ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བྱང་སྒོ་སྡེ་ཁུལ་དུ་ཕེབས་ནས་བཅར་འདྲི་དང་ལེན་བྱས་པ།

ཟླ་7ཚེས་14ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བྱང་སྒོ་སྡེ་ཁུལ་དུ་ཕེབས་ནས་བཅར་འདྲི་དང་ལེན་བྱས་པ་དང་། ངོ་ཐུག་གདོང་འཕྲད་ཀྱིས་མང་ཚོགས་ཀྱི་རེ་ཞུ་ཉན་པ་དང་ས་གནས་ས་ཐོག་ཏུ་ཐག་གཅོད་ཇུས་གཞིར་ཞིབ་འཇུག་བྱས་ཡོད། ཁོང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཡིག་བསྐུར་ངོ་བཅར་ལས་དོན་དེ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་བ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
བཅར་འདྲི་དང་ལེན་བྱེད་རིང་ལུའོ་ཁྲའོ་ཧྥེང་གིས་ངང་རྒྱུད་རིང་པོའི་སྒོ་ནས་ངོ་བཅར་དུ་ཡོང་བའི་མང་ཚོགས་ཀྱི་བསམ་ཚུལ་ལ་ཉན་པ་དང་། དོན་དག་གི་གནས་ཚུལ་དངོས་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། དུས་འགོའི་ཐག་གཅོད་འཕེལ་རིམ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཁུལ་དང་། གྲོང་ཁྱེར། གྲོང་རྡལ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་མཉམ་དུ་ས་གནས་ས་ཐོག་ཏུ་གཞུང་དོན་སྒྲུབ་པ་དང་ཐག་གཅོད་བྱ་ཐབས་ཐད་གྲོས་བསྡུར་གནང་བ་རེད། ཁོང་གིས་འབྲེལ་ཡོད་སྡེ་ཚན་གྱིས་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་དང་སྒྲིག་སྲོལ་ལ་ནན་པོ་གཞིགས་པ། བརྒྱུད་རིམ་ཧྲིལ་པོར་རྗེས་སྙེགས་ལྟ་སྐུལ་སྒྲུབ་གཉེར་བཅས་བྱས་ནས་མང་ཚོགས་ཀྱི་རེ་ཞུ་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་དོན་དག་ཚང་མར་ལན་ཡོད་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཡིག་བསྐུར་ངོ་བཅར་དུ་ཡོང་བའི་མང་ཚོགས་ཀྱིས་གནད་དོན་ལ་དུས་ཐོག་ཏུ་ལན་བཏབ་པ་དང་ཐག་གཅོད་ནུས་ལྡན་བྱས་པར་ཡིད་ཚིམ་ཡོད།
ལུའོ་ཁྲའོ་ཧྥེང་གིས་བསྟན་དོན། ལུའོ་ཁྲའོ་ཧྥེང་གིས་ཡིག་བསྐུར་ངོ་བཅར་ལས་དོན་ནི་ཏང་གི་མང་ཚོགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཡིག་བསྐུར་ངོ་བཅར་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་ལས་དོན་དེ་མང་ཚོགས་ཀྱི་སེམས་ནང་ཟུག་པ་བྱེད་དགོས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་རྒྱུར་སྣེ་ཁྲིད་ཧུར་ཐག་བྱ་དགོས། མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམིགས་ནས་འགྲིམ་འགྲུལ་ཕྱིར་སྐྱོད་དང་། བདེ་འཇགས་འཐུང་ཆུ། ཐོན་སྐྱེད་བཙོག་འབུད་སོགས་དམངས་འཚོའི་དོ་ཁུར་ཐག་གཅོད་ཡག་པོ་བྱེད་དགོས། ཁྲིམས་སྐྱོང་གི་བསམ་གཞིགས་མཐའ་འཁྱོངས་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞིགས་པ། རིགས་དང་ཁག་བགོས་ནས་བཤིག་སྤོ་བཀོད་སྒྲིག་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གནད་དོན་གྱི་རེ་ཞུ་ཐག་གཅོད་ཡག་པོ་བྱས་ནས་རྗེས་མཐུད་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། སྡེ་ཁུལ་གྱི་ལེགས་ཆར་གཞི་ཚུགས་ཏེ་ཡུལ་བབ་དང་བསྟུན་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་དགོས།
ཞུས་ཀོང་ཏེ་དང་ཧོང་ལུང་ཞིན་བཅར་འདྲི་དང་ལེན་ནང་ཞུགས་ཡོད།
- བདེ་ཆེན་གསར་འགྱུར།
ཁུལ་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྣེ་ཁྲིད་དམག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་འཚོགས་པ།
ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ཐེངས་20པ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་ཞོད་ཐན་སྔོན་འགོག་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད་ཆེད་དོན་གྲོས་ཚོགས་འཚོགས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བའི་ལས་ཀ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས། དམ་འཛིན་གནད་ལ་འཁེལ་བ་བྱེད་དགོས་ཞེས་ནན་བཤད་གནང་།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ།
ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བྱང་སྒོ་སྡེ་ཁུལ་དུ་ཕེབས་ནས་བཅར་འདྲི་དང་ལེན་བྱས་པ།
ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླའི་ཁོངས་ཡོངས་ལྟ་སྐོར་རིག་གནས་ཡུལ་སྐོར་རྣམ་གྲངས་ལ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཐོག་མའི་བསམ་འདུན་དང་གནས་ཐིག་གཏན་འཁེལ་གཞི་རྩར་འཛིན་པ་དང་། སྟོབས་ཤུགས་གཅིག་སྒྲིལ་བྱེད་དེ་མཁྲེགས་གཏོར་དང་དཀའ་གནད་སེལ་ནས་ནུས་ཤུགས་ཡོད་རྒུས་རིག་གནས་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤར་གྱི་ཚད་ཤིང་རྣམ་གྲངས་བཞེངས་སྐྲུན་བྱེད་དགོས།
ཀྲང་ཝེ་ཏུང་སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་དུ་ཕེབས་ནས་ཁེ་ལས་འཕེལ་རྒྱས་དང་ཞིང་འབྲེལ་ཞིང་ཁྲིད་ལས་དོན་ལ་བརྟག་ཞིབ་གནང་བ།
ཞོགས་པ་བདེ་ལེཊ། འཛམ་གླིང་གི་སེམས་ཀྱི་ཉི་ཟླ།མེ་ཏོག་གི་འགྲུལ་བཞུད།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108