ལི་ཡན་ལན་ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མིའི་ཚོགས་པ་ཁག་གིས་གྲོས་ཞིབ་ནང་ཞུགས།
རྩོམ་པ་པོ་:何雨桐 杨涛
ཁྱབ་བསྒྲགས་དུས་ཚོད་:2026-09-23 09:59:52
འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ལི་ཡན་ལན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སེམས་ཀྱི་ཉི་ཟླའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད།ཟླ་9ཚེས་21ཉིན་བློ་མཐུན་ལི་ཡན་ལན་སྔ་རྗེས་སུ་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་དང་། འཇོལ་རྫོང་གི་འཐུས་མི་ཚོགས་པ། འབའ་ལུང་རྫོང་གི་འཐུས་མི་ཚོགས་པ་བཅས་སུ་ཕེབས་ནས་གྲོས་བསྡུར་དང་གྲོས་ཞིབ་གནང་སྐབས་ཐེངས་འདིའི་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱས་ཏེ་འཇོན་ཐང་ཆེ་རུ་གཏོང་བ་དང་། འགྲིལ་ཤུགས་གཅིག་ཏུ་སྒྲིལ་བ། སྤྱོད་ཚུལ་ལེགས་བཅོས་བཅས་བྱས་ཏེ་ཏང་གི་འཐུས་མིའི་ཚོགས་ཆེན་ཐོག་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་གཏན་འཁེལ་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་བརྗིད་ཆེའི་འཆར་གཞི་དེ་གོམ་པ་རེ་རེ་བཞིན་བདེ་སྐྱིད་ལྡན་པའི་ཡུལ་ལྗོངས་དངོས་སུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ལི་ཡན་ལན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཇོལ་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད།འཐུས་མི་ཚོགས་པ་ཁག་གིས་གྲོས་བསྡུར་ཚ་ཚ་འུར་འུར་དང་རྣམ་པ་འཁྲུག་ཆ་དོད་པོ་ཡོད། ལི་ཡན་ལན་གྱིས་ནན་ཏན་ངང་ཉན་པ་དང་ཟིན་ཐོ་ཞིབ་ཕྲ་བཀོད་དེ་དུས་ངེས་མེད་དུ་འཐུས་མི་ཚོ་དང་སྤེལ་རེས་དང་དཔྱད་བསྡུར་བྱས་པ་རེད། ཚོགས་ཞུགས་འཐུས་མི་ཚོས་མགྲིན་གཅིག་ཏུ་ངོས་འཛིན་བྱས་དོན། ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་སྒྲོན་ནང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་བ་དང་ལས་དོན་ལ་ཕྱོགས་སྡོམ་ཏན་ཏིག་བྱེད་པ་དང་ཇུས་འགོད་བསམ་ཕྱོགས་གསར་དང་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ནས་དངོས་ཐོག་བདེན་འཚོལ་དང་འདས་ཟིན་པའི་ལོ་ལྔའི་རིང་ཁུལ་ཡོངས་ཀྱི་འཕེལ་རྒྱས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་ཡོད་ལ་འཕེལ་རྒྱས་ཀྱི་དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་གནད་ལ་འཁེལ་བ་བཅད་པ་དང་སླད་ཕྱིན་ལོ་ལྔའི་གཙོ་གནད་ལས་དོན་གྱི་ལས་འགན་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་དང་བཀོད་སྒྲིག་བྱས་ཏེ་སྤྱི་ཡོངས་ཀྱི་དམིགས་ཚད་ཁ་གསལ་བ་དང་བྱ་ཐབས་དངོས་སྒྲུབ་ནུས་ལྡན་ཡིན་པས་མཛུབ་ཁྲིད་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད།
ལི་ཡན་ལན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འབའ་ལུང་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད།ལི་ཡན་ལན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་“ཁུལ་སྲིད་གཞུང་གི་གནས་སའི་”ངེས་གནས་གཏན་འཁེལ་བྱས་ཏེ་ལྟེ་བའི་སྒུལ་ཤུགས་འདོན་སྤེལ་གང་ལེགས་བྱེད་པ་དང་ལེགས་ཆ་ཆེ་རུ་གཏོང་བ་དང་ཞན་ཆ་གསབ་ནས་འཕར་ཚད་བརྟན་པོ་དང་གསོག་ཚད་རྒྱ་ཆེར་གཏོང་བ་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས། ཐོན་ཁུངས་དཔལ་འབྱོར་ལ་དམ་འཛིན་ཤུགས་ཆེན་བྱེད་པ་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྟོབས་ཆེར་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱས་ཏེ་ནགས་ཕག་མཚོའི་སྐྱེ་ཁམས་བཅོས་སྐྱོང་གི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་།སྤྱི་ཚོགས་ཀྱི་ཕན་འབྲས། དཔལ་འབྱོར་གྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཚགས་ཡོང་བ་བྱེད་དགོས། དམངས་འཚོའི་བདེ་སྐྱིད་ལེགས་སུ་གཏོང་རྒྱུར་དམ་འཛིན་ཏན་ཏིག་བྱས་ཏེ་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་རྒྱུ་སྣེ་ཁྲིད་དུ་བྱས་ནས་མཉམ་འགུལ་གསར་གཏོད་དང་མཉམ་སྡེབ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་སྲུང་བ་དང་གེགས་འགོག་གེགས་སེལ་གྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། འཇོལ་རྫོང་གིས་ད་ལོའི་ལོ་མཇུག་གོང་གཞི་རྩའི་ཆ་ནས་གནས་སྤོའི་ཆ་རྐྱེན་འཛོམས་པ་དང་ཕྱི་ལོའི་དཔྱིད་གསར་དུས་ཆེན་གོང་མང་ཚོགས་སྡོད་ཁང་གསར་པར་སྤོ་རྒྱུའི་དམིགས་ཚད་གཏན་འཁེལ་བྱས་ཏེ་རྫོང་གྲོང་གི་ཉེན་གཡོལ་གནས་སྤོའི་རྣམ་གྲངས་ལས་གྲྭའི་མྱུར་ཚད་མགྱོགས་སུ་བཏང་ནས་རྣམ་གྲངས་སྔ་ཙམ་བསྐྲུན་ཟིན་པ་དང་སྔ་ཙམ་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་ཡུལ་སྐོར་རྣམ་པ་གསར་གཏོད་བྱས་ཏེ་ཡུལ་སྐོར་ཉམས་ལེན་ཕུན་སུམ་ཚོགས་སུ་གཏོང་བ་དང་ཐོན་རྫས་མཁོ་སྤྲོད་ལེགས་སུ་བཏང་ནས་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་གི་མཐའ་ཚད་སྲུང་བ་དང་གནད་དོན་དག་ཐེར་ལ་དམ་འཛིན་ཏན་ཏིག་བྱས་ཏེ་གཅིག་ཤེས་ཀུན་གྲོལ་གྱིས་ཕྱོགས་བསྡུས་གྲལ་བཤེར་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ནས་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་འགུལ་བཟང་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། དམངས་འཚོའི་བདེ་སྐྱིད་ལེགས་སུ་གཏོང་རྒྱུར་དམ་འཛིན་ཏན་ཏིག་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱེད་པ་དང་མང་ཚོགས་ཀྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་བསྒྲུབས་ནས་རྗེས་མཐུད་རོགས་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། རྫོང་གྲོང་རྙིང་པའི་ས་ཁུལ་གྱི་གནོད་འཚེའི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་དོགས་ཟོན་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་སྐོར་ཞིབ་གྲལ་བཤེར་བྱེད་པ་དང་འཕྲལ་སྡོམ་ནང་སྦྱོང་དང་ཉེན་གཡོལ་གནས་སྤོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱེད་དགོས། འབའ་ལུང་རྫོང་གིས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་བཏང་ནས་ཞིང་པར་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། རྣམ་གྲངས་དམ་འཛིན་དང་མ་འཇོག་མང་དུ་བཏང་ནས་ད་ཡོད་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ་དངོས་རྫས་ཀྱི་ལས་འབོར་དེ་བས་མང་བ་ཞིག་ཆགས་པ་བྱེད་དགོས། འོད་ཤུགས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་དམ་འཛིན་བྱས་ཏེ་མཐུན་སྦྱོར་ཞབས་ཞུ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཁྱོན་ཡོངས་ནས་ལག་བསྟར་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་དགོས། ཐོན་ལས་ཀྱི་རྒྱུན་བསྲིང་སྦྲེལ་ཐག་དང་། གསབ་སྣོན་སྦྲེལ་ཐག སྟོབས་ལྡན་སྦྲེལ་ཐག་བཅས་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ཞིང་པར་འབབ་འཕར་ཡོད་པ་དང་། ཁེ་ལས་ལ་ཁེ་སྤོགས་ཡོད་པ། སྲིད་གཞུང་ལ་ཁྲལ་འབབ་ཡོད་པ་བཅས་མངོན་འགྱུར་ཧུར་ཐག་བྱེད་དགོས། དམངས་འཚོའི་བདེ་སྐྱིད་ལེགས་སུ་གཏོང་རྒྱུར་དམ་འཛིན་ཏན་ཏིག་བྱས་ཏེ་སློབ་གསོ་དང་། སྨན་བཅོས། "རྒན་གཅིག་གཞོན་གཅིག་"སོགས་ཀྱི་ལས་དོན་ལ་སེམས་རྣལ་དུ་ཕབ་ནས་དམ་འཛིན་ཡག་པོ་བྱེད་པ་དང་མང་ཚོགས་ཀྱི་བྲེལ་འཚུབ་དང་། དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱས་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
འགན་འཁུར་རྩོམ་སྒྲིག་པ།:南珠泽仁