中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླའི་ཁོངས་ཡོངས་ལྟ་སྐོར་རིག་གནས་ཡུལ་སྐོར་རྣམ་གྲངས་ལ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཐོག་མའི་བསམ་འདུན་དང་གནས་ཐིག་གཏན་འཁེལ་གཞི་རྩར་འཛིན་པ་དང་། སྟོབས་ཤུགས་གཅིག་སྒྲིལ་བྱེད་དེ་མཁྲེགས་གཏོར་དང་དཀའ་གནད་སེལ་ནས་ནུས་ཤུགས་ཡོད་རྒུས་རིག་གནས་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤར་གྱི་ཚད་ཤིང་རྣམ་གྲངས་བཞེངས་སྐྲུན་བྱེད་དགོས།

ཁྱབ་བསྒྲགས་དུས་ཚོད་:2026-07-14 15:55:33 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片
    ལུའོ་ཁྲའོ་ཧྥེང་དང་བཅས་པས་སེམས་ཀྱི་ཉི་ཟླའི་ཁོངས་ཡོངས་ལྟ་སྐོར་རིག་གནས་ཡུལ་སྐོར་རྣམ་གྲངས་ཀྱི་སུམ་རྩེན་གླིང་ས་ཚུགས་སུ་འབྲེལ་ཡོད་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བཞིན་ཡོད། 

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་13ཉིན་གྱི་ཕྱི་དྲོར།  ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླའི་ཁོངས་ཡོངས་ལྟ་སྐོར་རིག་གནས་ཡུལ་སྐོར་རྣམ་གྲངས་སྐུལ་སྤེལ་གནས་ཚུལ་ལ་བརྟག་ཞིབ་གནང་།  ཁོང་གིས་ནན་བཤད་གནང་དོན།  རྣམ་གྲངས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་དང་།  ཐོན་རྫས་གསར་པ་དང་ལས་རྣམ་གསར་པ།  དཔེ་དབྱིབས་གསར་པ་བཅས་ཀྱི་གནས་ཐིག་གཏན་འཁེལ་ལ་དམ་པོ་དམིགས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་།  གཉེར་སྐྱོང་གི་ལེ་ལག་འཐུས་ཚང་དུ་གཏོང་བ།   ནུས་ཤུགས་ཡོད་རྒུས་རྣམ་གྲངས་སྔ་མོ་ནས་སྐྲུན་ཚར་ནས་བདག་གཉེར་བྱེད་པར་སྐུལ་འདེད་བཏང་ནས་བདེ་ཆེན་གྱི་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤར་བྱེད་པ་ལ་སྒུལ་ནུས་གསར་པ་སྣོན་དགོས། 

    ལུའོ་ཁྲའོ་ཧྥེང་དང་བཅས་པས་སྔ་རྗེས་སུ་སེམས་ཀྱི་ཉི་ཟླའི་ཁོངས་ཡོངས་ལྟ་སྐོར་རིག་གནས་ཡུལ་སྐོར་རྣམ་གྲངས་ཀྱི་སུམ་རྩེན་གླིང་ས་ཚུགས་སོགས་སུ་སོང་སྟེ་ཡུལ་དངོས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་ཚད་ལ་ལྟ་ཞིབ་གནང་བ་དང་།  ས་ཚུགས་ཀྱི་འཆར་འགོད་བཀོད་པ་དང་ལས་རྣམ་ཇུས་འགོད།  ཨར་ལས་ཀྱི་མྱུར་ཚད་སོགས་ལ་རྒྱུས་ལོན་ཞིབ་ཕྲ་གནང་།  དེའི་རྗེས་སུ་སུམ་རྩེན་གླིང་ལྗོངས་ཁུལ་ཀུང་སིར་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ།  རྣམ་གྲངས་སྐུལ་སྤེལ་གནས་ཚུལ་གྱི་སྙན་སེང་ཉན་པ་དང་། གནས་ཡོད་པའི་དཀའ་གནད་ཐག་གཅོད་ལ་ཞིབ་འཇུག་བྱས། 

图片

    ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླའི་ཁོངས་ཡོངས་ལྟ་སྐོར་རིག་གནས་ཡུལ་སྐོར་རྣམ་གྲངས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས།

    ལུའོ་ཁྲའོ་ཧྥེང་གིས་བསྟན་དོན།  སེམས་ཀྱི་ཉི་ཟླའི་ཁོངས་ཡོངས་ལྟ་སྐོར་རིག་གནས་ཡུལ་སྐོར་རྣམ་གྲངས་ནི་རང་ཁུལ་གྱིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་སྟེ་རྩེར་སོན་ཅན་དང་སྤུས་ཀ་ལེགས་པ་རྒྱུན་འཁྱོངས་བྱེད་དེ་རྩེ་གྲའི་ཚད་གཞི་ལྟར་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་ཞེས་པའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ་དང་།  ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་འདེགས་རིམ་སྤར་ལ་སྐུལ་འདེད་གཏོང་བའི་གཙོ་གནད་རྣམ་གྲངས་ཡིན།  རྣམ་གྲངས་དེ་ལག་བསྟར་བྱས་པས་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་དེ་སྲོལ་རྒྱུན་གྱི་ལྟ་སྐོར་རྣམ་པ་ནས་ཉམས་ལེན་གཏིང་ཟབ་པའི་ཡུལ་སྐོར་གྱི་ཕྱོགས་སུ་སྒྱུར་བར་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་གྱི་སྤུས་ཀ་མཐོར་འདེགས་པ་དང་ཡུལ་སྐོར་གྱི་ཉམས་ལེན་ཕུན་སུམ་ཚོགས་སུ་གཏོང་བ།  མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་རྒྱག་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན། 

    ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན།  ཐོག་མཐའ་བར་གསུམ་དུ་ཐོན་རྫས་གསར་པ་དང་ལས་རྣམ་གསར་པ།  དཔེ་དབྱིབས་གསར་པ་བཅས་ཀྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཞི་རྩར་འཛིན་ཏེ།  བློ་ཐག་རྦད་ཆོད་ཀྱིས་འདྲ་མཚུངས་ཅན་དང་རྒྱུན་གཏན་ཅན་གྱི་ལས་རྣམ་དོར་བ། བདེ་ཆེན་ཁོ་ནར་ཡོད་པའི་ཐོན་ཁུངས་ལ་གཞི་ཚུགས་ནས་ཁྱད་པར་ཅན་དང་མཚོན་རྟགས་རང་བཞིན་གྱི་རིག་གནས་ཡུལ་སྐོར་ཐོན་རྫས་བཞེངས་སྐྲུན་བྱེད་པ། རྒྱུན་མཐུད་ངང་ཡུན་ནན་གྱི་འཚོ་བ་ཟེར་བ་ཞིག་སྟེ་འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”སྤུས་རྟགས་ཀྱི་གཟུགས་བརྙན་ཅན་གྱི་ལག་ལེན་གཏིང་ཟབ་ཏུ་གཏོང་བ། བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤར་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་ཁུལ་ཡོངས་ཀྱི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བར་སྒུལ་ནུས་གསར་པ་སྣོན་དགོས། རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་སྟེ་བདེ་འཇགས་དང་སྤུས་ཚད་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཨར་ལས་ཀྱི་སྐར་ཁུང་དུས་རིམ་དམ་འཛིན་བྱེད་པ།  ནུས་ཤུགས་ཡོད་རྒུས་སུམ་རྩེན་གླིང་ས་ཚུགས་སོགས་དུས་རིམ་དང་པོའི་གཙོ་གནད་ས་ཚུགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་རྣམ་གྲངས་སྔ་མོ་ནས་སྐྲུན་ཚར་ནས་བདག་གཉེར་བྱེད་པ་དང་སྔ་མོ་ནས་ཕན་འབྲས་འདོན་སྤེལ་བྱེད་པར་ཁག་ཐེག་བྱེད་དགོས།  མ་དངུལ་བསྡུ་རུབ་ཀྱི་ཐབས་ལམ་རྒྱ་སྐྱེད་དེ་ཧུར་ཐག་སྒོས་དངུལ་ཁང་གི་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བརྩོན་ལེན་བྱས་པའི་དུས་མཚུངས་སུ།ཚོང་འགུག་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་སྟོབས་ཤུགས་ལྡན་པའི་སྤྱི་ཚོགས་མ་རྩ་དེ་བས་མང་པོས་ཐོན་རྫས་ཐེབས་རྩ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པར་འགུག་སྟེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་ཆེར་གཏོང་དགོས། སྔོན་ཚུད་ནས་གཉེར་སྐྱོང་འཆར་འགོད་བྱེད་དེ་གློག་སྤྱོད་གཤོང་ཚད་ཆེ་རུ་གཏོང་བ་དང་ལམ་རྒྱུད་ཀྱི་འགྲིམ་འགྲུལ་འགན་སྲུང་།  རླངས་འཁོར་གཏོང་བའི་ཐེངས་གྲངས་ཚོད་རྩིས་སོགས་གཉེར་སྐྱོང་གི་ལྷན་སྦྱར་ལས་ཀ་གཅིག་འགྱུར་འཆར་འགོད་ཡག་པོ་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་གཉེར་སྐྱོང་ཇུས་གཞི་གཏན་འབེབས་བྱས་ནས་རྣམ་གྲངས་ཚད་གཞི་མཐོ་བ་དང་སྤུས་ཀ་ལེགས་པའི་ངང་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས། ཁུལ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་རང་རྟོགས་ངང་སྔོན་ཚུད་ཞབས་ཞུ་དང་རྒྱུ་རྐྱེན་གཙོ་བོ་འགན་སྲུང་ལ་ཤུགས་སྣོན་རྒྱག་སྟེ། དུས་ཐོག་ཏུ་རྣམ་གྲངས་སྐུལ་སྤེལ་ཁྲོད་ཀྱི་དཀའ་ཚེགས་ཆེ་བའི་གནད་དོན་མཐུན་སྦྱོར་དང་ཐག་གཅོད་བྱེད་པ་དང་། རྣམ་གྲངས་ལག་བསྟར་གྱི་བྱེད་པོས་འགན་འཁྲི་གཙོ་བོ་འཁུར་བ་དང་དམིགས་ཚད་གནས་ངེས་གཞི་རྩར་འཛིན་ཏེ་དུས་ཚོད་ཀྱི་ལྷུ་ཚིགས་ལ་དམ་པོར་བལྟ་ནས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་དགོས།  

    ཞུས་ཀོང་ཏེ་དང་ཧོང་ལུང་ཞིན།   ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་དེ་བཞིན་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པའི་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣ་བྱེད་སྒོར་ཞུགས།  

འགན་འཁུར་རྩོམ་སྒྲིག་པ།:七林卓玛

  • བདེ་ཆེན་གསར་འགྱུར།

བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།

《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད། 

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་། 

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com