ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་17པར་གཙོ་སྐྱོང་གནང་བ།

ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་འཇོལ་རྫོང་མཁར་ཉེན་གཡོལ་གནས་སྤོའི་ལས་དོན་ཆེད་དོན་ཚོགས་འདུ་ཐེངས17པར་གཙོ་སྐྱོང་གནང་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ5པའི་ཚེས20ཉིན་ནས་ཚེས21ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་འཇོལ་རྫོང་ཧྲིན་ཕིང་གྲོང་རྡལ་དང་།ཡེ་ཀྲི་གྲོང་རྡལ་དུ་རྫོང་མཁར་གྱི་ས་གཤིས་གནོད་འཚེ་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། ཡུལ་དངོས་སུ་རྣམ་གྲངས་འཛུགས་སྐྲུན་འཕེལ་རིམ་ལ་གཟིགས་ཞིབ་དང་། ཁུལ་ཨུའི་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་ཐེངས་17པར་གཙོ་སྐྱོང་གནང་བ་རེད།ཁོང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། དམིགས་འབེན་ལ་དམིགས་པ་དང་།འགན་འཁྲི་ནན་སྒྲུབ།འགག་སྒྲོལ་ཇེ་མགྱོགས་བཅས་བྱས་ནས་དུས་ཐོག་ཏུ་གནས་སྤོའི་ལས་འགན་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན།

ལུའོ་ཁྲའོ་ཧྥེང་དང་བཅས་པས་ཡེ་ཀྲི་གྲོང་རྡལ་གྱི་གནས་སྤོས་བཀོད་སྒྲིག་དུད་ཚང་གི་ཁྱིམ་དུ་བསྐྱོད་དེ་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ལ་ཤེས་རྟོགས་གནང་བ།
ཚོགས་འདུའི་སྔོན་དུ།ལུའོ་ཁྲའོ་ཧྥེང་དང་བཅས་པས་སྔ་རྗེས་སུ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་བཀོད་སྒྲིག་སྡོད་ཁང་དང་།ཕྱོགས་བསྡུས་སྨན་ཁང་།སྲིད་འཛིན་ལྟེ་གནས།འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་སོགས་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ཕེབས་ནས་ལས་གྲྭའི་སྤུས་ཚད་དང་ཨར་ལས་འཕེལ་རིམ་ལ་ལྟ་ཞིབ་ཞིབ་ཚགས་དང་།རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དཀའ་གནད་དང་འགག་གནད་ཀྱི་གནད་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད།ལས་ཡུལ་དངོས་སུ་ལས་ཡུན་གྱི་འཕེལ་རིམ་ལ་ལྟ་སྐུལ་མཛུབ་ཁྲིད་དང་འགག་སྒྲོལ་ལས་འགན་བཀོད་སྒྲིག་ཀྱང་གནང་བ་རེད།འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་མཚམས་ཚིགས་ལ་དམ་པོར་དམིགས་པ་དང་ལས་ཡུན་ལྡོག་སྒྲིག་བྱས་ཏེ་བདེ་འཇགས་འགན་ལེན་དང་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྣམ་གྲངས་འཛུགས་སྐྲུན་གྱི་གོམ་སྟབས་ནུས་ཤུགས་ཡོད་རྒུས་མགྱོགས་སུ་གཏོང་དགོས་པའི་བླང་བྱ་བཏོན་པ།ལུའོ་ཁྲའོ་ཧྥེང་དང་བཅས་པས་ད་དུང་དུད་ཚང་དུ་གནས་སྤོ་བཀོད་སྒྲིག་བྱས་པའི་མང་ཚོགས་ལ་འཚམས་འདྲི་གནང་བར་བསྐྱོད་དེ་སྡོད་གནས་ཀྱི་ཁོར་ཡུག་དང་། འཚོ་བའི་ལེ་ལག ལས་ཞུགས་འབབ་འཕར་སོགས་ཀྱི་གནས་ཚུལ་སྐོར་བཀའ་འདྲི་གནང་བ་མ་ཟད།འབྲེལ་ཡོད་སྡེ་ཁག་གིས་བརྩེ་སེམས་བཅངས་ནས་རྗེས་མཐུད་ཞབས་ཞུ་འགན་ལེན་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་ཆེན་པོ་བྱེད་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ནས་གནས་སྤོས་མང་ཚོགས་བློ་བདེ་བ་དང་སྐྱིད་པོ་ཡོང་བ་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་གཟིགས་ཞིབ་གནང་བ།
ཚོགས་འདུའི་ཐོག ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་ཉེན་གཡོལ་གནས་སྤོའི་ལས་དོན་སྐུལ་འདེད་གནས་ཚུལ་གྱི་སྙན་ཞུ་ལ་གསན་པ་དང་།མིག་སྔའི་མ་དངུལ་འགན་སྲུང་དང་།ཨར་ལས་མཐུན་སྦྱོར།རྒྱུ་རྐྱེན་གཙོ་བོ་འགན་སྲུང་སོགས་ཀྱི་ཐད་གནས་པའི་ཞན་ཆའི་གནད་དོན་ཁྱོན་ཡོངས་ནས་གསེད་བཀྲོལ་བྱེད་པ་དང་།མིག་སྔའི་འགག་སྒྲོལ་གྱི་གནས་བབ་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་དང་བརྡར་ཤ་བཅད་དེ།དུས་རིམ་རྗེས་མའི་འགག་སྒྲོལ་གྱི་གཙོ་གནད་དང་ལས་ཀའི་བྱེད་ཐབས་ཁ་གསལ་བཟོས་པ་རེད།
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་17པར་གཙོ་སྐྱོང་གནང་བ།
ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང“ཀྲུང་ཨུའི་སློབ་གསོའི་ལོའི”འགོ་ཚུགས་མཛད་སྒོར་ལྷན་དུ་ཞུགས་ནས་ཤིས་ཚིག་གསུངས་པ།
ལུའོ་ཁྲའོ་ཧྥེང་གིས་འབྲི་ཆུའི་ཀོང་རྩེད་ར་རྒྱུད་དུ་ཆུ་བོ་སྐོར་ཞིབ་རྒྱག་པའི་ལས་དོན་སྤེལ་སྐབས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་རྒྱུན་གཏན་དང་ཕུགས་ཕན་ལ་སྐུལ་འདེད་བཏང་ནས་འབྲི་ཆུའི་ཆུ་སྟོད་ཀྱི་(བདེ་ཆེན་རྒྱུད་)སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།
མངོན་མིན་རིག་གནས་ཤུལ་བཞག་གི་དངུལ་བཟོ་ལ་བརྟེན་ནས་ལས་གཏོད་ཕུགས་འདུན་མངོན་འགྱུར་བྱུང་བ།
ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་སི་ཁྲོན་དང་ཁྲུང་ཆིང་དུ་ཚོང་འགུག་རྟོག་ཞིབ་གནང་པར་ཕེབས་པ།
བདེ་ཆེན་ཁུལ་གྱི་ཞོག་ཁོག་སྣ་ཁ་གསར་པ་“སེམས་ཀྱི་ཉི་ཟླ་ཞོག་ཁོག་3301”ལ་རྒྱལ་ཁབ་ཀྱི་ཐོ་འགོད་ཐོབ་པ།
བདེ་ཆེན་རུ་ཁག་གིས་2:0གི་སྐར་གྲངས་ཐོག་ལིན་ཚང་རུ་ཁག་ལས་རྒྱལ་བ།
ཁུལ་མི་དམངས་སྲིད་གཞུང་དང་ཡུན་ནན་མི་རིགས་སློབ་ཆེན་དབར་བཞུགས་མོལ་ཚོགས་འདུ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108