中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་རུ་ཁག་ཕུའུ་ཨར་རུ་ཁག་ལས་རྣམ་པར་རྒྱལ་ཏེ་གནད་འགག་གི་སྐར3བླངས་ལ་འགྲན་རིམ་རྗེས་མའི་ནང་ཞུགས་ཐུབ་པ་བྱུང་།

ཁྱབ་བསྒྲགས་དུས་ཚོད་:2026-05-25 15:48:37 འབྱུང་ཁུངས་:香格里拉藏文网

ཟླ་5ཚེས་23ཉིན།2025ནས་2026ལོའི་ཧྥུའུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་གྱི་སྐོར་ཐེངས་བཅུ་བཞི་པའི་གནད་འགག་གི་འགྲན་བསྡུར་བསུས་ཡོང་བདེ་ཆེན་རུ་ཁག་གི་འགྲུལ་ཕྱོགས་ནས་ཕུའུ་ཨརརུ་ཁག་ལ་འགྲན་སློང་བྱས། ཐེངས་འདིའི་འགྲན་བསྡུར་ནི་དུས་རིམ་རྗེས་མའི་འགྲན་བསྡུར་ལ་ཞུགས་ཐུབ་མིན་གྱི་ཐག་གཅོད་རང་བཞིན་གྱི་འགྲན་བསྡུརཞིག་ཡིན་པས། བདེ་ཆེན་རུ་ཁག་གིས་ཞུམ་མེད་ཀྱི་བློ་སྟོབས་དང་ངོ་མཚར་གྱི་རྩལ་ནུས་ལ་བརྟེན་ནས་སྐར་མ་90ཡི་ཛ་དྲག་གི་འགྲན་བསྡུར་བརྒྱུད། མཐར་བསྡུར་གྲངས་21གི་ཐོག་ནས་འགྲན་ཡ་ལས་རྣམ་པར་རྒྱལ་ལ་རིན་ཐང་བྲལ་བའི་སྐར་མ་3བླངས་ཏེ་བདེ་ལེགས་ངང་འགྲན་རིམ་རྗེས་མའི་ནང་ཞུགས་ཐུབ་པ་བྱུང་།

图片

འགྲན་སྟོད་དུ་རང་ཕྱོགས་ནའགྲན་ཞུགས་བྱས་ཡོད་པའིཕུའུ་ཨརརུ་ཁག་གིས་བཙན་རྒོལ་དྲག་པོ་བྱས་ཤིང་ ཕྱོགས་གཉིས་ནསའཇབ་རྒོལ་དང་དཀྱིལ་རའི་ནང་འཕྲོགབརྩོད་དྲག་པོ་བྱས་ནས་ཉེན་ཁ་མང་བོ་བཟོས། འོན་ཀྱང་བདེ་ཆེན་རུ་ཁག་གི་འགོག་སྲུང་མ་ལག་བརྟན་པོ་ཡིན་པ་དང་རྒྱབ་ཕྱོགས་ཀྱི་འགོག་སྲུང་མཐུན་སྦྱོར་མ་གྲོས་གཅིག་མཐུན།སྒོ་སྲུང་བསརྩལ་ནུས་གང་ཡོད་འདོན་པས་ཉེན་ཁའི་གནས་ཚུལ་ཐེངས་མང་སེལ་བཕ་རོལ་བའི་ཚད་མཐོ་བའི་ཕར་རྒོལ་བཀག་ཐུབ་སོང་འགྲན་བསྡུར་གྱི་སྐར་མ་34བར་བདེ་ཆེན་རུ་ཁག་གི་ལུའུ་ཀྲུན་ཡུའུ་ཡིས་གོ་སྐབས་བཟང་བོ་དམ་འཛིན་བྱས་ནསསྤོ་ལོ་གཅིག་བསྡུས་ཤིང་། བདེ་ཆེན་རུ་ཁག་གིས་བསྡུར་ཚད་1:0གིས་སྔོན་ལ་ཤོར་ལེགས་ཆ་འགྲན་རིམ་དང་པོའི་བར་དུ་རྒྱུན་འཁྱོངས་བྱས།

图片
图片

འགྲན་རིམ་རྗེས་མ་འགོ་བརྩམས་རྗེས།ཕུའུ་ཨར་རུ་ཁག་གིས་མགྱོགས་མྱུར་གྱིསའགྲན་བསྡུར་གྱི་བཀོད་སྒྲིག་ལེགས་སྒྲིག་བྱས་ཤིང་།ཕར་རྒོལ་དྲག་པོ་བྱས་པ་རྒྱུན་འཁྱོངས་བྱས་ནས།བདེ་བླག་ངང་སྤོ་ལོ་གཅིག་བསྡུས་ལ་སྤོ་ལོའི་བསྡུར་གྲངས་དེ་11བྱས་ནས་ཕྱིར་འདྲ་མཉམ་གྱི་ཚད་ཐིག་སྟེང་ཡོང་བ་བྱས་པས། འགྲན་རའི་གནས་བབ་ཡང་བསྐྱར་ཁྱོད་བརྒོལ་ང་འགོག་གི་ཛ་དྲག་གི་གནས་སུ་ལྷུང་སྐར་མའི་བསྡུར་གྲངས་འདྲ་མཉམ་བྱུང་རྗེས།ཕྱོགས་གཉིས་ཀྱི་འགྲན་རྒོལ་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་ཇེ་དྲག་ཏུ་གྱུར་ལརྒོལ་འགོག་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ།རུ་ཁག་གཉིས་ཀས་ནུས་ཤུགས་ཡོད་རྒུས་འགྲན་ཡའི་འགོག་སྲུངའཛིང་རགས་གཏོས་ཐབས་བྱས་པ་རེད།

图片
图片

གནོན་ཤུགས་ཆེ་བའི་འོག་བདེ་ཆེན་རུ་ཁག་གིས་སེམས་ཁམས་བརྟན་པོ་དང་།རིག་ལམ་གསལ་བོས་འགོག་བརྒོལ་བསུ་ནས མུ་མཐུད་དུ་ཕན་འབྲས་ཆེ་བའི་རྒོལ་ལན་སྤྲོད་པའི་འཐབ་རྩལ་རྒྱུན་འཁྱོངས་བྱསའགག་རྩའི་དུས་སུ་ཨང་རྟགས་2པས་སླར་ཡང་དཔའ་ངར་ཆེར་བསྐྱེད་ཀྱིས་རང་སྟེང་གི་མྱུར་ཚད་དང་གཟེངས་སུ་ཐོན་པའི་རྩལ་ནུས་ཀྱིས་སླར་ཡང་སྤོ་ལོ་གཅིག་བསྡུས་ཤིང་བདེ་ཆེན་རུ་ཁག་ལ་སླར་ཡང་སྔོན་ལ་སླེབས་རྒྱུར་རོགས་རམ་བྱས་ལའགྲན་བསྡུར་གྱི་བསྡུར་ཚད་21ལ་གཏན་འཁེལ་བྱས་ཡོད།མཐའ་མར་ཕུའུ་ཨར་རུ་ཁག་གིས་ཕར་རྒོལ་གྱི་གོ་སྐབས་བསྟུད་མར་བཏོད་དེ་སྐར་གྲངས་སྙོམས་རྩིས་བྱས་མོདབདེ་ཆེན་རུ་ཁག་གི་རུ་མི་ཡོངས་ཀྱིས་སྤོ་ལོ་བརྒྱུད་སྤྲོད་ཀྱི་ལམ་ཐིག་བརྟན་སྲུང་དང་།སྒོ་འགྲམ་གྱི་ཉེན་ཁའི་གནས་ཚུལ་སེལ་བ།ལག་བསྟར་ནུས་པ་དང་གནོན་ཤུགས་ཀྱི་ནུས་པ་ཧ་ཅང་ཆེ་བར་བརྟེན་ནས་གྲུབ་འབྲས་བརྟན་སྲུང་བཅས་བྱས་པསམཐརབདེ་ཆེན་གྱི་ཕུའུ་ཨར་རུ་ཁག་ལས་རྣམ་པར་རྒྱལ་ཏེགནད་འགག་གིརྒྱལ་ཁ་དེ་བླངས་པ་རེད།

图片
图片

ཐེངས་འདིའི་འགྲན་བསྡུར་ལ་རྒྱལ་ཁ་ཐོབ་པ་རིན་ཐང་ཧ་ཅང་མཐོ་པོ་ཡོད་པ་དེབདེ་ཆེན་རུ་ཁག་གིས་ཛ་དྲག་གི་འགྲན་བསྡུར་ལ་གདོང་གཏད་ཕོད་པ་དང་བརྒོལ་ལན་དྲག་པོར་མི་སྐྲག་པའི་རྩལ་འགྲན་གྱི་རྣམ་པ་མངོན་ཡོད་ལ།སྤོ་ལོ་རུ་ཁག་ཡུན་ནན་ཚད་མཐོའི་དུས་རིམ་རྗེས་མའི་འགྲན་བསྡུར་ནང་བདེ་བླག་ངང་ཞུགས་རྒྱུར་གྲུབ་འབྲས་ཐོབ་པའི་ངང་རམ་འདེགས་ཐུབ་ནས་འགྲན་བསྡུར་གྱི་རྗེས་མཐུད་རྒྱང་སྐྱོད་ལམ་བུར་ངར་ཤུགས་དང་ཡིད་ཆེས་ཆེན་པོ་སྦྱིན་ཡོད།

责任编辑:南珠泽仁

  • བདེ་ཆེན་གསར་འགྱུར།

བདེ་ཆེན་རུ་ཁག་ཕུའུ་ཨར་རུ་ཁག་ལས་རྣམ་པར་རྒྱལ་ཏེ་གནད་འགག་གི་སྐར3བླངས་ལ་འགྲན་རིམ་རྗེས་མའི་ནང་ཞུགས་ཐུབ་པ་བྱུང་།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོ་རུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།

སྐབས་དགུ་པའི་ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས157པ་འཚོགས།

ཀྲང་ཝེ་ཏུང་གིས་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་གྲོང་གསེབ་ཀྱི་ཡུལ་སྐོར་རྐང་ཐང་ལམ་ཐིག་གསར་སྤེལ་དང་དོ་དམ་བྱེད་ཚུལ་ལ་རྟོག་ཞིབ་གནང་།

ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་17པར་གཙོ་སྐྱོང་གནང་བ།

ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང“ཀྲུང་ཨུའི་སློབ་གསོའི་ལོའི”འགོ་ཚུགས་མཛད་སྒོར་ལྷན་དུ་ཞུགས་ནས་ཤིས་ཚིག་གསུངས་པ།

ལུའོ་ཁྲའོ་ཧྥེང་གིས་འབྲི་ཆུའི་ཀོང་རྩེད་ར་རྒྱུད་དུ་ཆུ་བོ་སྐོར་ཞིབ་རྒྱག་པའི་ལས་དོན་སྤེལ་སྐབས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་རྒྱུན་གཏན་དང་ཕུགས་ཕན་ལ་སྐུལ་འདེད་བཏང་ནས་འབྲི་ཆུའི་ཆུ་སྟོད་ཀྱི་(བདེ་ཆེན་རྒྱུད་)སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

མངོན་མིན་རིག་གནས་ཤུལ་བཞག་གི་དངུལ་བཟོ་ལ་བརྟེན་ནས་ལས་གཏོད་ཕུགས་འདུན་མངོན་འགྱུར་བྱུང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com