ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།


ཟླ9པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཧྲུའུ་ཅི།ཧྲུའུ་ཅི་གཞོན་པ་བཅས་བདམས་ཐོན་བྱུང་བ།
ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
གྲོས་ཚོགས་ཐོག་《ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་འདེམས་བསྐོ་བྱ་ཐབས》ལ་གྲོས་འཆམ་བྱུང་བ་རེད།
རང་མིང་མི་འགོད་པའི་འདེམས་ཤོག་འཕངས་པ་བརྒྱུད་ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ་བཅས་བདམས་པ་རེད།ལུའོ་ཁྲའོ་ཧྥེང་དང་། ལི་ཡན་ལན། ཞུས་སི་སི། ཀྲུའུ་པའོ་ཧྥུ། ཞུས་ཀོང་ཏེ། ལུའུ་ཀྲི་ཅུན། དབྱང་ཞུའེ་ཝུན། ཧོང་ལུང་ཞིན། ཞུང་ཝུན་པིན། ལི་ཡུས་ཆོན། དབྱང་ཁྲེང་ལིའང་། དབྱང་ཁའེ། མ་མུའུ་བཅས་ཁུལ་ཨུའི་རྒྱུན་ཨུར་བདམས་པ། ལུའོ་ཁྲའོ་ཧྥེང་ཁུལ་ཨུའི་ཧྲུའུ་ཅིར་བདམས་པ། ལི་ཡན་ལན་དང་ཞུས་སི་སི། ཀྲུའུ་པའོ་ཧྥུ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པར་བདམས་པ་རེད།
གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་འདེམས་བསྐོའི་འབྲས་བུར་གྲོས་འཆམ་བྱུང་བ་དང་《ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས》ལ་གྲོས་འཆམ་བྱུང་བ་རེད།

གསར་དུ་བདམས་ཐོན་བྱུང་བའི་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གྲོས་ཚོགས་ཐོག་གསུང་བཤད་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་སྐབས་གསར་པའི་ཁུལ་ཨུའི་རྒྱུན་ཨུ་ཚན་པའི་ཚབ་ཞུས་ནས་ཚང་མའི་ཡིད་ཆེས་དང་རྒྱབ་སྐྱོར་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།ཁོང་གིས་ཚང་འཛོམས་གྲོས་ཚོགས་ཐོག་ང་ལ་ཁུལ་ཨུའི་ཧྲུའུ་ཅི་སྐབས་བཅུ་པར་འདེམས་བསྐོ་བྱེད་སྐབས་འགན་འཁྲི་ལྕི་བ་དང་ལས་འགན་གཟི་བརྗིད་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་། ངས་ཚང་མ་དང་མཉམ་དུ་ལྷག་བསམ་རྣམ་དག་ངང་རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་བསྒྲུབས་ཏེ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དྲིན་ཚོར་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་བྱས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུ་ཡིན་ཞེས་གསུང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་བསྟན་དོན། སྐབས་གསར་བའི་ཁུལ་ཨུའི་ཚན་པའི་འགན་འཛིན་ཡུན་ཚད་དང་“ལོ་ལྔ་ཚན་བཅོ་ལྔ་བ”ཚད་མཐོའི་གཅིག་མཐུན་བྱུང་ཞིང་། ཕྲག་ཏུ་“ལོ་ལྔ་ཚན་བཅོ་ལྔ་བའི”འཆར་འགོད་ལག་བསྟར་དང་། ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བའི་དམིགས་འབེན་ལས་འགན་གསར་བ་ལེགས་འགྲུབ་བྱེད་པའི་འགན་འཁྲི་འཁུར་ཡོད་པ་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི་39.5ཡིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་གསར་བ་ཐེག་ཡོད། འདི་ནི་ཡིད་ཆེས་ཆེན་པོ་ཞིག་ཡིན་ལ། ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་ཀྱང་ཡིན།ང་ཚོས་བྱ་གཞག་འཕེལ་རྒྱས་དང་འགན་འཁྲི་འཁུར་བའི་“རྒྱུག་མཐུད་དབྱུག་པ”རྒྱུན་འཁྱོངས་ལྷོད་མེད་ཀྱིས་དང་ལེན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་རྟོག་ཞིབ་གཏིང་ཟབ་བྱེད་པ། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། ལྷག་བསམ་རྣམ་དག་གི་ཆབ་སྲིད་གཤིས་རྒྱུད་བརྟན་པོ་འཛུགས་པ་དང་། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་བྱེད་པ།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་བྱེད་པ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཕྱོགས་ཏེ། ཁུལ་ཡོངས་ཀྱི་ལས་དོན་ལ་བསམ་གཞིག་དང་ཇུས་འགོད་བྱེད་པ་དང་། སེམས་ནུས་གཅིག་སྒྲིལ་གྱིས་ཏང་ཀྲུང་དབྱང་དང་ཞིང་ཨུས་སྤྲད་པའི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བདེ་ཆེན་དུ་རྩ་བ་ཚུགས་པ་དང་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།
ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། མི་དམངས་ཀྱི་སྤྱི་ཞབས་པའི་དམངས་བཅངས་བརྩེ་སེམས་བརྟན་པོ་འཛུགས་པ་དང་། བདེ་སྐྱིད་ལྡན་པའི་འཚོ་བ་དེ་བས་མྱོང་ཚོར་ཐུབ་པར་བྱེད་དགོས། འགན་འཁྲི་འཁུར་ཕོད་པ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། ཏང་གི་འཐུས་མི་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་དོན་དངོས་སུ་འགྱུར་བ་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་བཏོད་དེ་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་སྣེ་ཁྲིད་དེ་ཡག་པོ་སྐྱོད་དགོས། སྣེ་ཁྲིད་དེ་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཀྱི་སྣང་ཚུལ་བཏོད་དེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།
ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན།མཐུན་སྒྲིལ་ཡར་ཐོན་གྱི་བསམ་བློའི་རྣམ་པ་རྒྱུན་འཁྱོངས་བྱེད་དེ། ཁུལ་ཨུའི་ཚན་ཁག་གི་མཐུན་སྒྲིལ་ལ་བརྟེན་ནས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་དང་ཕྱོགས་སོ་སོའི་མཐུན་སྒྲིལ་ལ་སྣེ་ཁྲིད་དང་སྐུལ་ཁྲིད་བྱེད་ནས། དམངས་སེམས་གཅིག་མཐུན་གྱི་འགྲིལ་ཤུགས་ཆེན་པོ་དང་ལས་སྒྲུབ་ལས་སྐྲུན་གྱི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས།
ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། ཚན་ཁག་གསར་པར་རྣམ་པ་ག།སར་པ་ཡོད་དགོས། འགོ་འཛུགས་ས་གསར་པར་དེ་བས་བྱས་རྗེས་གསར་པ་འཇོག་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞིང་ཨུའི་འགོ་ཁྲིད་ནུས་ལྡན་འོག་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་། དངོས་འཛིན་དངོས་སྒྲུབ། འགག་སྒྲོལ་དཀའ་སེལ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ཚོགས་འདུར་ཞུགས། ཁུལ་སྒྲིག་ཨུའི་ཨུ་ཡོན་ཚོགས་འདུར་ཟུར་ཞུགས་བྱས།
འགན་འཁུར་རྩོམ་སྒྲིག་པ།:扎史次里
- བདེ་ཆེན་གསར་འགྱུར།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གྲོས་ཆོད།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།
ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་བཞི་པ་འཚོགས།
ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།
ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས།
ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གསུམ་པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108