ཁུལ་ཨུའི་དམག་གྲོས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རང་ཁུལ་གྱི་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནན་བཤད་གནང་།

ཟླ་5པའི་ཚེས་11ཉིན། ཁུལ་ཨུའི་དམག་དོན་གྲོས་ཚོགས་འཚོགས། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཨུའི་དམག་དཔུང་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ། ཏང་གིས་དྲག་ཆས་དོ་དམ་བྱེད་པའི་ལས་འགན་སྙན་ཞུ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། གོམ་རིམ་རྗེས་མའི་ལས་དོན་བཀོད་སྒྲིག་བྱས།
ཁུལ་ཨུའི་ཧྲུའུ་ཅི། ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་པའོ་ཧྥུ་ཚོགས་འདུར་ཞུགས།
ཚོགས་འདུའི་ཐོག རྫོང་དང་གྲོང་ཁྱེར་གསུམ་གྱིས་ཏང་གིས་དྲག་ཆས་ལས་དོན་ལ་དོ་དམ་བྱེད་པའི་ལས་འགན་སྙན་ཞུ་གནང་བ་དང་། ཡན་ལག་དམག་ཁུལ་གྱི་འགོ་ཁྲིད་དབྱང་ཁྲེང་ལེའང་གིས་དཔྱད་བརྗོད་གནང་བ་དང་། ཡན་ལག་དམག་ཁུལ་གྱི་འགོ་ཁྲིད་ཧྲི་ཀྲ་ཀེན་གྱིས་2025ལོའི་ལས་དོན་ཕྱོགས་སྡོམ་དང་གོམ་རིམ་རྗེས་མའི་ལས་ཀའི་གྲོས་འགོ་འདོན་ཡོད།
ལུའོ་ཁྲའོ་ཧྥེང་གིས་བསྟན་དོན། ན་ནིང་ནས་བཟུང་། ཁུལ་ཡོངས་ཀྱི་དམག་དཔུང་དང་ས་གནས་བཅས་རིམ་པ་ཁག་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཨུ་དང་ཞིང་ཆེན་དམག་ཁུལ་གྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་པ། དམག་དཔུང་དང་ས་གནས་བར་གྱི་མཉམ་ཤུགས་རྒྱུན་མཐུད་ངང་གོང་བུར་འགྲིལ་བ་དང་། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་འགན་འཁྲི་སྔར་བས་ཏན་ཏིག་ཏུ་བཏང་བ། རྒྱལ་ཁ་ཐོབ་པའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། སྐུལ་སློང་གྲ་སྒྲིག་གི་རྨང་གཞི་སྔར་བས་བརྟན་དུ་ཕྱིན། དམག་སྲིད་དང་དམག་དམངས་བར་གྱི་མཛའ་གྲོགས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་། ཏང་གིས་དྲག་ཤུགས་ལ་དོ་དམ་བྱེད་པའི་གཙོ་གནད་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་ཡོད།
ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པ་”འགོ་ཚུགས་པའི་ལོ་ཞིག་དང་དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད། ཁུལ་ཡོངས་ཀྱི་དམག་དཔུང་དང་ས་གནས་རིམ་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་ཨུའི་དམག་དཔུང་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ། གཙོ་གནད་ལས་དོན་དང་འགག་རྩའི་མཚམས་ཚིགས་ལ་དམིགས་ནས། རང་འགུལ་ངང་བསམ་བློ་གཏོང་བ་དང་ཏན་ཏིག་བྱེད་པ། ཕན་འབྲས་ལ་ལྟ་བ། ཁུལ་ཡོངས་ཀྱི་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
ལུའོ་ཁྲའོ་ཧྥེང་གིས་བསྟན་དོན། ཆབ་སྲིད་ཐོག་ནས་དམག་དཔུང་འཛུགས་བར་དམིགས་ཏེ་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། ཏང་གིས་དྲག་ཆས་ལ་དོ་དམ་བྱ་རྒྱུ་ནི་མི་དམངས་དྲག་ཆས་ལས་དོན་གྱིས་དུས་དང་རྣམ་པ་ཀུན་ཏུ་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པའི་རྩ་དོན་ཞིག་ཡིན་པས། རིམ་པ་ཁག་གི་ཏང་ཨུ་ཡིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཏེ། ཏང་གིས་དྲག་ཆས་དོ་དམ་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཏང་གིས་དྲག་ཆས་དོ་དམ་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་བཅས་བྱེད་དེ་ཏང་གིས་དྲག་ཤུགས་ལ་དོ་དམ་བྱེད་པའི་དཔྱད་ཞིབ་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་ནས་རྒྱལ་སྲུང་སྐུལ་སློང་གི་རྨང་གཞི་ཁྱོན་ཡོངས་ནས་བརྟན་དུ་གཏོང་དགོས་པ་དང་།དམག་དཔུང་དང་ས་གནས་རིམ་པ་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་སྐུལ་སློང་དང་མདུན་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཐུབ་པ་དང་། དུས་དང་རྣམ་པ་ཀུན་ཏུ་འཕྲལ་སྡོམ་དམག་འཐབ་ལ་ཁ་གཏད་གཅོག་ཐུབ་པའི་དགོས་གཏུག་གི་འདུ་ཤེས་དང་ལས་འགན་སྒྲུབ་པའི་འདུ་ཤེས་ལ་བརྟེན་ནས་དམག་འཐབ་ལ་རོགས་སྐྱོར་དང་དམག་འཐབ་ལ་འགན་ལེན་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། ཡུལ་དམག་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། དམག་མི་བསྡུ་བའི་སྤུས་ཚད་འགག་སྒོ་ནན་པོ་དམ་འཛིན་བྱས་ནས་གཞི་རིམ་གྱི་རྨང་གཞི་བརྟན་པོ་བཏིང་སྟེ་རྒྱལ་སྲུང་སྐུལ་སློང་དང་རོགས་སྐྱོར་འགན་ལེན་གྱི་རྒྱལ་ཁ་ཐོབ་པའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། གཉིས་བཀུར་མཉམ་སྐྲུན་ལ་དམིགས་པ་དང་། དམག་སྲིད་དམག་དམངས་མཐུན་སྒྲིལ་གྱི་ཕན་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ། རྒྱལ་སྲུང་སློབ་གསོ་གཏིང་ཟབ་གཏོང་བ། དམག་དཔུང་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ། དམག་དམངས་མཉམ་འདྲེས་དམ་འཛིན་ཏན་ཏིག་བཅས་བྱས་ནས་དམག་སྲིད་དམག་དམངས་མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་གཅིག་སྡུད་བྱེད་དགོས། དམག་དཔུང་དང་ས་གནས་ཕྱོགས་གཉིས་པོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། ཞིང་ཨུའི་འགོ་ཁྲིད་ནུས་ལྡན་འོག སེམས་ཤུགས་གཅིག་སྒྲིལ་དང་དམ་འཛིན་དངོས་སྒྲུབ་བྱས་ཏེ་རང་ཁུལ་གྱི་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་ནས་དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་བདེ་ཆེན་གྱི་ལེགས་སྐྱེས་འབུལ་དགོས།
ཞུས་ཀོང་ཏེ་དང་ཞུང་ཝུན་པིན། ཡུས་ཀུའེ་ཧྥུན། ཡན་ལག་དམག་ཁུལ་ཏང་ཨུའི་རྒྱུན་ཨུ་དང་འབྲེལ་ཡོད་འགན་འཁུར་བློ་མཐུན། བཅའ་སྡོད་དམག་དཔུང་ཚན་པའི་འགོ་ཁྲིད་གཙོ་བོ་དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུ་རུ་ཞུགས། ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོང་དང་གྲོང་ཁྱེར་གསུམ་དུ་འཚོགས།
责任编辑:拉茸初姆
- བདེ་ཆེན་གསར་འགྱུར།
བདེ་ཆེན་རུ་ཁག་ཕུའུ་ཨར་རུ་ཁག་ལས་རྣམ་པར་རྒྱལ་ཏེ་གནད་འགག་གི་སྐར3བླངས་ལ་འགྲན་རིམ་རྗེས་མའི་ནང་ཞུགས་ཐུབ་པ་བྱུང་།
ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོ་རུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།
སྐབས་དགུ་པའི་ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས157པ་འཚོགས།
ཀྲང་ཝེ་ཏུང་གིས་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་གྲོང་གསེབ་ཀྱི་ཡུལ་སྐོར་རྐང་ཐང་ལམ་ཐིག་གསར་སྤེལ་དང་དོ་དམ་བྱེད་ཚུལ་ལ་རྟོག་ཞིབ་གནང་།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་17པར་གཙོ་སྐྱོང་གནང་བ།
ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང“ཀྲུང་ཨུའི་སློབ་གསོའི་ལོའི”འགོ་ཚུགས་མཛད་སྒོར་ལྷན་དུ་ཞུགས་ནས་ཤིས་ཚིག་གསུངས་པ།
ལུའོ་ཁྲའོ་ཧྥེང་གིས་འབྲི་ཆུའི་ཀོང་རྩེད་ར་རྒྱུད་དུ་ཆུ་བོ་སྐོར་ཞིབ་རྒྱག་པའི་ལས་དོན་སྤེལ་སྐབས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་རྒྱུན་གཏན་དང་ཕུགས་ཕན་ལ་སྐུལ་འདེད་བཏང་ནས་འབྲི་ཆུའི་ཆུ་སྟོད་ཀྱི་(བདེ་ཆེན་རྒྱུད་)སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།
མངོན་མིན་རིག་གནས་ཤུལ་བཞག་གི་དངུལ་བཟོ་ལ་བརྟེན་ནས་ལས་གཏོད་ཕུགས་འདུན་མངོན་འགྱུར་བྱུང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108