中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས་ནན་པོ་དང་ཞིབ་ཚགས། ཆད་བཤེར་ཆད་གསབ་བཅས་བྱས་ཏེ་མཐོ་རྒྱུགས་བརྟན་ལ་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཁྱབ་བསྒྲགས་དུས་ཚོད་:2026-06-05 11:46:14 འབྱུང་ཁུངས་:香格里拉藏文网

ཟླ་6ཚེས་4ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་ནས་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཐོ་རྒྱུགས་ལས་དོན་སྐོར་གྱི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་བདེ་འཇགས་ལས་དོན་གྱི་བརྙན་ལམ་ཚོགས་འདུའི་བཀོད་སྒྲིག་དང་དེ་བཞིན་ཞིང་ཨུའི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་ནན་པོ་དང་ཞིབ་ཚགས། ཆད་བཤེར་ཆད་གསབ་བཅས་བྱས་ཏེ་མཐོ་རྒྱུགས་ཀྱི་ཞབས་ཞུའི་འགན་ལེན་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ་རང་ཁུལ་གྱི་མཐོ་རྒྱུགས་བརྟན་པོ་དང་། བདེ་འཇགས། གོ་རིམ་ལྡན་པ་བཅས་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས་ཞེས་ནན་བཤད་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་ཞིབ་བཤེར་ནང་ཞུགས་པ་རེད།图片ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་སློབ་འབྲིང་གི་མཐོ་རྒྱུགས་བརྙན་ལམ་ལྟ་སྐུལ་ཚོད་འཛིན་ཁང་དུ་རྒྱུགས་རའི་ལྟ་སྐུལ་ཚོད་འཛིན་འགན་ལེན་ལས་དོན་གྱི་སྙན་ཞུ་གསན་པ་རེད།

བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་སློབ་འབྲིང་གི་རྒྱུགས་སྤྲོད་ས་ཚིགས་སུ་ལུའོ་ཁྲའོ་ཧྥེང་རྒྱུགས་སྤྲོད་ས་ཚིགས་ཀྱི་གཞུང་ལས་ཁང་དང་། ལྟ་སྐུལ་ཚོད་འཛིན་ཁང་། རྒྱང་བསྒྲགས་ཁང་བཅས་སུ་ཕེབས་ནས་སྒྲིག་བཀོད་སྒྲིག་ཆས་འཁོར་སྐྱོད་དང་། རྒྱུགས་སྤྲོད་ས་ཚིགས་ཀྱི་ཁོར་ཡུག་བཀོད་སྒྲིག རྒྱུགས་དོན་སྒྲིག་འཛུགས་བརྒྱུད་རིམ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་དང་། མེ་ཟོན་དང་། སྨན་བཅོས། འཕྲལ་བསྟུན། བདེ་འཇགས་ཞིབ་བཤེར། རྒྱུགས་སྤྲོད་སློབ་མས་ལྟོ་ཆས་སྤྱོད་པ་སོགས་རྒྱུགས་དོན་ལས་དོན་ཁག་གི་གྲ་སྒྲིག་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་རྒྱུགས་དོན་ལས་དོན་མི་སྣར་གཟིགས་པ་རེད།ལུའོ་ཁྲའོ་ཧྥེང་གིས་མི་འགོག་རྩལ་འགོག་དངོས་འགོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཆ་འཕྲིན་ཅན་དང་ཚན་རྩལ་ཅན་གྱི་བྱ་ཐབས་གང་ལེགས་སྤྱད་དེ་རྒྱུགས་རར་དོ་དམ་ནན་པོ་བྱས་ནས་རྒྱུགས་སྤྲོད་དྲང་གཞག་དྲང་བདེན་ཡོང་བའི་འགན་ལེན་བྱེད་དགོས། སེམས་རྣལ་དུ་ཕབ་ནས་བརྩེ་སེམས་ལ་བརྟེན་ནས་ཞབས་ཞུའི་འགན་ལེན་ཡག་པོ་བྱེད་པ་དང་རྒྱུགས་སྤྲོད་སློབ་མ་བསུ་སྐྱེལ་དང་བཟའ་བཏུང་བདེ་འཇགས་སོགས་ལྷུ་ཚིགས་ཁག་གི་ལས་དོན་ཞིབ་ཚགས་ངང་ཡག་པོ་བསྒྲུབས་ཏེ་སློབ་མའི་སེམས་ཁམས་ཀྱི་རྣམ་པར་དོ་ཁུར་ཆེན་པོ་བྱེད་པ་དང་ལམ་སྟོན་སློབ་ཁྲིད་དང་ཐུགས་ཁུར་ལ་ཤུགས་སྣོན་བརྒྱབ་ནས་རྒྱུགས་སྤྲོད་སློབ་མའི་གནོན་ཤུགས་ཞི་ལྷོད་དུ་གཏོང་བ་དང་མཐོ་རྒྱུགས་སུ་ཞུགས་རྒྱུར་རོགས་རམ་བྱས་ཏེ་སེམས་ཁམས་བཟང་པོ་དང་རྣམ་པ་ཡག་ཤོས་ཀྱི་ཐོག་ནས་མཐོ་རྒྱུགས་བསུ་དགོས་ཞེས་ནན་བཤད་གནང་བ་རེད།

图片

དེ་རྗེས་ལུའོ་ཁྲའོ་ཧྥེང་གིས་ཁུལ་མཐོ་རྒྱུགས་བཀོད་འདོམས་སྟེགས་བུར་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཁུལ་ཡོངས་ཀྱི་མཐོ་རྒྱུགས་གྲ་སྒྲིག་ལས་དོན་གྱི་སྤྱིའི་གནས་ཚུལ་སྙན་སེང་གསན་པ་རེད།

ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་རེ་བ་དང་འབྱུང་འགྱུར་དང་འབྲེལ་བ་ཡོད་པ་དང་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མས་ལོ་བཅུ་གྲངས་རིང་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱས་པའི་གྲུབ་འབྲས་དང་ཕུགས་འདུན་ཐེག་ཡོད་པས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། རང་འགན་རང་འཁུར། གཞོགས་འདེགས་དམ་ཟབ་བཅས་བྱས་ཏེ་ལྷུ་ཚིགས་ཁག་གི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་རྩད་ཞིབ་བྱས་ཏེ་ལས་དོན་ཁག་གཅིག་ལ་གཅིག་འབྲེལ་དང་འཕྱུགས་པ་གཏན་ནས་མེད་པའི་འགན་ལེན་ཏན་ཏིག་བྱ་དགོས། རྒྱུགས་དོན་ལས་ཀའི་བླང་བྱ་དོན་འཁྱོལ་ཞིབ་ཚགས་དང་རྒྱུགས་དོན་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱས་ཏེ་གསང་འབྲེལ་བྱ་ཡུལ་དང་། གསང་འབྲེལ་མི་སྣ། གསང་འབྲེལ་ལྷུ་ཚིགས་ཁག་བཅས་ཀྱི་དོ་དམ་གཙོ་གནད་དུ་བཟུང་ནས་ལེགས་པར་བསྒྲུབས་ཏེ་རྒྱུགས་ལེན་དྲང་གཞག་དང་། གོ་རིམ་ཡོངས་བསྒྲགས། མཇུག་འབྲས་དྲང་གཞག་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་ཕྱིར་སྐྱོད་འགན་ལེན་ཡག་པོ་བྱེད་པ་དང་གཅེས་སེམས་རྒྱུགས་སྤྲོད་”སོགས་དང་བླངས་ཞབས་ཞུ་སྒྲིག་འཛུགས་ཡག་པོ་བྱས་ཏེ་རྒྱུགས་སྤྲོད་སློབ་མ་བདེ་བླག་ངང་རྒྱུགས་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས། འཛེར་སྒྲའི་སྦགས་བཙོག་ལ་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཨར་སྐྲུན་ལས་ཡུལ་གྱི་ཨར་ལས་དུས་ཚོད་ཚད་ལྡན་ནན་པོ་བཟོས་ཏེ་རྒྱུགས་སྤྲོད་སློབ་མར་ལྷིང་འཇགས་དང་སྐྱིད་སྣང་དོད་པའི་རྒྱུགས་སྤྲོད་གྲ་སྒྲིག་དང་རྒྱུགས་སྤྲོད་ཁོར་ཡུག་ཅིག་གཏོད་དགོས། སྨན་བཅོས་འཕྲོད་བསྟེན་འགན་ལེན་དང་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྒྱུགས་སྤྲོད་སློབ་མའི་གཟུགས་གཞི་བདེ་ཐང་འགན་ལེན་བྱེད་དགོས། རྒྱུགས་སྤྲོད་ས་ཚིགས་ཁག་གི་སློབ་གྲྭས་རྒྱུགས་སྤྲོད་ལས་དོན་གྱི་རྩ་འཛུགས་ལས་དོན་གཟབ་ནན་དང་ཞིབ་ཚགས་ངང་ཡག་པོ་བསྒྲུབས་ནས་རྒྱུགས་སྤྲོད་ཚད་ལྡན་དང་གོ་རིམ་ལྡན་པའི་འགན་ལེན་བྱེད་དགོས། འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་འཕྲལ་སྡོམ་འགན་ལེན་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་ནས་མེ་ཟོན་བདེ་འཇགས་ཞིབ་བཤེར་དང་གློག་ཤུགས་མཁོ་འདོན་འགན་ལེན་དང་རང་བྱུང་གནོད་འཚེ་སྔོན་འགོག་དང་ཁ་གཏད་གཅོག་པ་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་ཐོལ་བྱུང་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་ཐག་གཅོད་ནུས་ལྡན་བྱས་ནས་ཡིག་རྒྱུགས་བདེ་བླག་ངང་གཏོང་ཐུབ་པའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཞུས་ཀོང་ཏེ་ཞིབ་བཤེར་ནང་ཞུགས་པ་རེད།

འགན་འཁུར་རྩོམ་སྒྲིག་པ།:南珠泽仁

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།

ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།

ཁུན་མིང་དང་བདེ་ཆེན་གྱིས་མཛའ་མཐུན་མཉམ་ལས་ཀྱི་ཚོགས་འདུ་འཚོགས།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཐད་ཚུར་ལན་བཅར་འདྲི་བྱས།

བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་འགྲན་བསྡུར་ཚོགས་ལ་ཉེ།

བདེ་ཆེན་གྱི་རྒྱུགས་སྤྲོད་སློབ་མ་1883ད་ལོའི་མཐོ་རྒྱུགས་ལ་ཞུགས།

ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས་ནན་པོ་དང་ཞིབ་ཚགས། ཆད་བཤེར་ཆད་གསབ་བཅས་བྱས་ཏེ་མཐོ་རྒྱུགས་བརྟན་ལ་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཁུལ་ཨུའི་རྒྱུན་ཨུ་སྐབས་དགུ་པས་གྲོས་ཚོགས་ཐེངས་158པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com