中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

སྐབས་བཅུ་བའི་ཁུལ་ཨུས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས།བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྔར་བས་དམ་འཛིན་བྱེད།

ཁྱབ་བསྒྲགས་དུས་ཚོད་:2026-09-25 15:52:34

ཟླ་9བའི་ཚེས་24ཉིན།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བ་གྲོལ་མ་ཐག་ཡིན་ལ།སྐབས་བཅུ་བའི་ཁུལ་ཨུས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཆེད་དོན་གྲོས་ཚོགས་འཚོགས་ཏེ།མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཁུལ་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་བྱས་པ་རེད། ཚོགས་འདུའི་ཐོག་བསྟན་དོན། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་“གནད་དོན་མི་མཐོང་བ་ནི་གནད་དོན་ཆེ་ཤོས་ཡིན་པ་དང་། སྣང་མེད་ལྷོད་གཡེང་ནི་ཉེན་ཁ་ཆེ་ཤོས་ཡིན་པ། ལས་དོན་དོན་འཁྱོལ་མ་བྱས་པ་ནི་ཞན་ཆ་ཆེ་ཤོས་ཡིན་པ། ལམ་ལུགས་ཡོད་ཀྱང་ལག་བསྟར་མ་བྱས་ན‘སྒེའུ་ཁུང་ཆག་པའི་ནུས་སྣང’”གི་འདུ་ཤེས་བརྟན་པོར་བཙུགས་ཏེ་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་གཞིར་བཟུང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་“དོན་ཆེན་ཕྱི་ལ་མི་ཐོན་པ་དང་དོན་ཆུང་ཚོད་འཛིན་ཐུབ་པའི”རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དུ་གཏོང་དགོས།

ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ལས་ཚབ་ཁུལ་དཔོན་ལི་ཡན་ལན་ཚོགས་འདུར་ཕེབས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་པའོ་ཧྥུ་ཡིས་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་རྫོང་(གྲོང་ཁྱེར)གསུམ་དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྙན་སེང་ལ་གསན་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། མིག་སྔའི་འཕེལ་རྒྱས་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་དུ་གནས་པས་ངེས་པར་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་རང་སོ་སོའི་ཁྱབ་ཁོངས་སུ་གནས་པའི་ཉེན་ཁ་དང་འགྲན་སློང་“གདེང་ཚོད་ཡོད་པ”བྱས་ཏེ་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བའི་ལས་དོན་སྔར་བས་ཏན་ཏིག་སྒྲུབ་པ་དང་རང་ངོས་ལས་དོན་གྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་དུས་བབ་འགྱུར་ལྡོག་གི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གསལ་ཐོ་ཅན་གྱི་ཐོག་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་བཀོད་སྒྲིག་བྱས་པའི་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ།ཁུལ་ཨུ་ལ་བཀོད་སྒྲིག་ཡོད་པ་དང་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མགྱོགས་མྱུར་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས།བསྐྱར་སྒྲིག་ལས་དོན་ནན་ཏན་ངང་སྤེལ་བ་དང་ཆད་བཤེར་ཆད་གསབ་ཡག་པོ་བྱས་ནས་བསྐྱར་སྒྲིག་གི་ཕན་འབྲས་དེ་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཕན་འབྲས་དངོས་ལ་འགྱུར་བར་བྱེད་དགོས།རྒྱུན་རྣམ་ཅན་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སེལ་བ་དང་།རིམ་པ་དང་རིགས་དབྱེ་ནས་བསམ་བློའི་སློབ་གསོ་དང་།མི་རིགས་མཐུན་སྒྲིལ།ཆོས་ལུགས་ཞི་མཐུན་སོགས་ཁྱབ་ཁོངས་ཁག་གི་གཙོ་གནད་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།མིག་སྔར་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་་“དུས་ཆེན་གཉིས”འཆར་ཉེར་ཡོད་པས་སྤྱི་ཚོགས་དོ་དམ་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ་དང་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཞིབ་ཚགས་བྱས་ཏེ་འགྲོ་ལམ་འགྲིམ་འགྲུལ་དང་།འཛུགས་སྐྲུན་ཨར་ལས།མེ་ཟོན་བདེ་འཇགས།བཟའ་བཅའ་དང་སྨན་རྫས།ཡུལ་སྐོར་དང་འབྲེལ་བའི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ཕྱོགས་ཡོངས་ནས་བྱས་ཏེ་བདེ་འཇགས་ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།ལས་རེས་ལས་སྲུང་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་རྣམས་ཀྱིས་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།

ཁུལ་གྱི་འབྲེལ་ཡོད་་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་ཡོད།




  • བདེ་ཆེན་གསར་འགྱུར།

སྐབས་བཅུ་བའི་ཁུལ་ཨུས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས།བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྔར་བས་དམ་འཛིན་བྱེད།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གྲོས་ཆོད།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་བཞི་པ་འཚོགས།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com