚོ་ཡུལ་སྐོར་ལས་རིགས་ཡན་ལག་ཀུང་སིས་ལྗང་མདོག་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་ནས་སྣོད་བཅུད་མཛེས་རིས་བཞེངས་པ།
ས་མཐོའི་འགྲན་རའི་ཚེ་སྲོག་གི་འགོག་སྲུང་འཛིང་རགས་ཏེ།ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོ་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་སྨན་བཅོས་འགན་སྲུང་ལས་དོན་གྱི་དངོས་བྲིས།
ཁུལ་ཨུ་ཡིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་ཐེངས་18པ་འཚོགས།
རྟ་ཁ་བཏགས་ཀྱིས་གངས་ལྗོངས་ཀྱི་དམངས་སྲོལ་རིག་གནས་རྣམ་པར་མངོན།
སྨི་1000གི་རྟ་རྒྱུག་འགྲན་བསྡུར་ངོ་མཚར་ཆེ་བའི་འགོ་ཚུགས་པ།
རྟ་རྒྱུག་འགྲན་ཚོགས་ཐོག་གི་རྟ་པའི་ཉམས་འགྱུར།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108