ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གྲོས་ཆོད།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གྲོས་ཆོད།
(2026ལོའི་ཟླ9ཚེས23ཉིན་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གྲོས་འཆམ་བྱུང་།)
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་བློ་མཐུན་ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་སྙན་སྒྲོན་ལ་ཆོག་མཆན་སྤྲད་པ་རེད།
ཚོགས་ཆེན་ཐོག་སྙན་སྒྲོན་ནང་གཏན་འཁེལ་བྱས་པའི་“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་གཏིང་ཟབ་བསྟར་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དྲིན་ཚོར་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་”ཞེས་པའི་བརྗོད་དོན་གཙོ་བོ་དེ་ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཨུའི་བླང་བྱ་དང་མཐུན་པ་དང་བདེ་ཆེན་བོད་འབྲེལ་གྱི་ཁྱད་ཆོས་ལྡན་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་དང་མཐུན་པས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་ཡོད། སྙན་སྒྲོན་ནང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་བདེ་ཆེན་གྱི་འདས་ཟིན་པའི་ལོ་ལྔའི་རིང་གི་གྲུབ་འབྲས་དང་ཉམས་མྱོང་གི་ཆོས་ཉིད་ཕྱོགས་སྡོམ་བྱས་པ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་དོན་དངོས་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་ནས། སླད་ཕྱིན་ལོ་ལྔའི་རིང་གི་གཙོ་གནད་ལས་དོན་ཁ་གསལ་བཟོས་པ་བཅས་ནི་སླད་ཕྱིན་དུས་སྐབས་ཤིག་རིང་གི་བདེ་ཆེན་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་ཞིག་རེད་ཅེས་ངོ་འཛིན་བྱེད་པ་རེད།
ཚོགས་ཆེན་ཐོག་སྐབས་དགུ་པའི་ཁུལ་ཨུའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད། ཚོགས་ཆེན་ཐོག་འདས་ཟིན་པའི་ལོ་ལྔ་ནི་བདེ་ཆེན་གྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་ཡིན་པ་དང་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་བསྒྱུར་བཅོས་དང་འཕེལ་རྒྱས། བརྟན་བརླིང་གསུམ་གྱི་ལས་འགན་དང་དུས་རབས་ཀྱི་རིམས་ནད་ཀྱི་རྡབ་རྡེག་ཚབས་ཆེན་གྱི་མདུན་དུ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་དེ་བཞིན་ཞིང་ཨུའི་ནུས་ལྡན་འགོ་ཁྲིད་འོག་ཁུལ་ཨུས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བརྟན་བརླིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་བྱེད་པ་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་བཏང་སྟེ་བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་དོན་ཆེན་བཞི་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་“སྲུང་སྐྱོང་གཉིས་”དེ་བས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་ཆབ་སྲིད་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་བ་བྱས་ནས་མི་རིགས་ཆོས་ལུགས་ལས་དོན་ལ་རྣམ་པ་གསར་པ་བཏོད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཡུན་ནན་ནུབ་བྱང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དེ་བས་བརྟན་དུ་ཕྱིན་ནས་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་ཐེབས་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ། རྒྱལ་ཁབ་རིམ་པའི་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་བཅས་གྲུབ་འབྲས་ཐོབ་པའི་ངང་གཏོད་པས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད་ཅེས་ངོས་འཛིན་གནང་བ་རེད
ཚོགས་ཆེན་ཐོག་སྙན་ཞུའི་ནང་འདས་ཟིན་པའི་ལོ་ལྔའི་རིང་གི་ཞུན་བརྡར་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ཉམས་མྱོང་དང་ཆོས་ཉིད་ཕྱོགས་བསྡོམས་བྱས་པར་མོས་མཐུན་བྱས་ཡོད། ཚོགས་ཆེན་ཐོག་བདེ་ཆེན་ལས་དོན་ཡག་པོ་སྒྲུབ་པར་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་དེ་ཁུལ་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྩ་བའི་འགན་ལེན་དུ་བརྩིས་ནས་“བློ་སྦྱོང་”དང་“རྨང་གཞི་བརྟན་དུ་གཏོང་བའི་”འདུ་འགོད་ཆེན་པོ་གཉིས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་བདེ་ཆེན་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཁག་ཏུ་ཁྱབ་པའི་འགན་ལེན་བྱེད་དགོས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཁུལ་ཡོངས་ཀྱི་ལས་དོན་ཁག་གི་གཙོ་རྐང་དུ་བརྩིས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ལ་མཐོང་རྒྱུ་ཡད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པར་སྐུལ་འདེད་བཏང་སྟེ་བྱ་གཞག་ཁག་འཕེལ་རྒྱས་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། བརྟན་ལྷིང་དང་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱ་རྒྱུ་དེ་ཁུལ་ཡོངས་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་དུ་བརྩིས་ནས་བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས་པ། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་དེ་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་“ཕྱི་འདྲེན་”དང་“ནང་སྦྱོང་”གྱི་བྱེད་ཐབས་ཆེན་པོ་གཉིས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་ནས་ཐོན་ལས་ཀྱི་རྩོམ་ཡིག་ཡག་པོ་འབྲི་བ། སྲུང་སྐྱོང་སྔོན་ལ་བྱེད་པ་དང་གོ་རིམ་ལྡན་པའི་ངང་གསར་སྤེལ་བྱ་རྒྱུ་དེ་ཁུལ་ཡོངས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཏུ་བརྩིས་ནས་འཕེལ་རྒྱས་ཁྲོད་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས་པ་དང་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ཞིང་པའི་འབབ་འཕར་དང་དམངས་འཚོ་ལེགས་སུ་གཏོང་བའི་“རྩོམ་ཡིག་གཉིས་”ཡག་པོ་བྲིས་ཏེ་མི་རིགས་ཁག་གི་མང་ཚོགས་རྣམས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས། ཆབ་སྲིད་ཀྱི་སྣང་ཚུལ་སླར་གསོ་དང་གཙང་བཟོ་བྱ་རྒྱུ་དེ་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་ཆབ་སྲིད་འཛུགས་སྐྱོང་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་“འགག་རྩ་གཉིས་”དམ་འཛིན་ཏན་ཏིག་བྱས་ཏེ་ཆབ་སྲིད་ཀྱི་སྣང་ཚུལ་བཟང་པོར་བརྟེན་ནས་ཏང་ཡོན་ལས་བྱེད་པས་ལས་སྒྲུབ་ལས་གཏོད་དེ་བས་ལེགས་པ་བྱ་རྒྱུར་སྐུལ་མ་གཏོང་དགོས། ཉམས་མྱོང་དེ་དག་ཧ་ཅང་རྩ་ཆེན་ཡིན་པས་གཅེས་འཛིན་ལྡབ་འགྱུར་དང་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པ་མ་ཟད། ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏོང་དགོས་ཅེས་ངོས་འཛིན་གནང་བ་རེད།
ཚོགས་ཆེན་ཐོག་སྙན་སྒྲོན་ནང་བདེ་ཆེན་གྱི་སླད་ཕྱིན་ལོ་ལྔའི་རིང་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱ་རྒྱུར་མོས་མཐུན་བྱས་པ་རེད། ཚོགས་ཆེན་ཐོག་མ་འོངས་པའི་ལོ་ལྔ་ནི་བདེ་ཆེན་གྱིས་རྒྱལ་ཡོངས་ཞིང་ཆེན་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ནུས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ལ་ཁུལ་ཡོངས་ཀྱི་སྐབས་གསར་པའི་རིམ་ཁག་འགོ་ཁྲིད་ཚན་ཁག་གི་འགན་ཡུན་དང་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་ལག་བསྟར་ཚད་མཐོའི་གཅིག་མཐུན་བྱུང་བའི་ལོ་ལྔ་ཡང་ཡིན། མིག་སྔར་བདེ་ཆེན་ནི་སྔར་བཞིན་སྲིད་ཇུས་ཀྱི་གོ་སྐབས་གཅིག་ཐོག་གཉིས་བརྩེགས་དང་། ཡུན་རིང་བདེ་འཁོད་སྐུལ་འདེད་གཏོང་བའི་དུས་སྐབས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལུགས་སྒྱུར་དུས་སྐབས། དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་སྐྲུན་ཐུབ་པ་བྱེད་པའི་འགག་རྩའི་དུས་སྐབས་བཅས་སུ་གནས་ཡོད་པས་“འགྲན་སློང་ཆེན་པོ་བཞི་”འཕྲད་ཡོད་པས་དུས་བབ་ཀྱིས་མི་མི་སྒུག་པ་དང་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་མངགས་བཅོལ་བློ་ལ་བརྟན་པོར་ངེས་དགོས། དྲིན་ཚོར་ཡར་བརྩོན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འཕེལ་རྒྱས་ལ་སྤྱི་འདོམས། ལས་དོན་ལ་སྤྱི་འདོམས་བཅས་བྱས་ཏེ་གོམ་པ་རེ་ལ་རྐང་རྗེས་རེ་བཞག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་བྲིས་པའི་མཛེས་སྡུག་ལྡན་པའི་འཆར་གཞི་དེ་བདེ་སྐྱིད་ལྡན་པའི་ཡུལ་ལྗོངས་དངོས་སུ་བསྒྱུར་དགོས།ལེགས་ཆ་སྲ་བརྟན། རྨང་གཞི་བརྟན་དུ་བཏང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་དེ་བཞིན་ཞིང་ཨུའི་ལས་དོན་གྱི་བླང་བྱ་ལག་ལེན་གཏིང་ཟབ་བསྟར་བ་དང་རྩེག་སྣོན་བརྒྱབ་པའི་སྲིད་ཇུས་ཀྱི་ལེགས་ཆ་དང་། ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ། སྤྱོད་གོ་ཆོད་པའི་བཅོས་སྐྱོང་གི་ལེགས་ཆ། སེམས་ནུས་གཅིག་སྒྲིལ་གྱི་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་ལེགས་ཆ་བཅས་བེད་སྤྱོད་ཡག་པོ་བྱས་ཏེ་བརྟན་ལྷིང་གི་རྨང་གཞི་དང་། འཕེལ་རྒྱས་ཀྱི་རྨང་གཞི། སྐྱེ་ཁམས་ཀྱི་རྨང་གཞི། མང་ཚོགས་ཀྱི་རྨང་གཞི་བཅས་བརྟན་དུ་བཏང་ནས་རྒྱལ་ཡོངས་ཞིང་ཆེན་ཡོངས་དང་འཕེལ་རྒྱས་ཀྱི་ཧེ་བག་སྔར་ལས་ཇེ་ཆུང་དུ་གཏོང་དགོས།དམིགས་ཚད་གཏན་འཁེལ་དང་ཕྱོགས་ཡོངས་ནས་ཤུགས་བརྒྱབ་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་འཛུགས་སྐྲུན་ཧུར་ཐག་བྱེད་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རུ་སྣེ་ཁྲིད་མཁན། ཡུན་ནན་གྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན། འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”ཡུལ་སྐོར་བྱ་ཡུལ་བཅས་ཀྱི་འཕེལ་རྒྱས་ངེས་གནས་ཐད་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཚད་བརྒལ་ལ་བརྟེན་ནས་སྤྱི་ཡོངས་ཀྱི་ལས་དོན་ལ་སྐུལ་ཁྲིད་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་བདེ་ཆེན་གྱི་བྱས་རྗེས་མངོན་པར་བྱེད་དགོས་ཞེས་བསྟན་པ་རེད།
ཚོགས་ཆེན་ཐོག་སྙན་ཞུའི་ནང་བཏོན་པའི་མ་འོངས་པའི་ལོ་ལྔའི་རིང་གི་ཁུལ་ཡོངས་ཀྱི་ལས་དོན་གྱི་སྤྱིའི་བླང་བྱར་མོས་མཐུན་བྱས་པ་རེད། ཚོགས་ཆེན་ཐོག་སླད་ཕྱིན་ལོ་ལྔའི་ལས་དོན་གྱི་སྤྱིའི་བླང་བྱ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་“ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་ཞིང་ཨུའི་“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་དྲིན་ཚོར་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་དོན་ཆེན་བཞི་རྒྱུན་མཐུད་དང་གཏིང་ཟབ་ངང་དམ་འཛིན་ཡག་པོ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རུ་སྣེ་ཁྲིད་མཁན། ཡུན་ནན་གྱིས་ཨེ་ཤ་ཡ་ལྷོ་མར་ཁ་ཕྱོགས་པའི་བགྲོད་ལམ་གལ་ཆེན། འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”ཡུལ་སྐོར་བྱ་ཡུལ་བཅས་འཛུགས་སྐྲུན་ཧུར་ཐག་བྱས་ཏེ། ཀྲུང་གོའི་རྣམ་པ་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེ་ཚན་གསར་པ་འབད་བརྩོན་ཆེན་པོས་རྩོམ་དགོས་ཞེས་ཁ་གསལ་བསྟན་པ་རེད།
ཚོགས་ཆེན་ཐོག་སྙན་སྒྲོན་ནང་སླད་ཕྱིན་ལོ་ལྔའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱ་རྒྱུར་མོས་མཐུན་བྱས་པ་རེད། ཚོགས་ཆེན་ཐོག་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པའི་ལས་འགན་ཨང་དང་པོ་དེ་ཡིན་པས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་“སྔོན་འགོག་”གི་རང་འགུལ་དམག་འཐབ་དང་“ཐག་གཅོད་”ཀྱི་གྲ་སྒྲིག་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་དང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་བདེ་ཆེན་ལག་ལེན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་ཆབ་སྲིད་སྔར་ལས་བདེ་འཇགས་དང་། སྤྱི་ཚོགས་སྔར་ལས་བདེ་འཇགས། མི་དམངས་སྔར་ལས་བདེ་འཇགས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པའི་གཙོ་རྐང་ཞིག་ཡིན་པས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་》ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པ་དང་མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱི་ལག་ལེན་ཐབས་ལམ་རྒྱ་ཆེར་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུ་གཏིང་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་གངས་ལྗོངས་ས་མཐོར་བཞད་ཐུབ་པ་བྱེད་དགོས།དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པའི་བརྗོད་དོན་གཙོ་བོ་ཞིག་ཡིན་པས་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་“4+2+N”དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་མགྱོགས་སུ་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་སྤྱི་ཡོངས་ལ་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་དཔལ་འབྱོར་འཕར་བའི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པའི་སྒུལ་བྱེད་འཕྲུལ་འཁོར་གལ་ཆེན་ཞིག་ཡིན་པས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཆར་འགོད་འཛུགས་སྐྲུན་དོ་དམ་ལ་དམ་འཛིན་ཡག་པོ་བྱེད་པ་དང་རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཇོལ་རྫོང་གི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཧུར་ཐག་སྐྱོད་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པའི་མངོན་གསལ་དོད་པའི་གཏིང་ཤུགས་ཤིག་ཡིན་པས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁསམ་ཁོར་ཡུག་ཁྲིམས་གཞུང་》དྲིལ་བསྒྲགས་དང་ལག་བསྟར་ཡག་པོ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་རྒྱག་པ་དང་ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཡུན་ནན་ནུབ་བྱང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མཐའ་གཅིག་ཏུ་བརྟན་དུ་གཏོང་དགོས།དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པའི་འགོ་འཛུགས་ས་དང་དོན་ལ་བབས་ས་ཞིག་ཡིན་པས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ནས་བདེ་ཐང་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་སྤྱི་ཚོགས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་རིག་གནས་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དེ་བས་འདང་ངེས་དང་བདེ་སྐྱིད་ཚོར་སེམས་དེ་བས་རྒྱུན་མཐུད་ཐུབ་པ་དང་བདེ་འཇགས་ཚོར་སེམས་དེ་བས་འགན་ལེན་ཐུབ་པ་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པའི་འགན་ལེན་གལ་ཆེན་ཞིག་ཡིན་པས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་ཁྲིམས་ལྟར་ཁུལ་སྐྱོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་གཞི་རིམ་བཅོས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་བདེ་འཇགས་ཐོན་སྐྱེད་དང་གེགས་འགོག་གེགས་སེལ་གྱི་ལས་དོན་ལ་དམ་འཛིན་ཞིབ་ཚགས་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བདེ་ཆེན་དང་དུས་བདེའི་བདེ་ཆེན་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པའི་རྩ་བའི་འགན་ལེན་ཞིག་ཡིན་པས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་སེམས་ནུས་གཅིག་སྒྲིལ་གྱིས་བླ་སྲོག་གཏོད་རྒྱུ་མཐའ་འཁྱོངས་བྱས་ཏེ་རྩ་འཛུགས་ཀྱི་མ་ལག་དམ་པོ་བཟོ་བ་དང་ལྷག་བསམ་རྣམ་དག་དང་སྤྱོད་གཙང་འགན་འཁུར་གྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་གཙང་སྒྲིག་ནན་རུལ་སུངས་ལ་ངོ་རྒོལ་བྱས་ནས་རིམ་ཁག་ཏང་རྩ་འཛུགས་དེ་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཚོགས་ཆེན་ཐོག་ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་“ཐོག་མཐའ་བར་གསུམ་དྲུག་”གི་ཕུལ་བྱུང་ཁྱད་ཆོས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། “ངེས་པར་དུ་ལྔ་”ཡི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་། ལེགས་འགྲུབ་ཀྱི་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་། དཀའ་སྤྱད་འབད་འཐབ་ཀྱི་ལས་ཀའི་སྤྱོད་ཚུལ། ནམ་ཡང་ལྷོད་གཡེང་མི་གཏོང་བའི་བསམ་པའི་འཁྱེར་སོ་བཅས་ལ་བརྟེན་ནས་དུས་རབས་གསར་པའི་བདེ་ཆེན་རྒྱུགས་སྤྲོད་ཀྱི་ལམ་བུར་ཡག་པོ་བསྐྱོད་དགོས་པའི་བླང་བྱ་བཏོན་པ་རེད།
ཚོགས་ཆེན་ཐོག་ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ཞིང་ཨུའི་ནུས་ལྡན་འགོ་ཁྲིད་འོག་ཡིད་ཆེས་བརྟན་གཏོང་དང་མུ་མཐུད་འབད་འཐབ་བྱས་ཏེ་དྲིན་ཚོར་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་བྱས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པའི་འབོད་སྐུལ་གནང་བ་རེད།
འགན་འཁུར་རྩོམ་སྒྲིག་པ།:南珠泽仁
- བདེ་ཆེན་གསར་འགྱུར།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གྲོས་ཆོད།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།
ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་བཞི་པ་འཚོགས།
ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།
ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས།
ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གསུམ་པ་འཚོགས།
ལི་ཡན་ལན་ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མིའི་ཚོགས་པ་ཁག་གིས་གྲོས་ཞིབ་ནང་ཞུགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108