中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོ་རུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།

ཁྱབ་བསྒྲགས་དུས་ཚོད་:2026-05-25 15:18:49 འབྱུང་ཁུངས་:香格里拉藏文网
图片

ཟླ5པའི་ཚེས23ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོ་རུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ། སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འབྲེལ་བ་གཅིག་གྱུར་ཐག་གཅོད་ཡག་པོ་བྱེད་ནས། ཚན་རིག་དང་མཐུན་ཞིང་ལུགས་མཐུན་གྱི་སྒོ་ནས་ཆུ་གནས་སྙོམས་སྒྲིག་དང་། མང་ཚོགས་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པར་སྐུལ་སློང་དང་ཁྲིད་སྟོན་རྒྱ་ཆེར་བྱས་ཏེ། ནགས་ཕག་མཚོའི་སྐྱེ་ཁམས་ཡུལ་སྐོར་ཁུལ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་དང་།ཐོན་ལས་འཕེལ་རྒྱས།མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བཅས་མཉམ་འགུལ་བཟང་པོ་ཡོང་བར་འབད་བརྩོན་བྱ་དགོས་ཞེས་ནན་གྱིས་བསྟན།图片ལུའོ་ཁྲའོ་ཧྥེང་དང་བཅས་པས་ནགས་ཕག་མཚོའི་སྐོར་ལམ་གྱི་ཡུལ་དངོས་སུ་ཆུ་ཟགས་དོང་ཤར་གཏོང་དང་དེ་བཞིན་ཆུ་སྐྱོན་བཅོས་སྐྱོང་དང་ཆུའི་སྤུས་ཚད་མཐོ་རུ་འགྲོ་ཚུལ་ལ་བརྟག་ཞིབ་གནང་བ།

ལུའོ་ཁྲའོ་ཧྥེང་གིས་སྔ་རྗེས་སུ་རྒྱལ་ཐང་གྲོང་རྡལ་བཅིངས་འགྲོལ་གྲོང་ཚོའི་དར་ར་རྟ་ར་དང་ཆོས་རྫོང་རྟ་ར་རུ་ཕེབས་ནས་རྟ་རའི་དོ་དམ་ཚད་ལྡན་དུ་གཏོང་བ་དང་། ཞིང་ལས་ཕྱིའི་སྦགས་བཙོག་བཅོས་སྒྲིག་དང་དེ་བཞིན་རྩྭ་རར་ཕྱུགས་ཟོག་ཤོང་ཚད་དོ་དམ་ཚོད་འཛིན་སོགས་ཀྱི་ལས་དོན་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་། མང་ཚོགས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་དང་མང་ཚོགས་ཀྱི་འབབ་འཕར་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་འབྲེལ་མང་ཚོགས་ཀྱི་རེ་ཞུ་ནན་ཏན་ཡང་གསན་པ་རེད། ནགས་ཕག་མཚོའི་སྐོར་ལམ་དུ།ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་ཆུ་ཟགས་དོང་ཤར་གཏོང་དང་དེ་བཞིན་ཆུ་སྐྱོན་བཅོས་སྐྱོང་དང་ཆུའི་སྤུས་ཚད་མཐོ་རུ་འགྲོ་ཚུལ་ལ་ལྟ་ཞིབ་བྱས་པ་དང་འབྲེལ་སྐོར་ལམ་རྒྱུད་ཀྱི་ཀོག་ཧྥེ་ཁང་དང་དམངས་སྲོལ་གནས་ཚང་དུ་བསྐྱོད་དེ་གཉེར་སྐྱོང་དུད་ཚང་ནས་ཉེ་འཁོར་གྱི་གྲོང་ཚོའི་ཚོགས་ཆུང་གི་ཁོར་ཡུག་བཅོས་སྐྱོང་དང་གཉེར་སྐྱོང་གི་གནས་ཚུལ་ཤེས་རྟོགས་གནང་བ་རེད། དེ་རྗེས། གཞི་རིམ་ལས་བྱེད་པ་དང་བཞུགས་མོལ་སྤེལ་རེས་བྱས་ཏེ།རྟ་རའི་དོ་དམ་ཚད་ལྡན་དང་། ནགས་ཕག་མཚོ་ཕྱོགས་བསྡུས་སྲུང་སྐྱོང་བཅོས་སྐྱོང་། གྲོང་གསེབ་དར་རྒྱས་བཅས་ཀྱི་ལས་དོན་སྐུལ་འདེད་གཏོང་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གསན་པ་རེད།微信图片_20260523192212_6514_146.jpgལུའོ་ཁྲའོ་ཧྥེང་དང་བཅས་པས་ནགས་ཕག་མཚོའི་སྐོར་ལམ་རྒྱུད་ཀྱི་ཀོག་ཧྥེ་ཁང་དུ་ཕེབས་ཏེ་གཉེར་སྐྱོང་དུད་ཚང་ནས་ཉེ་འཁོར་གྱི་གྲོང་ཚོའི་ཚོགས་ཆུང་གི་ཁོར་ཡུག་བཅོས་སྐྱོང་དང་གཉེར་སྐྱོང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་པ།
ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཡུལ་སྐོར་བའི་ཡིད་དབང་བཀུག་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་ཡིན་ལ། མང་ཚོགས་ནི་སྐྱེ་ཁམས་སྲུང་སྐྱོང་གི་ཕན་ཁེ་ཆེ་ཤོས་ཡིན་པས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་དང་།ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་གོང་བུར་འགྲིལ་ནས།མང་ཚོགས་དང་གཉེར་སྐྱོང་དུད་ཚང་རང་འགུལ་ངང་ནགས་ཕག་མཚོའི་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་ནང་ཞུགས་རྒྱུར་དྲིལ་བསྒྲགས་དང་ཁྲིད་སྟོན་གཏིང་ཟབ་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ“སུས་སྦགས་བཙོག་བཟོས་ན་སུས་འགན་འཁུར་དགོས་པའི”འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཐུབ་པ་བྱེད་དགོས། མང་ཚོགས་སྐོར་གྱི་ལས་དོན་གཏིང་ཟབ་ཅིང་ཞིབ་ཚགས་པའི་སྒོ་ནས་ལེགས་པར་བསྒྲུབས་ཏེ་མང་ཚོགས་དང་གཉེར་སྐྱོང་བྱེད་པོ་གཙོ་བོས་དཔལ་འབྱོར་གྱི་རྩིས་ཐོ་དང་།སྐྱེ་ཁམས་ཀྱི་རྩིས་ཐོ།བཅོས་སྐྱོང་གི་རྩིས་ཐོ་བཅས་རྩིས་ཡག་པོ་རྒྱག་པར་རོགས་རམ་བྱ་དགོས།
ལུའོ་ཁྲའོ་ཧྥེང་གིས་བླང་བྱ་བཏོན་དོན། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་“བཅོས་སྐྱོང་གསུམ་དང་ལེགས་བཅོས་གཅིག་”གི་ལས་འགན་ཁག་ལ་སྐུལ་འདེད་གཏོང་བ་དང་།གནད་དོན་དག་ཐེར་ཡོ་བསྲང་དམ་འཛིན་བྱས་ཏེ།ནགས་ཕག་མཚོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཆུ་ལོག་སྔོན་འགོག་གི་བདེ་འཇགས་དང་། ཆུའི་སྤུས་ཚད་ལེགས་བཅོས། ཆུའི་སྐྱེ་ཁམས་ཉམས་གསོ། ཆུའི་མཛེས་ལྗོངས་མངོན་པ་བཅས་དང་དེ་བཞིན་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་བློ་བཏང་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་གནས་གཏན་འཁེལ་བྱེད་པ་དང་འབྲེལ་འགུལ་ཚུལ་སྙོམས་སྒྲིག་བྱེད་པ། ནགས་ཕག་མཚོ་དོ་དམ་སྲུང་སྐྱོང་ཅུས་དང་། གནམ་གཤིས་བརྟག་དཔྱད། ཆུའི་ལས་དོན་སོགས་སྡེ་ཁག་གི་མཉམ་འགུལ་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཆུ་རྒྱས་པའི་དུས་ཀྱི་ཆར་པ་འབབ་ཚད་དང་། ཆུའི་ཡོང་ཚད། ཆུ་ལོག་ཤོར་ཚད་བཅས་ལ་དུས་བཀག་གི་སྔོན་དུ་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་། ཆུ་གནས་ཀྱི་འགྱུར་ལྡོག་དུས་ཐོག་ཏུ་ཁོང་དུ་ཆུད་པ། ཁ་གཏད་འཇལ་བའི་བྱེད་ཐབས་སྔ་སྣུར་དུ་བཀོད་སྒྲིག་བཅས་བྱ་དགོས།ཕྱོགས་ཡོངས་ནས་ཆུ་ཟགས་དོང་འཁོར་སྐྱོད་ཀྱི་ལས་ཀ་དུས་ཐོག་ཏུ་གཙང་བཤེར་བྱས་ཏེ།འདམ་བཤངས་ཆུ་ཡུར་དང་འབྲུབ་བཤངས་ལས་སྒྲུབ་དུས་ཐོག་ཏུ་སྒྲིག་འཛུགས་བྱས་ནས་ཆུ་འབྲུབ་པའི་དུས་སུ་ཆུ་ལོག་ཤར་བགྲོད་ཐུབ་པར་འགན་ལེན་བྱ་དགོས།རྟ་རའི་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་གཏོང་བ་དང་།རྟ་ཞོན་ལྟ་སྐོར་ལམ་ཐིག་འཆར་འགོད་ལུགས་མཐུན་བྱེད་པ། ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ།ཡུལ་སྐོར་བའི་ཉམས་ལེན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་གི་མ་མཐའི་མཚམས་ཐིག་ནན་པོ་སྲུང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཡུལ་སྐོར་བས་སེམས་ཀྱི་ཉི་ཟླའི་མཛེས་ལྗོངས་མྱོང་རོལ་གང་ལེགས་ཐུབ་པ་བྱེད་དགོས། གྲོང་ཚོའི་འཆར་འགོད་དོན་འཁྱོལ་ནན་པོ་དང་།འཛུགས་སྐྲུན་གྱི་རྣམ་པ་གཅིག་གྱུར།ནགས་ཕག་མཚོའི་ཁོར་ཡུག་གི་ཐེག་ནུས་ལ་བསམ་གཞིགས་གང་ལེགས་བཅས་བྱས་ཏེ་གཉེར་སྐྱོང་དུད་ཚང་གི་གྲངས་འབོར་དང་ཕྱུགས་ཟོག་ཤོང་ཚད་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས།མང་ཚོགས་ཀྱིས་དོ་ཁུར་བྱེད་པར་དུས་ཐོག་ཏུ་ཨ་ལན་སློག་པ་དང་།མང་ཚོགས་ཀྱི་རེ་ཞུ་རང་འགུལ་ངང་ཤེས་རྟོགས།བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཐག་གཅོད་བཅས་བྱ་དགོས།
ཞུས་ཀོང་ཏེ་དང་ཧོང་ལུང་ཞིན།ལི་ཐའོ་བཅས་བརྟག་ཞིབ་དུ་ཞུགས་པ།

责任编辑:南珠泽仁

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོ་རུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།

སྐབས་དགུ་པའི་ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས157པ་འཚོགས།

ཀྲང་ཝེ་ཏུང་གིས་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་གྲོང་གསེབ་ཀྱི་ཡུལ་སྐོར་རྐང་ཐང་ལམ་ཐིག་གསར་སྤེལ་དང་དོ་དམ་བྱེད་ཚུལ་ལ་རྟོག་ཞིབ་གནང་།

ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་17པར་གཙོ་སྐྱོང་གནང་བ།

ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང“ཀྲུང་ཨུའི་སློབ་གསོའི་ལོའི”འགོ་ཚུགས་མཛད་སྒོར་ལྷན་དུ་ཞུགས་ནས་ཤིས་ཚིག་གསུངས་པ།

ལུའོ་ཁྲའོ་ཧྥེང་གིས་འབྲི་ཆུའི་ཀོང་རྩེད་ར་རྒྱུད་དུ་ཆུ་བོ་སྐོར་ཞིབ་རྒྱག་པའི་ལས་དོན་སྤེལ་སྐབས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་རྒྱུན་གཏན་དང་ཕུགས་ཕན་ལ་སྐུལ་འདེད་བཏང་ནས་འབྲི་ཆུའི་ཆུ་སྟོད་ཀྱི་(བདེ་ཆེན་རྒྱུད་)སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

མངོན་མིན་རིག་གནས་ཤུལ་བཞག་གི་དངུལ་བཟོ་ལ་བརྟེན་ནས་ལས་གཏོད་ཕུགས་འདུན་མངོན་འགྱུར་བྱུང་བ།

ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་སི་ཁྲོན་དང་ཁྲུང་ཆིང་དུ་ཚོང་འགུག་རྟོག་ཞིབ་གནང་པར་ཕེབས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com