中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་ཞོད་ཐན་སྔོན་འགོག་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད་ཆེད་དོན་གྲོས་ཚོགས་འཚོགས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བའི་ལས་ཀ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས། དམ་འཛིན་གནད་ལ་འཁེལ་བ་བྱེད་དགོས་ཞེས་ནན་བཤད་གནང་།

ཁྱབ་བསྒྲགས་དུས་ཚོད་:2026-07-15 14:49:37 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片

ལུའོ་ཁྲའོ་ཧྥེང་གིས་ཡུན་ནན་ཞིང་ཆེན་ཆུ་དཔྱད་དང་ཆུའི་ཐོན་ཁུངས་ཅུས་ཏ་ལི་ཡན་ལག་ཅུས་ཀྱི་བདེ་ཆེན་ཆུ་དཔྱད་སྐོར་སྐྱོད་ཚད་འཇལ་རྟེན་གཞིར་ཆུའི་གནས་ཚུལ་ལྟ་ཞིབ་ཚད་ལེན་སོགས་ལས་ཀའི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་14ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཞོད་ཐན་སྔོན་འགོག་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། ཁུལ་འཕྲལ་བསྟུན་བཀོད་འདོམས་པུའུ་རུ་ཆེད་དོན་གྲོས་ཚོགས་གཙོ་སྐྱོང་གནང་ནས་འཚོགས།  ཁོང་གིས་ནན་བཤད་གནང་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བ། གནོད་སྐྱོབ་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་དང་། ནན་ཏན་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀའི་བླང་བྱ་ལག་བསྟར་བྱེད་དེ།  ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་སློབ་སྦྱོང་སློབ་གསོ་དེ་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བ། གནོད་སྐྱོབ་བཅས་ཀྱི་གོ་རིམ་ཧྲིལ་པོར་ཁྱབ་དུ་བཅུག་པ་དང་། དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས། དམ་འཛིན་གནད་ལ་འཁེལ་བ་བྱེད་པ། ཡོངས་སུ་གྲ་སྒྲིག་ལ་བརྟེན་ནས་གལ་སྲིད་བྱུང་བར་ཁ་གཏད་གཅོག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཁག་ཐེག་བྱེད་དགོས། 
图片
ལུའོ་ཁྲའོ་ཧྥེང་གིས་ཁུལ་ཆུ་དོན་ཅུས་སུ་འབྲུབ་འགོག་དང་བདེ་འཇགས་ཐོན་སྐྱེད་ལས་ཀའི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

    ལུའོ་ཁྲའོ་ཧྥེང་གིས་སྔ་རྗེས་སུ་ཡུན་ནན་ཞིང་ཆེན་ཆུ་དཔྱད་དང་ཆུའི་ཐོན་ཁུངས་ཅུས་ཏ་ལི་ཡན་ལག་ཅུས་ཀྱི་བདེ་ཆེན་ཆུ་དཔྱད་སྐོར་སྐྱོད་ཚད་འཇལ་རྟེན་གཞིར་གནམ་གཤིས་བརྟག་དཔྱད་དང་ཆུའི་གནས་ཚུལ་ལྟ་ཞིབ་ཚད་ལེན་དང་དེ་བཞིན་ཆུའི་ཁོར་ཡུག་ཚད་འཇལ་ལས་དོན་ལ་བརྟག་ཞིབ་གནང་བ་དང་། ཁུལ་ཆུ་དོན་ཅུས་སུ་འབྲུབ་འགོག་ལས་རེས་དང་གནོད་འཚེ་འགོག་སྲུང་དང་དེ་བཞིན་ཨར་ལས་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ།  ཁུལ་འཕྲལ་བསྟུན་དོ་དམ་ཅུས་སུ་ཁུལ་གནོད་འཚེ་དོན་རྐྱེན་ལྟ་ཞིབ་ཚད་ལེན་སྔོན་བརྡ་ལྟེ་གནས་འཛུགས་སྐྲུན་བྱས་ཚུལ་ལ་ལྟ་ཞིབ་གནང་བ་དང་།  ལས་རེས་དང་འཕྲལ་བསྟུན་བཀོད་འདོམས་སོགས་ཀྱི་ལས་ཀའི་གནས་ཚུལ་ལ་རྒྱུས་ལོན་གནང་།  དེའི་རྗེས་སུ་འཚོགས་པའི་ཆེད་དོན་གྲོས་ཚོགས་ཐོག་ཁུལ་ཡོངས་ཞོད་ཐན་སྔོན་འགོག་དང་ས་འགུལ་སྔོན་ཟོན། བདེ་འཇགས་ཐོན་སྐྱེད་སོགས་ལས་ཀའི་གནས་ཚུལ་གྱི་སྙན་སེང་ཉན། 

图片
ལུའོ་ཁྲོ་ཧྥེང་གིས་ཁུལ་འཕྲལ་བསྟུན་བཀོད་འདོམས་པུའུ་རུ་ཆེད་དོན་གྲོས་ཚོགས་འཚོགས་པ།
    ལུའོ་ཁྲའོ་ཧྥེང་གིས་བསྟན་དོན།  མིག་སྔ་ནི་ཟླ་བདུན་པའི་ཟླ་སྨད་དང་ཟླ་བརྒྱད་པའི་ཟླ་སྟོད་ཀྱི་འབྲུབ་འགོག་གི་དུས་ཚོད་གནད་འགག་ཏུ་གནས་ཡོད་པ་དང་། དམིགས་བསལ་གནམ་གཤིས་དོན་རྐྱེན་བྱུང་མང་བའི་གནས་བབ་མངོན་ཡོད་ལ། འབྲུབ་འགོག་དང་གནོད་འཚེ་སྔོན་འགོག་གི་གནས་བབ་བཙན་ཞིང་རྙོག་འཛིང་ཆེ།  ཁུལ་ཡོངས་གོང་འོག་གིས་ངེས་པར་དུ་དོགས་ཟོན་ཆེན་པོ་བྱེད་པ་དང་། བག་མེད་ཀྱི་བསམ་པ་དང་སྟེས་དབང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ།  ཁ་ཚ་དགོས་གཏུག་གི་འདུ་ཤེས་དང་འགན་འཁྲི་ཁུར་སེམས་ཆེ་རུ་ཏན་ཏིག་གཏོང་བ།  རིམ་པ་བཞིན་ཕྱོགས་སོ་སོའི་འགན་འཁྲི་ནན་དུ་དཀྲི་བ།  སྡེ་ཚན་གྱི་འགན་ནུས་དང་འགན་འཁྲི་ཞིབ་ཚགས་དང་དོན་དུ་འཁྱོལ་བ། སྔོན་ཚུད་ནས་ཉེན་བརྡ་གཏོང་བ་དང་ཆ་འཕྲིན་གསང་ཚུལ་མཉམ་སྤྱོད།  གྲོས་མོལ་དང་ཞིབ་འཇུག་བརྡར་ཤ་གཅོད་པར་ཤུགས་སྣོན་རྒྱབ་པ། སྡེ་ཚན་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། ལས་ཀའི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་རང་བྱུང་གནོད་འཚེའི་ངེས་མེད་རང་བཞིན་ལ་ཁ་གཏད་གཅོག་སྟེ་ལས་ཀའི་རང་དབང་གི་ནུས་པ་དམ་འཛིན་བརྟན་པོ་བྱེད་དགོས། 
    ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། རྒྱུན་མཐུད་ངང་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་དག་ཐེར་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ལས་ཀ་རྒྱུན་ལྡན་དུ་དམ་འཛིན་དང་རྟག་ཏུ་ནན་པོ་བྱེད་པ།  ལྗོངས་ཁུལ་དང་བཟོ་སྐྲུན་ལས་ཡུལ།  གཏེར་རི་ཁེ་ལས་སོགས་གཙོ་གནད་ས་ཁུལ་དང་གནད་འགག་ཐུག་ས་ལ་དམ་པོར་དམིགས་ནས་གྲལ་བཤེར་དང་སྐོར་ཞིབ།  ཞིབ་བཤེར་བྱེད་ཐེངས་མང་དུ་བཏང་ནས་དུས་ཐོག་ཏུ་མཐོང་བ་དང་ཐག་གཅོད་བྱེད་དགོས།  སྤྱོད་གོ་ཆོད་པའི་ལས་ཀའི་ལམ་སྲོལ་འཁོར་སྐྱོད་ཡག་པོ་བྱེད་དེ་འབྲུབ་འགོག་གི་“1262”སྔོན་བརྡ་གཞོག་འདེགས་ལམ་སྲོལ་དང་ས་འགུལ་གནོད་འཚེ་དམིགས་བསལ་ཚབས་ཆེའི་“123”མྱུར་དུ་བརྡ་ལེན་ལམ་སྲོལ། ས་འགུལ་གནོད་འཚེའི་“5618”འཕྲལ་མྱུར་གཞོགས་འདེགས་ལམ་སྲོལ་སོགས་འཁོར་སྐྱོད་ནུས་ཆེན་བྱེད་པ་དང་། ཐམས་ཅད་བཞི་ཞེས་པའི་རྩ་དོན་དོན་འཁྱོལ་མཐའ་གཅིག་དུ་བྱས་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས།   མགྱོགས་མྱུར་དང་ནུས་ཆེའི་སྒོས་ཉེན་སེལ་མྱུར་སྐྱོབ་བྱེད་དེ་སྔོན་ཚུད་ནས་འཕྲལ་བསྟུན་དངོས་རྫས་དང་སྒྲིག་ཆས་གསོག་འཇོག་དང་མྱུར་སྐྱོབ་སྟོབས་ཤུགས་གྲ་སྒྲིག  མྱུར་སྐྱོབ་བྱེད་པའི་གོ་སྐབས་ཡག་ཤོས་དམ་འཛིན་བྱས་ནས་འཕྲལ་བསྟུན་ཐག་གཅོད་སྔོན་ཚུད་ནས་གོ་རིམ་དང་ནུས་ལྡན་ཡིན་པ་བྱེད་དགོས།  ལས་རེས་དང་ཆ་འཕྲིན་འབུལ་སྐྱེལ་བྱེད་ཤུགས་ཆེ་རུ་གཏོང་སྟེ།  འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་དུས་ཚོད་ཉེར་བཞིར་འཕྲལ་བསྟུན་ལས་རེས་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པ་དང་། ཆ་འཕྲུན་འབུལ་སྐྱེལ་གྱི་བླང་བྱ་དང་གོ་རིམ་དོན་འཁྱོལ་བྱེད་དེ་དུས་ཐོག་དང་ཁོངས་སྒྲིག འགུལ་རྣམ་འབུལ་སྐྱེལ་བྱེད་དགོས།  མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་ཉུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱེད་དགོས། 
    ལུའོ་ཁྲའོ་ཧྥེང་གིས་བླང་བྱ་བཏོན་དོན།  དྲིལ་བསྒྲགས་སློབ་གསོ་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་སྟེ།  སྤྱི་ཚོགས་ལ་ཁ་གཏད་ནས་རྒྱ་ཁྱབ་ངང་ཉེན་གཡོལ་རང་སྐྱོབ་དང་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བའི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་།  ཡུལ་སྐོར་བའི་བདེ་འཇགས་ཉེན་བརྡ་དང་ཉེན་གཡོལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ།  ཤང་གྲོང་དང་གྲོང་ཚོའི་གཞི་རིམ་གྱི་འཐབ་ས་དང་པོ་ལ་དམིགས་ནས་འཕྲལ་བསྟུན་བརྡ་ལེན་མི་སྣ་གསོ་སྐྱོང་དང་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱ་ཆེ་བའི་མང་ཚོགས་དང་ཡུལ་སྐོར་བའི་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བའི་འདུ་ཤེས་དང་། རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་གཞི་རིམ་གྱི་མྱུར་སྐྱོབ་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།
    ཞུས་ཀོང་ཏེ་དང་དབྱང་ཞུའེ་ཝུན། མ་གོ་ཀྲུང་བཅས་བྱེད་སྒོར་ཞུགས། 

འགན་འཁུར་རྩོམ་སྒྲིག་པ།:七林卓玛

  • བདེ་ཆེན་གསར་འགྱུར།

ཁུལ་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྣེ་ཁྲིད་དམག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་འཚོགས་པ།

ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ཐེངས་20པ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་ཞོད་ཐན་སྔོན་འགོག་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད་ཆེད་དོན་གྲོས་ཚོགས་འཚོགས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བའི་ལས་ཀ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས། དམ་འཛིན་གནད་ལ་འཁེལ་བ་བྱེད་དགོས་ཞེས་ནན་བཤད་གནང་།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ།

ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བྱང་སྒོ་སྡེ་ཁུལ་དུ་ཕེབས་ནས་བཅར་འདྲི་དང་ལེན་བྱས་པ།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླའི་ཁོངས་ཡོངས་ལྟ་སྐོར་རིག་གནས་ཡུལ་སྐོར་རྣམ་གྲངས་ལ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཐོག་མའི་བསམ་འདུན་དང་གནས་ཐིག་གཏན་འཁེལ་གཞི་རྩར་འཛིན་པ་དང་། སྟོབས་ཤུགས་གཅིག་སྒྲིལ་བྱེད་དེ་མཁྲེགས་གཏོར་དང་དཀའ་གནད་སེལ་ནས་ནུས་ཤུགས་ཡོད་རྒུས་རིག་གནས་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤར་གྱི་ཚད་ཤིང་རྣམ་གྲངས་བཞེངས་སྐྲུན་བྱེད་དགོས།

ཀྲང་ཝེ་ཏུང་སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་དུ་ཕེབས་ནས་ཁེ་ལས་འཕེལ་རྒྱས་དང་ཞིང་འབྲེལ་ཞིང་ཁྲིད་ལས་དོན་ལ་བརྟག་ཞིབ་གནང་བ།

ཞོགས་པ་བདེ་ལེཊ། འཛམ་གླིང་གི་སེམས་ཀྱི་ཉི་ཟླ།མེ་ཏོག་གི་འགྲུལ་བཞུད།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com