སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ།

ཁྱབ་བསྒྲགས་དུས་ཚོད་:2019ལོ་07ཟླ་བ་29ཉི་མ་ 10:53:53 འབྱུང་ཁུངས་:བདེ་ཆེན་ཉིན་རེའི་ཚགས་པར།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།བདེ་ཆེན་ཁུལ་ནི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཆེ་བ་རེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་ཐབས་ཇུས་རབ་དང་རིམ་པ་དོན་འཁྱོལ་ནན་པོ་བྱས་ཏེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་། འཕེལ་རྒྱས་ཀྱི་དོན་ཆེན་ཨང་དང་པོ། དམངས་འཚོའི་འདུ་འགོད་ཨང་དང་པོ་བཅས་སུ་བརྩིས་ཏེ་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་འགག་སྒྲོལ་ནང་ཧུར་ཐག་ཞུགས་པ་དང་། སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་དམིགས་ཚད་བླང་བྱར་དམིགས་ནས་ལས་གྲྭ་ཆེན་པོ་དགུ་ཞེས་པའི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། རྣམ་གྲངས་མ་དངུལ་གཏོང་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་བ།མིག་སྔར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་དབུལ་ཕོངས་རྫོང་གི་རིམ་པ་ནས་ཕྱིར་འཐེན་བྱས་པ་དང་འབའ་ལུང་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་བྱེད་བཞིན་ཡོད་པ་དང་། ཁུལ་ཡོངས་ཀྱི་གྲོང་ཚོ་དབུལ་པོ་147ནང་རིམ་རྩིས་བྱས་ན་107ཡོད་པ་དང་། ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་2015ལོའི་ལོ་མཇུག་གི་མི་73998ནས་2018ལོའི་ལོ་མཇུག་གི་མི་10586ལ་ཉུང་དུ་ཕྱིན་པ་དང་དབུལ་པོ་ཁྲི་63412ཉུང་དུ་ཕྱིན་པ། 2015ལོའི་ལོ་མཇུག་གི་24%ནས་3.57%དུ་ཆག་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད།
    རྨང་གཞི་བརྟན་པོ་བཏིང་ནས་ཕྱུག་པོར་གྱུར་བ།
    བདེ་ཆེན་གྱི་རི་མཐོ་ལ་གྲོག་རོང་ཟབ་པ་དང་འགྲིམ་འགྲུལ་གྱི་རྨང་གཞི་རྗེས་ལུས་ཡིན་པས་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་ཕོག་ཡོད། གནད་སྨིན་དབུལ་སྐྱོར་བྱེད་འགོ་བཙུགས་རྗེས་རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་བཏང་སྟེ་གྲོང་མི་ཕྱིར་སྐྱོད་དཀའ་བ་དང་ཁྱད་ལྡན་ཐོན་ཟོག་དེ་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་གསེར་གྱི་ལྡེ་མིག་ལ་འགྱུར་བ་བྱས་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་ཤིན་ལན་གྲོང་ཚོའི་སེ་ཚུང་གྲོང་མི་ཚོ་ཆུང་གིས་2016ལོའི་ལོ་མཇུག་བར་གློག་ཤར་གཏོང་ཐུབ་མེད་པ་དང་། རླུང་འཕྲིན་བརྙན་འཕྲིན་ཤར་གཏོང་ཐུབ་མེད་པ། གཞུང་ལམ་ཤར་གཏོང་ཐུབ་མེད་པ་བཅས་རེད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་1000ལྷག་ཙམ་གྲབས་གསོག་བྱས་ནས་སེ་ཚུང་གྲོང་མིའི་ཚོ་ཆུང་ལ་ཟམ་པ་བསྐྲུན་པ་དང་གཞུང་ལམ་ཤར་གཏོང་ཐུབ་ཡོད། གྲོང་མི་དུད་ཚང་24རི་བོའི་བཀག་རྒྱའི་ཁྲོད་ནས་ཐོན་པ་དང་། གྲོང་ཁྱེར་དུ་བསྐྱོད་པས་བེ་ཤ་དང་དབྱར་རྩྭ་དགུན་འབུ་སོགས་ལའང་རིན་གོང་མཐོ་པོ་རག་ཡོད།
    གཏེར་མ་རོང་ཤང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བྱང་རྒྱུད་དུ་ཡོད་པའི་ཡུན་ནན་དང་སི་ཁྲོན་གྱི་མཐའ་མཚམས་སུ་གནས་པ་དང་རྫོང་གྲོང་དང་བར་ཐག་སྤྱི་ལེ་199ཡོད་པ་རེད། ས་དེ་ནས་ཐོན་པའི་ཤིང་ཏོག་མངར་ཞིང་འབུ་སྐྱེས་དཀའ། གཞི་ཁྱོན་ལྡན་པའི་ཐོན་ལས་ཆགས་མེད་པ་དང་འགྲིམ་འགྲུལ་གྱི་རྨང་གཞི་རྗེས་ལུས་ཡིན་པའི་དབང་གིས་ཤིང་འབྲས་ཕྱིར་འདྲེན་བྱེད་མ་ཐུབ་ཚེ་ཡལ་གའི་སྟེང་དུ་རུལ་པ།
    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཨུ།ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་2009ལོའི་ཟླ་12ཚེས་24ཉིན་ཁྱོན་མ་དངུལ་སྒོར་དུང་ཕྱུར་12.1བཏང་བའི་ཡུན་ནན་དང་སི་ཁྲོན་གྱི་བགྲོད་ལམ་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་ནས་སི་ཁྲོན་ཞིང་ཆེན་སྡེ་རོང་མའོ་ཝུའུ་དུམ་བུ་བར་དངོས་སུ་ལས་འགོ་བཙུགས་པ་རེད། ས་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་ཨར་ལས་བྱེད་དཀའ་བའི་དབང་གིས་སྤྱི་ལེ་58ཀྱི་རིམ་གསུམ་གཞུང་ལམ་བསྐྲུན་ནས་ལོ་7དང་ཟླ་8སོང་ཡོད། རླངས་འཁོར་ཤར་གཏོང་ཐུབ་རྗེས་གཏེར་མ་རོངཤང་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁུལ་དུ་ཕར་འགྲོ་ཚུར་འོང་བྱེད་པའི་དུས་ཚོད་དེ་སྔའི་ཉིན་གཅིག་ནས་ཆུ་ཚོད་3ཙམ་བར་ཐུང་དུ་ཕྱིན་པ་དང་ལམ་གྱི་གནས་ཚུལ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ས་གནས་དེ་གའི་མང་ཚོགས་དབུལ་སྒྲོལ་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད་པ་རེད།

    ཐོན་ལས་དབུལ་སྒྱུར་འཕེལ་རྒྱས་གཏོང་བ། 

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་གིས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ཞེས་པ་དང་དབུལ་པོ་ཕྱིར་འཐེན་ཚད་གཞིའི་མ་ལག་ལ་དམིགས་ཏེ་ཞིང་ལས་འཚམ་ན་ཞིང་ལས་དང་། ནགས་ལས་འཚམ་ན་ནགས་ལས། ཡུལ་སྐོར་འཕྲོད་ན་ཡུལ་སྐོར། འབྲོག་ལས་འཚམ་ན་འབྲོག་ལས་བཅས་ཀྱི་རྩ་དོན་གཞིར་བཟུང་ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་བཏང་བས་རྫོང་དང་གྲོང་ཁྱེར་གཉིས་2018ལོའི་ལོ་མཇུག་ཏུ་བདེ་བླག་ངང་དབུལ་སྒྲོལ་ཐུབ་ཡོད།
    འཇོལ་རྫོང་གིསའབབ་འཕར་དང་། ཕྱུག་འགྱུར། དབུལ་སྒྲོལ། འབྱོར་འབྲིང་སྤྱི་ཚོགས་སུ་གྱུར་བ་བཅས་དམིགས་ཚད་དུ་བྱས་ནས།སི་གཅིག་དང་བཟོ་གྲྭ་ལྔ་ཞེས་པའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་འཚོལ་ཞིབ་བྱས་ནས་ཆགས་པ་བྱས་ཡོད། རྫོང་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་ནས་ཀུང་སིས་སྣེ་ཁྲིད་དེ་བཟའ་སྣུམ་ལས་སྣོན་བཟོ་གྲྭ་དང་། སྦྲང་རྩི་ལས་སྣོན་བཟོ་གྲྭ། འབྲོག་ལས་ཐོན་རྫས་ལས་སྣོན་བཟོ་གྲྭ། ཀྲུང་ལུགས་སྨན་རྫས་ཀྱི་ལས་སྣོན་བཟོ་གྲྭ། ཁམས་མཛེས་འོ་མ་ལས་རིགས་སོགས་ཐོན་ལས་དབུལ་སྐྱོར་འཁོར་ཁང་5བཙུགས་ཏེ་འདེབས་འཛུགས་དང་། གསོ་སྤེལ། ནགས་ཁྲོད་ཐོན་རྫས། ཕྱིར་གཏོང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སོགས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།ཤང་གྲོང་རེ་ལ་གཞི་ཁྱོན་ངས་ཅན་ལྡན་པའི་ཐོན་ལས་དཔེ་སྟོན་གནས་གཞི་རེ་ཡོད་པ་དང་གྲོང་གསེབ་རེ་ལ་ཆེས་ལས་མཉམ་ལས་རྩ་འཛུགས་རེ་ཡོད་པ།དབུལ་ཕོངས་དུད་ཚང་རེ་ལ་ཐ་ན་མུའུ་2ཀྱི་དཔལ་འབྱོར་ནགས་ཚལ་དང་འབབ་འཕར་རྣམ་གྲངས་གཅིག་ཡོད་པར་འགན་སྲུང་བྱས་ཤིང་།ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན།ཕྱིར་འཚོང་བཅས་གཞི་གཅིག་ཅན་དུ་མངོན་གྱུར་བྱུང་བ་དང་།མང་ཚོགས་ཀྱི་འབབ་འཕར་ལ་སྣེ་ཁྲིད་བྱེད་པ་རེད།


  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་དུ་ཟབ་ཞུགས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་བྱས། 

བདེ་ཆེན་གྱི་སློབ་གསོ་བྱ་གཞག་ལ་བཀྲ་ཆེ་ས་མང་བ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོན།

གཏེར་མ་རོང་ཤང་ཨ་བཟང་གྲོང་ཚོའི་ལམ་མདོ་གྲོང་མི་ཚོ་ཆུང་གི་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་ཐོག་སྐྱོད།

སེམས་ཀྱི་ཉི་ཟླ་གྲོང་ཨུའི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་དགུ་པ་ཚེས་དགུའི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ།

ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་ཀའི་སྐུལ་སྤེལ་ཚོགས་འདུ་ཐེངས་བཅུ་དྲུག་པ་འཚོགས།

བདེ་ཆེན་ཁུལ་གྱི་2025ལོ་འཁོར་གྱི་གཞོན་ནུ་ཡིས་ལས་གཏོད་བྱས་ནས་ཕ་ཡུལ་དར་རྒྱས་གཏོང་བ་དང་བདེ་ཆེན་གྱི་གསར་གཏོད་ལས་གཏོད་མཁས་ཅན་ཞེས་པའི་འགྲན་བསྡུར་ཆེན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ།

ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དང་བདེ་ཆེན་གྱི་“གཞན་སའི་གླིང་ཁུལ”ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་སྲོལ་རྒྱུན་གྱི“གཞན་བརྟེན་རྣམ་པའི”རོགས་སྐྱོར་དེ“རང་བརྟེན”ཐོན་ལས་རོགས་སྐྱོར་ཕྱོགས་སུ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ཅིག་ཏུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་གནང་།

ཀྲུང་གུང་བདེ་ཆེན་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་དང་། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་སྒྲུབ་འགན་བླངས་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2018 DESIGNNTEND ALL RIGHTS RESERVRD

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927-1

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120170008

རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་བཟོ་བའི་ལས་གཉེར་ཆོག་མཆན་འཛིན་ཡིག་གི་ཨང་རྟགས་ནི། ༼ཡུན༽ཡིག་ཨང09009

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com