中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་91པ་འཚོགས།

རྩོམ་པ་པོ་:杨涛 ཁྱབ་བསྒྲགས་དུས་ཚོད་:2026-11-24 16:30:10 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片

ཟླ་11པའི་ཚེས་23ཉིན་གྱི་དགོང་མོར། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་ཁུལ་སྲིད་གཞུང་ཏང་ཙུའུ་ཡི་གྲོས་ཚོགས་ཐེངས་91པ་གཙོ་སྐྱོང་གནང་ནས་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་དེ་བཞིན་ཁུལ་ཨུའི་ཉེ་དུས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ཞིབ་འཇུག་བྱས། 

གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཁུལ་སྲིད་གཞུང་ཚན་པའི་ཁོངས་མི་ཡིས་ལས་བགོས་འགན་གཉེར་མངའ་ཁོངས་དང་ཟུང་འབྲེལ་གྱིས་དཔྱོད་དོན་བདམས་ནས་སྣེ་ཁྲིད་སློབ་སྦྱོང་དང་སྤེལ་རེས་བྱས་ཏེ་ལས་ཀའི་ཞན་ཆ་དང་ཧེ་བག་གནད་ལ་འཁེལ་པོས་འཚོལ་དགོས། ལས་བགོས་འགན་གཉེར་སྡེ་ཚན་ཁག་གིས་འགན་འཁྲིའི་ལས་བགོས་ལ་གཞིགས་ནས་དོན་ཚན་རེ་རེ་བཞིན་གསེད་བཀྲོལ་བྱས་ཏེ་ལས་འགན་དང་ལེན་བྱེད་པར་སྐུལ་འདེད་བཏང་ནས་ལས་འགན་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས། ཞིང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཁག་དང་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཁ་གསལ་བཏོན་པའི་ལས་འགན་དེ་ཁུལ་ཡོངས་ཀྱི་ལས་དོན་ཞིབ་ཕྲ་དང་འབྲེལ་བ་དམ་ཟབ་བྱས་ནས་ལས་ཀའི་བསམ་ཕྱོགས་རེ་རེ་བཞིན་ཞིབ་བཤེར་བྱེད་དགོས། སློབ་སྦྱོང་གི་གྲུབ་འབྲས་མཐར་རྣམ་གྲངས་ཇུས་འགོད་དང་འགག་གནད་སྒྲོལ་བ། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་ཐོག་མཚོན་ཏེ། “སྦྱོང་ས་སྦྱོང་བ་དང་། སྒྲུབ་ས་སྒྲུབ་པ་”གཏན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། གོང་རིམ་གྱི་བཀོད་སྒྲིག་དེ་འཕེལ་རྒྱས་ཀྱི་དཀའ་གནད་སྒྲོལ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་གཉེར་བྱེད་ཐབས་སུ་དངོས་སུ་བསྒྱུར་དགོས།

གྲོས་ཚོགས་ཐོག་ནན་བཤད་བྱས་དོན། སྤྱོད་བཟང་སྒྲིག་ནན་ནམ་ཡང་བྱེད་བཞིན་ཡོད་པ་དང་མཚམས་འཇོག་རྒྱུ་མེད། ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་འགན་འཁྲི་གཙོ་བོ་འཁུར་དགོས་པ་དང་། ཏང་ཙུའུ་ཡི་ཁོངས་མི་ཁག་གིས་“ལས་གནས་གཅིག་ལ་འགན་འཁྲི་གཉིས་”དོན་འཁྱོལ་ནན་པོ་བྱེད་དེ་ལས་སྒོའི་བྱ་བ་དང་སྲིད་གཙང་འཛུགས་སྐྱོང་དུས་མཉམ་དུ་འཆར་འགོད་དང་དུས་མཉམ་དུ་སྐུལ་འདེད་བྱེད་ཐུབ་དགོས།  མགོ་འབུར་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ལ་དམ་པོར་དམིགས་ཏེ་རྒྱུན་རྣམ་ཅན་དུ་གླེང་མོལ་དང་དྲན་སྐུལ་ཡོ་བསྲང་བྱ་རྒྱུ་སྤེལ་དགོས། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་འགྱུར་མེད་ཀྱི་གཏན་འབེབས་དོན་འཁྱོལ་ནན་པོ་བྱས་ནས་ལམ་ལུགས་དང་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། དཔལ་འབྱོར་སྡེ་ཚན་ཁག་གིས་དམིགས་ཚད་གཞི་རྩར་འཛིན་རྒྱུར་གཡོ་འགུལ་མི་བྱེད་པ་དང་། ཞན་ཆ་ཟབ་སྔོག་བྱེད་པ། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་པོའི་དམིགས་ཚད་ལ་མཐའ་མའི་གདོང་མཆོང་བྱེད་དགོས། ཞིང་ཆེན་རིམ་པའི་ཕྱོགས་བསྡུས་དཔྱད་ཞིབ་དམིགས་ཚད་ལ་གཞིགས་ནས་གནད་དོན་རེ་རེ་བཞིན་ཞིབ་བཤེར་དང་ཆད་གསབ་བྱས་ཏེ་དཔྱད་ཞིབ་ཀྱི་མཐའ་མར་འགྱུར་བ་དང་གོམས་གཤིས་སུ་གྱུར་བའི་སྒྱིད་ལུག་གི་སེམས་ཁམས་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། སྐོར་གཟིགས་སྐོར་དཔྱོད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ། རྩིས་བཤེར་དག་ཐེར་བཅས་ལ་ཕྱིར་མིག་ལྟ་རྒྱུ་དམ་འཛིན་ཡག་པོ་བྱས་ནས་གནད་དོན་ཚང་མ་དག་ཐེར་གནད་ལ་འཁེལ་བ་དང་རྦད་དེ་དག་ཐེར་ཐུབ་པའི་འགན་ལེན་བྱེད་དགོས། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལ་དཔེ་བསྡུར་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”ལས་རིགས་ཁག་གི་ཆེད་དམིགས་འཆར་འགོད་དང་སྲིད་ཇུས་གོ་སྐབས་བེད་སྤྱོད་ཡག་པོ་བྱེད་པ་དང་། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དང་བསྟུན་ནས་ཐོན་ལས་གཙོ་བོ་དང་རྣམ་གྲངས་གལ་ཆེན་ལ་དོ་གནད་བྱས་ནས་སྔོན་ཚུད་ཀྱིས་བཀོད་སྒྲིག་བྱས་ཏེ་བྱ་སྤྱོད་སྔོན་ལ་སྤེལ་བ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་དགོས།

གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། མཐའ་ཚད་ཀྱི་བསམ་གཞིགས་བརྟན་པོར་གཏོང་བ་དང་བདེ་འཇགས་འགན་ལེན་ཏན་ཏིག་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་སྤྱི་ཡོངས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་དོར་ནས་“རྟག་ཏུ་བློ་བཟོད་མི་བདེ་བ་”ཡི་འགན་འཁྲི་ཁུར་སེམས་རྒྱུན་འཁྱོངས་བྱེད་དེ་ཐིག་སྒྲིལ་གྱི་སེམས་ཁམས་ལ་བརྟེན་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་དགོས། སྤྱི་ཚོགས་བདེ་སྐྱོང་དང་བདེ་འཇགས་ཐོན་སྐྱེད་ཀྱི་གཞི་རྩའི་གནས་ཚུལ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་ངོས་སུ་སྐོར་གཡེང་དང་སྔོན་འགོག་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། “ལས་རིགས་ལ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་དགོས”དོན་འཁྱོལ་ནན་པོ་བྱེད་པ་དང་། རྒྱུན་རྣམ་ཅན་དུ་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྒྲིག་བྱེད་དེ་བདེ་འཇགས་ཀྱི་དོན་རྐྱེན་ཆེན་པོ་དང་ཆེས་ཆེན་པོ་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་གི“ཉིན་རེའི་སྙན་ཞུ་དང་སྙན་ཞུ་མེད་པ” ཆུ་ཚོད་24ཡི་ལས་རེས་སྡོད་སྲུང་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་རིང་ཁུལ་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོང་བའི་འགན་ལེན་བྱེད་དགོས།

འགན་འཁུར་རྩོམ་སྒྲིག་པ།:七林卓玛

  • བདེ་ཆེན་གསར་འགྱུར།

ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་91པ་འཚོགས།

སྐབས་བཅུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་6པ་འཚོགས།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཨུ་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་བདེ་ཆེན་དུ་འཚོགས་པ།

ཁུལ་ཡོངས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་ཚོགས་འདུ་འཚོགས་པ།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་གསུམ་པ་སྤེལ་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས།

སྐབས་བཅུ་བའི་ཁུལ་ཨུའི་རྒྱུན་ཨུས་གྲོས་ཚོགས་ཐེངས་ལྔ་བ་(རྒྱ་སྐྱེད)འཚོགས་པ། ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

བདེ་ཆེན་ཁུལ་གྱི་སྐྱེ་ཁམས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་ཐོབ་པ།

ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྤྱི་བསྒྲགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com