ཀྲང་ཝེ་ཏུང་གིས་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་གྲོང་གསེབ་ཀྱི་ཡུལ་སྐོར་རྐང་ཐང་ལམ་ཐིག་གསར་སྤེལ་དང་དོ་དམ་བྱེད་ཚུལ་ལ་རྟོག་ཞིབ་གནང་།
ཉེ་དུས། ཁུལ་ཨུ་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་ཁག་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་གྲོང་གསེབ་ཀྱི་ཡུལ་སྐོར་རྐང་ཐང་ལམ་ཐིག་གསར་སྤེལ་དང་དོ་དམ་ལས་དོན་ཐད་ལ་རྟོག་ཞིབ་གནང་།

ཀྲང་ཝེ་ཏུང་དང་བཅས་པས་ཡུན་ཅི་ཡེ་ཧྲེ་མགྲོན་ཁང་གི་གཉེར་སྐྱོང་དོ་དམ་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་།
ལའོ་ཡའོ་རི་བོའི་སྐོར་ལམ་དུ། ཀྲང་ཝེ་ཏུང་གིས་ཡུལ་དངོས་སུ་ལམ་རྒྱུད་ཀྱི་ཉེན་ཟོན་མཚོན་རྟགས་སྒྲིག་སྦྱོར་དང་བདེ་འཇགས་འགོག་སྲུང་སྒྲིག་བཀོད་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་མ་ཟད། ཡུན་ཅི་ཡེ་ཧྲེ་མགྲོན་ཁང་གི་གཉེར་སྐྱོང་དོ་དམ་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། སྟག་མཆོང་གྲོག་རོང་གི་རི་མཐོའི་རྐང་ཐང་ལམ་ཐིག་ཏུ་ཡུལ་དངོས་སུ་གསར་སྤེལ་མ་བྱེད་པའི་ས་ཁོངས་དོ་དམ་ཚོད་འཛིན་དང་། རྐང་ཐང་ལམ་ཐིག་ཚད་ལྡན་འཛུགས་སྐྲུན། བདེ་འཇགས་མངོན་མེད་རྐྱེན་ངན་གྲལ་བཤེར་སོགས་ཀྱི་ལས་དོན་གཙོ་བོར་ལྟ་སྐུལ་མཛུབ་ཁྲིད་བྱས་ནས། བཅོས་སྒྲིག་གི་ཁ་ཕྱོགས་དང་འགག་སྒྲོལ་གྱི་གཙོ་གནད་གསལ་པོ་བཟོས།
ཀྲང་ཝེ་ཏུང་དང་བཅས་པས་ལམ་རྒྱུད་ཀྱི་ཉེན་ཟོན་མཚོན་རྟགས་སྒྲིག་སྦྱོར་དང་བདེ་འཇགས་འགོག་སྲུང་སྒྲིག་བཀོད་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་མ་ཟད།
ཀྲང་ཝེ་ཏུང་གིས། ལའོ་ཡའོ་རི་བོའི་སྐོར་ལམ་དང་སྟག་མཆོང་གྲོག་རོང་གི་རི་མཐོའི་རྐང་ཐང་ལམ་ཐིག་གི་མིང་གྲངས་ཁྱབ་ཚད་མཐོ་བ་དང་སྐྱེ་ཁམས་ཀྱི་ཚོར་སྐྱེན་རང་བཞིན་ཆེ་བ། རིམ་པ་ཁག་དང་སྡེ་ཁག་སོ་སོས་དུས་དང་རྣམ་པ་ཀུན་དུ་སྐྱེ་ཁམས་སྲུང་སྐྱོང་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་མོ་འཁུར་ཏེ། གསར་སྤེལ་བྱས་མེད་པའི་ས་ཁོངས་ལ་དོ་དམ་ཚོད་འཛིན་བྱེད་པ་དང་ལམ་དུམ་གཙོ་བོར་དོ་དམ་སྲུང་སྐྱོང་བྱེད་པ་སོགས་ཀྱི་རིམ་པ་གཙོ་བོར་དམིགས་ནས། ས་ཁོངས་ཧྲིལ་པོར་ཉེན་ཁའི་མངོན་མེད་རྐྱེན་ངན་མང་དུ་སྔོན་འགོག་བྱེད་པ་དང་གྲལ་བཤེར་ཆེན་པོ་བྱེད་པ། བཅོས་སྒྲིག་ཆེན་པོ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས་ཞེས་ནན་གསུང་གནང་།
ཀྲང་ཝེ་ཏུང་གིས། རིམ་པ་ཁག་དང་སྡེ་ཁག་སོ་སོས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་གནོད་མེད་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་གཞི་ཚུགས་ནས། ཁྲིམས་དང་སྒྲིག་སྲོལ་ལྟར་རང་བྱུང་སྐྱེ་ཁམས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱས་ཏེ། བདེ་འཇགས་དོ་དམ་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ནས་老药རི་བོ་དང་སྟག་མཆོང་གྲོག་རོང་གི་ས་ཁོངས་ཀྱི་འཕེལ་རྒྱས་དེ་ཚན་རིག་དང་མཐུན་པའི་འཆར་འགོད་དང་ཁྲིམས་ལྟར་དོ་དམ། རྒྱུན་མཐུད་གཉེར་སྐྱོང་ཞེས་པའི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱས་ཏེ། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཟབ་ཡོང་བ་བྱེད་དགོས། ས་ཁོངས་ཧྲིལ་པོར་དུས་འཁོར་ཧྲིལ་པོའི་བདེ་འཇགས་དོ་དམ་ཚོད་འཛིན་མ་ལག་བཙུགས་ཏེ་ཉེན་བརྡའི་མཚོན་རྟགས་དང་འཕྲལ་སྡོམ་རོགས་སྐྱོབ་སྒྲིག་བཀོད། ཐག་གཅོད་ལམ་སྲོལ་བཅས་རྒྱུན་མཐུད་འཐུས་ཚང་དུ་བཏང་ནས། བདེ་འཇགས་འགན་ལེན་དང་སྐྱེ་ཁམས་སྲུང་སྐྱོང་ཕྱོགས་གཉིས་མཉམ་དུ་སྐུལ་འདེད་གཏོང་དགོས། བདེ་འཇགས་འགོག་སྲུང་དང་ཞབས་ཞུ་ཆ་སྒྲིག་ཅེས་པ་ཕྱོགས་གཉིས་ཀས་ནུས་ཤུགས་ཡོད་རྒུད་ཤུགས་སྣོན་རྒྱག་ནས། མཁྲེགས་ཆས་རིམ་སྤོར་གྱིས་ས་ཁོངས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་འདེགས་སྐྱོར་བྱེད་དགོས། ཁོངས་གཏོགས་ཁུལ་གྱི་དོ་དམ་གྱི་འགན་འཁྲི་ཨང་དང་པོ་དམ་འཛིན་དང་ཏན་ཏིག་བྱས་ཏེ། ཕྱོགས་མང་མཉམ་འགུལ་དང་མཉམ་སྐྱོང་གི་ཡུན་རིང་དོ་དམ་སྲུང་སྐྱོང་གི་ལམ་སྲོལ་འཐུས་ཚང་དུ་གཏོང་སྟེ། ཁྱབ་ཁོངས་ཀྱི་རིག་གནས་ཡུལ་སྐོར་ཚད་ལྡན་ཅན་དང་ཞིབ་ཚགས་ཅན་གྱི་དོ་དམ་སྲུང་སྐྱོང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན།
ལིན་ཧའོ་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་རྟོག་ཞིབ་ནང་ཞུགས།
- བདེ་ཆེན་གསར་འགྱུར།
ཀྲང་ཝེ་ཏུང་གིས་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་གྲོང་གསེབ་ཀྱི་ཡུལ་སྐོར་རྐང་ཐང་ལམ་ཐིག་གསར་སྤེལ་དང་དོ་དམ་བྱེད་ཚུལ་ལ་རྟོག་ཞིབ་གནང་།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་17པར་གཙོ་སྐྱོང་གནང་བ།
ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང“ཀྲུང་ཨུའི་སློབ་གསོའི་ལོའི”འགོ་ཚུགས་མཛད་སྒོར་ལྷན་དུ་ཞུགས་ནས་ཤིས་ཚིག་གསུངས་པ།
ལུའོ་ཁྲའོ་ཧྥེང་གིས་འབྲི་ཆུའི་ཀོང་རྩེད་ར་རྒྱུད་དུ་ཆུ་བོ་སྐོར་ཞིབ་རྒྱག་པའི་ལས་དོན་སྤེལ་སྐབས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་རྒྱུན་གཏན་དང་ཕུགས་ཕན་ལ་སྐུལ་འདེད་བཏང་ནས་འབྲི་ཆུའི་ཆུ་སྟོད་ཀྱི་(བདེ་ཆེན་རྒྱུད་)སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།
མངོན་མིན་རིག་གནས་ཤུལ་བཞག་གི་དངུལ་བཟོ་ལ་བརྟེན་ནས་ལས་གཏོད་ཕུགས་འདུན་མངོན་འགྱུར་བྱུང་བ།
ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་སི་ཁྲོན་དང་ཁྲུང་ཆིང་དུ་ཚོང་འགུག་རྟོག་ཞིབ་གནང་པར་ཕེབས་པ།
བདེ་ཆེན་ཁུལ་གྱི་ཞོག་ཁོག་སྣ་ཁ་གསར་པ་“སེམས་ཀྱི་ཉི་ཟླ་ཞོག་ཁོག་3301”ལ་རྒྱལ་ཁབ་ཀྱི་ཐོ་འགོད་ཐོབ་པ།
བདེ་ཆེན་རུ་ཁག་གིས་2:0གི་སྐར་གྲངས་ཐོག་ལིན་ཚང་རུ་ཁག་ལས་རྒྱལ་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108