中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་འབྲི་ཆུའི་ཀོང་རྩེད་ར་རྒྱུད་དུ་ཆུ་བོ་སྐོར་ཞིབ་རྒྱག་པའི་ལས་དོན་སྤེལ་སྐབས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་རྒྱུན་གཏན་དང་ཕུགས་ཕན་ལ་སྐུལ་འདེད་བཏང་ནས་འབྲི་ཆུའི་ཆུ་སྟོད་ཀྱི་(བདེ་ཆེན་རྒྱུད་)སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཁྱབ་བསྒྲགས་དུས་ཚོད་:2026-05-21 15:44:16 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ5པའི་ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི། ཁུལ་རིམ་པའི་སྤྱི་ཁྱབ་ཆུ་དཔོན་དང་།འབྲི་ཆུ(བདེ་ཆེན་རྒྱུད)ཁུལ་རིམ་པའི་ཆུ་དཔོན་ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཡུལ་ཡུམ་གྲོང་ཚོར་བསྐྱོད་དེ་གད་སྙིགས་གཤོ་བའི་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་འབྲེལ་རྫོང་དང་།ཤང་།གྲོང་ཚོ་བཅས་རིམ་གསུམ་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་སྤེལ་བའི་ཕན་འབྲས་ལ་རྟོག་ཞིབ་དང་ཆུ་བོ་སྐོར་ཞིབ་ཀྱང་རྒྱག་པ།ཁོང་གིས་ནན་གྱིས་བསྟན་དོན།ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ།གཟེར་འདེབས་པ་ལྟ་བུའི་སྙིང་སྟོབས་ཀྱིས་གནད་དོན་དག་ཐེར་ཡོ་བསྲང་དམ་འཛིན་བྱེད་པ་དང་།ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་རྒྱུན་ལྡན་དང་ཡུན་ཕན་ཡོང་བར་སྐུལ་འདེད་གཏོང་བ།འབྲི་ཆུའི་སྟོད་རྒྱུད་ཀྱི་(བདེ་ཆེན་རྒྱུད)སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བཟོ་བ་བཅས་བྱེད་དགོས།

    ཀོང་རྩེད་ར་གྲོང་རྡལ་ཡུལ་ཡུམ་གྲོང་ཚོ་རུ། ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་གད་སྙིགས་གཤོ་ས་བཅོས་སྒྲིག་བྱ་ཡུལ་དུ་ལྟ་ཞིབ་བྱས་པ་དང་གད་སྙིགས་གཙང་སེལ་གྱི་འཕེལ་རིམ་དང་།གནོད་མེད་གཙང་སེལ་གྱི་བརྒྱུད་རིམ།ཕུགས་ཕན་དོ་དམ་ཚོད་འཛིན་གྱི་བྱ་ཐབས་སོགས་ཀྱི་གནས་ཚུལ་ཞིབ་ཏུ་དྲིས་ནས་འཇོལ་རྫོང་གི་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་དང་གནད་དོན་བཅོས་སྒྲིག་བྱས་ནས་ཨང་ཐོ་སུབ་གྲངས།རྒྱུན་གཏན་གྱི་སྐོར་ཞིབ་ལྟ་སྐུལ་དོ་དམ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གནང་བ་རེད།

    ལུའོ་ཁྲའོ་ཧྥེང་གིས་བསྟན་དོན། འཇོལ་རྫོང་འདི་ཉིད་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ནུས་པའི་ཁུལ་གལ་ཆེན་ཡིན་པའི་ཆ་ནས། སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་ལྕི་པོ་ཡོད་པས་རྣམ་འགྱུར་བརྟན་ཤོས་དང་ཚད་གཞི་ནན་ཤོས་ཀྱི་ཐོག་ནས་གནད་དོན་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གད་སྙིགས་གཤོ་བའི་གནད་དོན་སླར་ཡང་མི་ཐོན་པ་མཐའ་གཅིག་ཏུ་བྱས་ཏེ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་དགོས།       
    ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན།ཆུ་བོ་སྐོར་ཞིབ་ལས་ཀ་དེ་དུས་རྒྱུན་དང་རྒྱུན་ལྡན་དུ་དམ་འཛིན་བྱེད་དགོས་པ་དང་།རིམ་པ་ཁག་གི་ཆུ་དཔོན་གྱིས་བྱེད་པོའི་འགན་འཁྲི་འཁུར་དགོས།རྒྱུན་རྣམ་ཅན་གྱི་ཆུ་བོ་སྐོར་ཞིབ་ལམ་ལུགས་དོན་འཁྱོལ་ནན་མོ་དང་།ཆུ་འགྲམ་ལམ་རྒྱུད་སྲུང་སྐྱོང་།གད་སྙིགས་སྦགས་བཙོག་འགོག་བཅོས།ཁྲིམས་དང་མི་མཐུན་པའི་བྱེ་མ་སྔོག་འདོན་བཅོས་སྐྱོང་སོགས་ལྷུ་ཚིགས་གཙོ་བོར་དམིགས་ནས།རྒྱུན་གཏན་གྱི་སྐོར་ཞིབ་ཐེངས་གྲངས་དང་བྱེད་ཤུགས་ཆེ་རུ་བཏང་ནས་གནད་དོན་སྔ་ཙམ་ཤེས་རྟོགས་དང་།སྔ་ཙམ་ཐག་གཅོད།སྔ་ཙམ་བཅོས་སྒྲིག་བཅས་ཐུབ་པ་བྱེད་དགོས།རྫོང་དང་།ཤང་།གྲོང་ཚོ་བཅས་རིམ་པ་གསུམ་གྱི་མཉམ་འགུལ་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།སྡེ་ཁག་གིས་མཉམ་སྒྲུབ་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ།ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་ཆགས་པ་བཅས་བྱས་ཏེ་ཆུ་ལམ་དོ་དམ་སྲུང་སྐྱོང་ཚད་ལྡན་ཅན་དང་ཞིབ་ཚགས་ཅན་དུ་འགྱུར་བའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས།        
    ལུའོ་ཁྲའོ་ཧྥེང་གིས་བླང་བྱ་གནང་དོན།གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ།གནད་དོན་ལ་དམིགས་ནས་རྩིས་ཁྲ་བཟོ་བ་དང་། དུས་བཀག་ཁ་གསལ། འགན་འཁྲི་ནན་སྒྲུབ་བཅས་བྱས་ཏེ། རེ་རེ་བཞིན་དག་ཐེར་ཡོ་བསྲང་བྱས་ཏེ་དག་ཐེར་ཡོ་བསྲང་ལས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་འགན་ལེན་ཏན་ཏིག་བྱ་དགོས། ཡུན་ཕན་དོ་དམ་ཚོད་འཛིན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།ལྟ་སྐུལ་དོ་དམ་དང་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་ལམ་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱ་དགོས། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། མང་ཚོགས་རང་རྟོགས་ཀྱིས་ཆུ་ལམ་སྲུང་སྐྱོང་བྱེད་པར་ཞུགས་པར་ཁྲིད་སྟོན་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཆགས་པ་བྱ་དགོས།
    ཞུས་ཀོང་ཏེ་དང་མ་གོ་ཀྲུང་བརྟག་ཞིབ་ནང་ཞུགས་པ།
  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་17པར་གཙོ་སྐྱོང་གནང་བ།

ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང“ཀྲུང་ཨུའི་སློབ་གསོའི་ལོའི”འགོ་ཚུགས་མཛད་སྒོར་ལྷན་དུ་ཞུགས་ནས་ཤིས་ཚིག་གསུངས་པ།

ལུའོ་ཁྲའོ་ཧྥེང་གིས་འབྲི་ཆུའི་ཀོང་རྩེད་ར་རྒྱུད་དུ་ཆུ་བོ་སྐོར་ཞིབ་རྒྱག་པའི་ལས་དོན་སྤེལ་སྐབས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་རྒྱུན་གཏན་དང་ཕུགས་ཕན་ལ་སྐུལ་འདེད་བཏང་ནས་འབྲི་ཆུའི་ཆུ་སྟོད་ཀྱི་(བདེ་ཆེན་རྒྱུད་)སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

མངོན་མིན་རིག་གནས་ཤུལ་བཞག་གི་དངུལ་བཟོ་ལ་བརྟེན་ནས་ལས་གཏོད་ཕུགས་འདུན་མངོན་འགྱུར་བྱུང་བ།

ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་སི་ཁྲོན་དང་ཁྲུང་ཆིང་དུ་ཚོང་འགུག་རྟོག་ཞིབ་གནང་པར་ཕེབས་པ།

བདེ་ཆེན་ཁུལ་གྱི་ཞོག་ཁོག་སྣ་ཁ་གསར་པ་“སེམས་ཀྱི་ཉི་ཟླ་ཞོག་ཁོག་3301”ལ་རྒྱལ་ཁབ་ཀྱི་ཐོ་འགོད་ཐོབ་པ།

བདེ་ཆེན་རུ་ཁག་གིས་2:0གི་སྐར་གྲངས་ཐོག་ལིན་ཚང་རུ་ཁག་ལས་རྒྱལ་བ།

ཁུལ་མི་དམངས་སྲིད་གཞུང་དང་ཡུན་ནན་མི་རིགས་སློབ་ཆེན་དབར་བཞུགས་མོལ་ཚོགས་འདུ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com