ཀྲང་ཝེ་ཏུང་སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་དུ་ཕེབས་ནས་ཁེ་ལས་འཕེལ་རྒྱས་དང་ཞིང་འབྲེལ་ཞིང་ཁྲིད་ལས་དོན་ལ་བརྟག་ཞིབ་གནང་བ།
ཟླ་7པའི་ཚེས་13ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་དུ་བརྟག་ཞིབ་བྱས་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧྲེང་ཏ་འབྲི་འོ་ཐོན་ལས་ཚད་ཡོད་ཀུང་སི་དང་། སེམས་ཀྱི་ཉི་ཟླ་ཨ་རག་ལས་རིགས་མ་རྐང་ཚད་ཡོད་ཀུང་སིར་བསྐྱོད་དེ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་། ཐོན་ནུས་འཛུགས་སྐྱོང་། ཁྲོམ་རའི་བྲིན་ཚོང་། ཞིང་འབྲེལ་ཞིང་ཁྲིད་དང་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧྲེང་ཏ་འབྲི་འོ་ཐོན་ལས་ཚད་ཡོད་ཀུང་སིར་ཀྲང་ཝེ་ཏུང་ཐོན་སྐྱེད་འཁོར་ཁང་དང་ཐོན་རྫས་འགྲེམས་ཁང་དུ་བསྐྱོད་དེ་ཁེ་ལས་ཀྱི་མ་བཅོས་རྒྱུ་ཆ་ཉོ་སྒྲུབ་དང་། ཐོན་སྐྱེད་སྒྲུབ་རིམ་རིམ་སྤར། ཐོན་རྫས་ཞིབ་འཇུག་གསར་སྤེལ་བཅས་དང་དེ་བཞིན་མཐའ་འཁོར་གྱི་ཞིང་འབྲོག་དུད་ཚང་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ་སོགས་ཀྱི་གནས་ཚུལ་སྙན་སེང་ཞིབ་ཕྲ་ཉན་པ་རེད། ཁོང་གིས་ཁེ་ལས་ཀྱིས་ས་མཐོའི་ཁྱད་ལྡན་འོ་མའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་བཟའ་བཅའི་བདེ་འཇགས་ཀྱི་སྲོག་རྩ་བརྟན་སྲུང་བྱེད་པ་དང་། ཐོན་སྐྱེད་ལས་སྣོན་གྱི་བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་ནན་པོ་བཟོ་བ། ཐོན་རྫས་ཀྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་གཏོང་བ། ཞིབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། ས་མཐོའི་འབྲི་འོ་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རང་ངོས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་སྔོག་འདོན་གཏིང་ཟབ་བྱས་ཏེ་རང་ས་ནས་འཚར་ལོངས་ཡོང་བའི་ནང་དོན་དང་ཁྱད་ལྡན་ཐོན་ལས་ཀྱི་རིག་གནས་ལ་བརྟེན་ནས་ཁེ་ལས་འཕེལ་རྒྱས་ཀྱི་གཏམ་རྒྱུད་དང་། ས་མཐོའི་ཐོན་ལས་ཀྱི་གཏམ་རྒྱུད། ཞིང་པ་ཕྱུག་འགྱུར་གྱི་གཏམ་རྒྱུད་བཅས་ཡག་པོ་ཤོད་དགོས། ཞིང་འབྲེལ་ཞིང་ཁྲིད་ཀྱི་རྣམ་པ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། འབྲི་འོ་ཉོ་སྒྲུབ་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ། ཉོ་སྒྲུབ་ཀྱི་རིན་གོང་བརྟན་པོ་ཡོང་བ་བྱེད་པ། ས་གནས་དེ་གའི་མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐུབ་པ་བྱེད་པ། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་རྒྱུན་མཐུད་བྱེད་པ། མང་ཚོགས་ལ་རྒྱུན་མཐུད་དང་བརྟན་པོའི་ངང་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཏན་ཏིག་བྱེད་པ་བཅས་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་རམ་འདེགས་བྱེད་དགོས་ཞེས་བསྟན་ཡོད།

སེམས་ཀྱི་ཉི་ཟླ་ཆང་ལས་མ་རྐང་ཚད་ཡོད་ཀུང་སིར་ཀྲང་ཝེ་ཏུང་གིས་མཛོད་ཉར་རྟེན་གཞི་དང་ཐོན་རྫས་འགྲེམས་ཁུལ་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་ནས་སྙོལ་བཟོའི་བཟོ་རྩལ་དང་། ཐོན་ནུས་གཞི་ཁྱོན། སྤུས་རྟགས་ཁྱབ་གདལ། ཁྲོམ་ར་རྒྱ་སྐྱེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ་ཁེ་ལས་འཕེལ་རྒྱས་འཆར་འགོད་དང་མིག་སྔར་འཕྲད་པའི་འཕེལ་རྒྱས་ཀྱི་དཀའ་གནད་འདྲི་རྩད་ནན་ཏན་བྱས་པ་རེད། ཁོང་གིས་ཁེ་ལས་ཀྱིས་དྲང་སྲུང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་ཐོན་རྫས་ཀྱི་རིགས་གསར་གཏོད་བྱེད་པ་དང་། ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ། དྲ་ཐོག་དང་དྲ་ཕྱི་དུས་གཅིག་ཏུ་སྤུས་རྟགས་ཀྱི་ཁྲོམ་ར་ཆེ་རུ་གཏོང་བ་བཅས་བྱེད་དགོས། ས་གནས་ཀྱི་འཕེལ་རྒྱས་ལ་གཞི་ཚུགས་པ་དང་། མ་བཅོས་རྒྱུ་ཆའི་མ་མཐའི་ཉོ་སྒྲུབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མཐའ་འཁོར་གྱི་ཞིང་དུད་ལ་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་རྒུན་འབྲུམ་འདེབས་འཛུགས་བྱ་རྒྱུར་སྐུལ་ཁྲིད་བྱེད་པ། ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པ། ཞིང་འབྲེལ་ཞིང་སྐུལ་གྱི་ཕན་འབྲས་དངོས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁེ་ལས་འཕེལ་རྒྱས་དང་། ཐོན་ལས་རིམ་སྤར། མང་ཚོགས་ཕྱུག་འགྱུར་བཅས་ཕྱོགས་གསུམ་ཀར་ཕན་པ་ཐོབ་པ་བྱེད་དགོས་པའི་བླང་བྱ་བཏོན།
བརྟག་ཞིབ་གནང་རིང་། ཀྲང་ཝེ་ཏུང་གིས་འབྲེལ་ཡོད་འགན་ནུས་སྡེ་ཚན་ཁག་གིས་རང་འགུལ་ངང་མདུན་ཕྱོགས་སུ་སྐྱོད་པ་དང་གནད་སྨིན་ཞབས་འདེགས་ཞུ་བ་དང་། ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་ཞབས་ཞུའི་འདུ་ཤེས་བརྟན་པོ་འཛུགས་པ། ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་གནད་སྨིན་བྱེད་པ། ཁེ་ལས་ཀྱི་མ་དངུལ་འཁོར་རྒྱུག་དང་། ལག་རྩལ་རིམ་སྤོར། ཁྲོམ་ར་ཁྱབ་གདལ་སོགས་ཀྱི་དངོས་ཡོད་དགོས་མཁོར་དམིགས་པ་བཅས་བྱས་ནས་ཁེ་ལས་ཀྱི་འཕེལ་རྒྱས་ཀྱི་དཀའ་གནད་སེལ་རོགས་བྱེད་དགོས་པའི་ནན་བཤད་གནང་།
ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་དབྱང་ཞུའེ་ཝུན་དང་། ཁུལ་རིམ་པའི་འབྲེལ་ཡོད་ཚན་ཁག་དང་སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་དོ་དམ་ཨུ་ལྷན་གྱི་འགན་འཁུར་བ་བརྟག་ཞིབ་ནང་ཞུགས་ཡོད།
- བདེ་ཆེན་གསར་འགྱུར།
བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།
བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།
《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།
ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108