ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས།


ཟླ་9ཚེས་22ཉིན། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་ཚོགས་འདུར་ཞུགས། གྲོས་ཚོགས་དེ་བློ་མཐུན་ལུའོ་ཁྲའོ་ཧྥེང་གིས་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་འཐུས་མི་ཚོགས་པ་ཁག་གིས་སྐབས་བཅུ་པའི་བདེ་ཆེན་ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཁུལ་སྒྲིག་ཨུའི་ཨུ་ཡོན་གྱི་འདེམ་སྒུག་པའི་གྲོས་འགོ་མིང་ཐོ་ནང་མོལ་བྱེད་ཚུལ་དང་བདེ་ཆེན་ཁུལ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མིའི་འདེམ་སྒུག་པའི་གྲོས་འགོ་མིང་ཐོའི་གནས་ཚུལ་དང་འཐུས་མི་ཚོགས་པ་ཁག་གིས་ཚོགས་ཆེན་གྱི་འདེམས་བསྐོའི་བྱ་ཐབས་(འཆར་ཟིན་)ལ་གྲོས་བསྡུར་བྱས་པའི་གནས་ཚུལ་གསན་པ་རེད། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཁུལ་སྒྲིག་ཨུའི་ཨུ་ཡོན་གྱི་གྲ་སྒྲིག་འདེམས་བསྐོའི་འདེམ་སྒུག་པའི་མིང་ཐོ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ནང་ཞུགས་མཁན་བདེ་ཆེན་ཁུལ་གྱི་འཐུས་མིའི་གྲ་སྒྲིག་འདེམས་བསྐོའི་འདེམ་སྒུག་པའི་མིང་ཐོ་བཏོན་པ་རེད། འདེམས་ཤོག་ལྟ་ཞིབ་པའི་གྲོས་འགོའི་མིང་ཐོར་གྲོས་ཞིབ་དང་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོ་འདོན་རྒྱུ་མ་ཟད་གྲོས་ཞིབ་བྱས། ཁུལ་ཨུའི་སྙན་ཞུ《གྲོས་ཆོད(འཆར་ཟིན)》དང་ཁུལ་སྒྲིག་ཨུའི་ལས་དོན་སྙན་ཞུ《གྲོས་ཆོད(འཆར་ཟིན)》བཏོན་ཡོད།
འགན་འཁུར་རྩོམ་སྒྲིག་པ།:扎史次里
- བདེ་ཆེན་གསར་འགྱུར།
ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས།
ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གསུམ་པ་འཚོགས།
ལི་ཡན་ལན་ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མིའི་ཚོགས་པ་ཁག་གིས་གྲོས་ཞིབ་ནང་ཞུགས།
དོ་དམ་ནན་པོ་བྱ་རྒྱུ་ལྷོད་གཡེང་དུ་མི་གཏོང་སྟེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྲུང་སྐྱོང་བྱེད་པ། ——བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མིས་ཚོགས་ཆུང་ཁག་བགོས་བྱས་ནས་ཁུལ་སྒྲིག་ཨུའི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་བྱས།
ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས།
བདེ་ཆེན་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པ་དང་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དྲུང་ཡིག་ཆེན་མོ། དྲུང་ཡིག་ཆེན་མོ་གཞོན་པའི་མིང་ཐོ།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས།
དྲིན་ཚོར་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་གྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པ་དང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་གཟབ་རྒྱས་ངང་འཚོགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108