中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ཐེངས་20པ་འཚོགས།

རྩོམ་པ་པོ་:何帝龙 拉茸西乐 ཁྱབ་བསྒྲགས་དུས་ཚོད་:2026-07-15 16:03:46
图片

ཟླ་7པའི་ཚེས་14ཉིནཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ཐེངས་20པ་འཚོགས་ནསཉེ་དུས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་གྱི་སྙན་སེང་གསན་པ་དང་དུས་མཚམས་རྗེས་མའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

ཚོགས་འདུའི་ཐོག་བསྟན་དོན།འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་“སྲོག་ཐིག་ལས་ཀ་”དང་། “མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི”འདུ་ཤེས་ལག་ལེན་བསྟར་བའི་གསོན་ཉམས་དོད་པའི་ལག་ལེནཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཨུཞིང་ཆེན་སྲིད་གཞུང་བཅས་ཀྱིས་ཚད་མཐོའི་དོ་ཁུར་དང་གཙོ་གནད་བཀོད་སྒྲིག་བྱས་པའི་དམངས་འཚོའི་ལས་ཀ་གལ་ཆེན་བཅས་ཡིན་པསརིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་ཀའི་དམིགས་བསལ་རང་བཞིན་དང་དངོས་ཡོད་དགོས་གཏུག་རང་བཞིན་ལ་ངོས་འཛིན་གསལ་པོ་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ཏེ་“དུས་དང་རྣམ་པ་ཀུན་ཏུ་བློ་བདེ་པོ་མི་ཡོང་བའི”འགན་འཁྲིའི་འདུ་ཤེས་དང་“སྒུག་མི་ཐུབ་པ་དང་།དལ་མི་རུང་བསྡོད་མི་ཐུབ་པ”བཅས་ཀྱི་འགག་སྒྲོལ་གྱི་རྣམ་འགྱུར་ཐོག་ནས་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

 

ཚོགས་འདུའི་ཐོག་ནན་བཤད་གནང་དོན།2026ལོའི་ལོ་མཇུག་གོང་གནས་སྤོ་ལེགས་སྒྲུབ་ནི་དུས་ཐོག་ཏུ་སྒྲུབ་དགོས་པའི་ལས་འགན་ཞིག་ཡིན་པསརིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་འགྱུར་མེད་ཀྱི་མཚམས་ཚིགས་ལ་དམ་པོར་དམིགས་པ་དང་།རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་མགྱོགས་མྱུར་ངང་འགག་སྒྲོལ་བྱེད་པ།དམིགས་ཚད་དང་།གནད་དོནམཇུག་འབྲས་སྟོན་ཕྱོགས་བཅས་གཞི་གཅིག་ཏུ་སྦྲེལ་རྒྱུ་མཐའ་འཁྱོངས་བྱེད་པབཀོད་སྒྲིག་ཁང་པ་དང་།སློབ་གྲྭ སྨན་ཁང་།གྲོང་སྲིད་ལེ་ལག་ཚང་བགཞུང་ལས་ཁང་སོགས་རྣམ་གྲངས་འཛུགས་སྐྲུན་ལ་རིམ་པ་བཞིན་སྐུལ་འདེད་གཏོང་བ་བཅས་བྱས་ཏེཉིན་ལྟར་འཕེལ་རྒྱས་དང་།གཟའ་འཁོར་རེར་འགྱུར་ལྡོགཟླ་རེར་ཕན་འབྲས་བཅས་ཐོན་པར་བྱེད་དགོསརྣམ་གྲངས་ཁག་གི་མ་དངུལ་དགོས་མཁོ་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱས་ནས་གཞི་གྲངས་གསལ་པོ་དང་གནས་ཚུལ་གསལ་པོ་ཡོང་བ་བྱེདལས་རིགས་ཁག་གི་གཙོ་གཉེར་སྡེ་ཚན་གྱིས་ཐབས་ལམ་ཁག་གི་མ་དངུལ་ཞུ་འབུལ་འཕེལ་རིམ་ལ་རྗེས་སྙེགས་དོན་འཁྱོལ་ཧུར་ཐག་བྱས་ཏེ་ད་ཡོད་ཀྱི་མ་དངུལ་སྤྱོད་པའི་རྨང་གཞིའི་ཐོག་ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་དང་མ་དངུལ་ཐབས་ལམ་རྒྱ་ཆེར་བཏང་སྟེ་རྫོང་མཁར་གནས་སྤོ་བྱ་རྒྱུར་བློས་འགེལ་ཆོག་པའི་མ་དངུལ་གྱི་འགན་ལེན་མཁོ་འདོན་བྱེད་དགོས།འཛུགས་སྐྲུན་བྱེད་རིང་གི་དམངས་འཚོའི་ཞབས་ཞུའི་འགན་ལེན་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་མང་ཚོགས་ཀྱི་བདེ་སྡུག་ཞུ་བའི་ཐབས་ལམ་ཤར་གཏོང་བྱས་ནས་ཨར་ལས་ཀྱི་ཤུགས་རྐྱེན་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཆུང་དུ་གཏོང་དགོས།ཚན་རིག་དང་མཐུན་པའི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་གྱི་ལག་བསྟར་དུས་རིམ་སྤྱི་འདོམས་བྱེད་པ་དང་།ལེགས་ཆའི་སྟོབས་ཤུགས་གཅིག་སྡུད་ཀྱིས་དམངས་འཚོའི་དགོས་མཁོ་ཆེ་བའི་རྣམ་གྲངས་སྔོན་ལ་ལག་བསྟར་བྱེད་པསྔ་ཙམ་བསྐྲུན་པ་དང་།སྔ་ཙམ་རྩིས་སྤྲོདསྔ་ཙམ་སྤྱོད་པ་བཅས་བརྩོན་ལེན་བྱེད་པའི་དུས་མཚུངས་སུ།མིག་སྔའི་བཀོད་སྒྲིག་དང་ཕུགས་ཡུན་གྱི་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པཐོན་ལས་འཕེལ་རྒྱས་ལ་མཉམ་དུ་ཇུས་འགོད་བྱེད་པ་བཅས་བྱས་ནས་མང་ཚོགས་“སྤོ་ཐུབ་པ་དང་།སྡོད་ཐུབ་པཕྱུག་འགྱུར་ཐུབ་པ”བཅས་ལ་འགན་ལེན་བྱེད་དགོས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་དོ་དམ་ཚོད་འཛིན་བྱེད་པའི་ཚད་གཞི་དོན་འཁྱོལ་ནན་པོ་བྱས་ཏེ་“སྡོད་ཐུབ་པའི་ཁང་བ་ཡོད་དར་རྒྱས་བྱེད་ཐུབ་ཀྱི་ལས་རིགས་ཡོད་པ།ལྟ་སྐོར་བྱེད་ཐུབ་པའི་མཛེས་ལྗོངས་ཡོད་པ་ལྡན་པའི་རྫོང་མཁར་མཛེས་ཤོས་བསྐྲུན་རྒྱུའི་ལས་ཀའི་བླང་བྱར་དམིགས་ནས“ཚོད་འཛིན་གཉིས”ཀྱི་བྱེད་ཐབས་ལག་བསྟར་ནན་པོ་བྱས་ཏེཡེ་ཀྲི་གྲོང་རྡལ་གྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་རྡལ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས།ས་གཤིས་གནོད་འཚེ་འགོག་བཅོས་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་དང་།ས་གཤིས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་ཐོན་ཁུལ་ལ་སྐོར་ཞིབ་དང་གྲལ་བཤེར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བབར་བརྒལ་དུས་སྐབས་ཀྱི་གནོད་འཚེ་སྔོན་འགོག་དང་ཉེན་གཡོལ་གྱི་འཕྲལ་སྡོམ་སྔོན་ཇུས་དོན་འཁྱོལ་ནན་པོ་བྱེད་པདུས་མཚུངས་སུ་རྫོང་མཁར་གསར་པའི་སྐྲུན་བཞིན་པའི་རྣམ་གྲངས་དང་དེ་བཞིན་སྤྱོད་བཞིན་པའི་ས་ཁོངས་ཀྱི་བདེ་འཇགས་དོ་དམ་ལ་ཚད་མཐོའི་མཐོང་ཆེན་བྱེད་པཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དང་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ་ཚད་གཞི་མཐོ་ཤོས་དང་།བླང་བྱ་ནན་ཤོསབྱ་ཐབས་ཏན་ཏིག་བཅས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས།

 

མ་གོ་ཀྲུང་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།ཚོགས་འདུ་དེ་བརྙན་ལམ་ཐོག་ནས་འཚོགས་པའཇོལ་རྫོང་དང་ཡེ་ཀྲི་གྲོང་རྡལ་དུ་ཡན་ལག་ཚོགས་ར་བཙུགས།

  • བདེ་ཆེན་གསར་འགྱུར།

རང་ཁུལ་གྱིས་དབྱར་གསེང་ཡུལ་སྐོར་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་ཡུལ་སྐོར་བའི་ཁེ་དབང་སྲུང་སྐྱོང་བྱེད།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཁོངས་གཏོགས་ཀྱི་ཚོང་ཚོགས་དང་མཐུན་ཚོགས་ཀྱི་འགན་འཁུར་བ་དང་མཉམ་དུ“ཁེ་ལས་པའི་མཚན་གཏམ”གྱི་བྱེད་སྒོ་སྤེལ་བ།

སེམས་ཀྱི་ཉི་ཟླའི་བེ་ཤ་གླེང་སྟེགས་སྐབས་བཞི་པ་འཚོགས་པ།

ཁུལ་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྣེ་ཁྲིད་དམག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་འཚོགས་པ།

ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ཐེངས་20པ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་ཞོད་ཐན་སྔོན་འགོག་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད་ཆེད་དོན་གྲོས་ཚོགས་འཚོགས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བའི་ལས་ཀ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས། དམ་འཛིན་གནད་ལ་འཁེལ་བ་བྱེད་དགོས་ཞེས་ནན་བཤད་གནང་།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ།

ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བྱང་སྒོ་སྡེ་ཁུལ་དུ་ཕེབས་ནས་བཅར་འདྲི་དང་ལེན་བྱས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com