中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུན་མིང་དང་བདེ་ཆེན་གྱིས་མཛའ་མཐུན་མཉམ་ལས་ཀྱི་ཚོགས་འདུ་འཚོགས།

རྩོམ་པ་པོ་:何帝龙 ཁྱབ་བསྒྲགས་དུས་ཚོད་:2026-06-10 10:29:02

ཟླ་6པའི་ཚེས་8ཉིན་ཁུན་མིང་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་བདེ་ཆེན་ཁུལགྱི་ཏང་སྲིད་འཐུས་མི་ཚོགས་པས་2026ལོའི་ཁུན་མིང་དང་བདེ་ཆེན་གྱི་མཛའ་མཐུན་མཉམ་ལས་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཁུན་མིང་གྲོང་ཨུའི་ཧྲུའུ་ཅི་ལིའུ་ཧུང་ཅན་དང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གྲོས་ཚོགས་ནང་ཞུགས་པ་མ་ཟད་གསུང་བཤད་གནང་། ཁུན་མིང་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་དབྱང་ཁྲེང་ཞིན་གྱིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་ཁོན་མིང་དང་བདེ་ཆེན་གྱི་མཛའ་མཐུན་མཉམ་ལས་ཀྱི་གནས་ཚུལ་མཚམས་སྦྱོར་གནང་བ་རེད།བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀྲང་ཝེ་ཏུང་གྲོས་ཚོགས་ནང་ཞུགས་པ་མ་ཟད་བདེ་ཆེན་ཁུལ་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་གནང་བ་རེད།

2026ལོའི་ཁུན་མིང་དང་བདེ་ཆེན་གྱི་མཛའ་མཐུན་མཉམ་ལས་ཀྱི་བཞུགས་མོལ་ཚོགས་འདུ་ཁུན་མིང་ནས་འཚོགས་པ

ལིའུ་ཧུང་ཅན་གྱིས་ཁུན་མིང་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་།གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས།བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་རེད། ཁོང་གིས་ད་ལོ་ནི་ཁུན་མིང་གྲོང་ཁྱེར་དང་བདེ་ཆེན་ཁུལ་གྱིས་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས་ལོ་30འཁོར་བའི་ལོ་རེད།ལོ་30ཡི་རིང་ཕྱོགས་གཉིས་པོས“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི”བརྗོད་དོན་གཙོ་བོར་དམིགས་ནས་ཐོན་ལས་དང་།སློབ་གསོ།སྨན་བཅོས།རིག་གནས་ཡུལ་སྐོར།ཤེས་ལྡན་མི་སྣ།ལས་ཞུགས།གླིང་ཁུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ ཁུན་མིང་དང་བདེ་ཆེནམཛའ་མཐུན་མཉམ་ལས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་བརྗོད་པ་རེད།

ལིའུ་ཧུང་ཅན་གྱིས། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་ལོ་ཡིན་པས།ཁུན་མིང་དང་བདེ་ཆེནམཛའ་མཐུན་མཉམ་ལས་ཀྱི་ལེའུ་གསར་པའི་འགོ་བརྩམས་ཡོད་ལ རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སླེབས་ཡོད། ཕྱོགས་གཉིས་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་གསུང་བཤད་གལ་ཆེན་གྱི་དགོངས་དོན་མུ་མཐུད་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནསཁུན་མིང་དང་བདེ་ཆེནམཛའ་མཐུན་མཉམ་ལས་སྔར་ལས་གཏིང་ཟབ་དང་། སྔར་ལས་ཁྱབ་ཁོངས་ཡངས་པ།སྔར་ལས་ཆུ་ཚད་མཐོ་བ་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་རྣམ་པ་ཅན་གྱི་ཡུན་ནན་གྱི་ལེའུ་ཡག་པོ་རྩོམ་ཆེད་སྟོབས་ཤུགས་སྔར་ལས་ཆེ་བ་འབུལ་དགོས་པའི་རེ་བ་གནང་བ་རེད། ཕྱོགས་གཉིས་པོས་ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་།ཐོན་ཁུངས་ལ་བརྟེན་པ་དང་།རྣམ་གྲངས་འདེགས་སྐྱོར་དུ་བྱེད་པ། ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་གཙོ་གནད་དུ་བྱེད་པ། རྣམ་པ་གསར་གཏོད་དམ་འཛིན་བྱ་གཞིར་བྱེད་པ་བཅས་ཀྱི་ཐོག་ནས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་གནང་བ་རེད། ཐོན་ཁུངས་མཉམ་སྤྱོད་ཟབ་སྤེལ་དང་། རིག་གནས་དང་ཡུལ་སྐོར་གཅིག་གྱུར་ཅན་གྱི་འཕེལ་རྒྱས་དང་།ཡུལ་སྐོར་དྲིལ་བསྒྲགས་འོས་སྦྱོར། ཡུལ་སྐོར་གྱི་འགྲུལ་ཁུངས་ཐུན་མོང་རྩ་འཛུགས་སོགས་ཀྱི་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་ལས་ཐད་འགག་སྒྲོལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།མཉམ་སྐྲུན་མཉམ་སྤྱོད་ཟབ་སྤེལ་དང་།སློབ་གསོ་དང་།སྨན་བཅོས།ལས་ཞུགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ།ལག་གདང་སྦྲེལ་ནས་དམངས་འཚོའི་མཉམ་ལས་ལ་གྲུབ་འབྲས་གསར་པ་འཐོབ་པར་སྐུལ་འདེད་གཏོང་དགོས།ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་ཟབ་སྤེལ་དང་།“རི་བོ་གཉིས”ཀྱི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱེད་པ།སྐྱེ་ཁམས་བཅོས་སྐྱོང་དང་སྐྱེ་ཁམས་རིན་ཐང་སྤོ་སྒྱུར་སོགས་ཐད་ཀྱི་སྤེལ་རེས་མཉམ་ལས་ཧུར་ཐག་སྤེལ་བ།ལག་གདང་སྦྲེལ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།ལམ་སྲོལ་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་།འགོ་ཁྲིད་ཕན་ཚུན་འཚམས་འདྲི་དང་།ལས་བྱེད་པ་དང་ཤེས་ལྡན་མི་སྣ་གསོ་སྦྱོང་།གཞོན་ནུ་ལོ་ཆུང་སྤེལ་རེས་སོགས་ཀྱི་ལས་དོན་མུ་མཐུད་སྤེལ་བ་བཅས་བྱས་ཏེ།ལག་གདང་སྦྲེལ་ནས་སྤེལ་རེས་དང་འགྲོ་འོང་ལ་སྐུལ་འདེད་གཏོང་དགོས་པ་བསྟན

བདེ་ཆེན་གྱི་ཏང་སྲིད་འཐུས་ཚབ་པས་ཐའེ་ཁང་གཞིས་ཁྱིམ་སྟེ་ཏན་ཡོན་ལ་རྟོག་ཞིབ་གནང་བཞིན་པ།

ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་བདེ་ཆེན་ཁུལ་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་།ཁོང་གིས་ཁུན་མིང་གྲོང་ཁྱེར་དང་བདེ་ཆེན་ཁུལ་དབར་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་བཙུགས་པ་ནས་བཟུང་། ཁུན་མིང་གྲོང་ཁྱེར་གྱིས་བདེ་ཆེན་གྱི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ལས་དོན་དུ་བརྩིས་ནས་བདེ་ཆེན་གྱི་ཕྱོགས་ཡོངས་དང་།རྒྱུན་མཐུད་རང་བཞིན། གཏིང་ཟབ་པ་བཅས་ཀྱི་སེམས་ཁུར་དང་རོགས་རམ་བྱས་ཏེ བདེ་ཆེན་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་རམ་འདེགས་ཆེན་པོ་བྱས་ཡོད།འདི་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་ལོ་ཡིན་པས་ས་གནས་གཉིས་པོས་མཐུན་སྦྱོར་རིམ་སྤོར་དང་། ནུས་ཆེར་གཏོང་བ།ཕུགས་ཕན་བཅས་ཀྱི་སྒོ་ནས་ཁུན་མིང་དང་བདེ་ཆེནམཛའ་མཐུན་མཉམ་ལས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་རྒྱུའི་རེ་བ་ཡོད་ཅེས་བད་པ་རེད།

ཁུན་མིང་གྲོང་ཁྱེར་གྱི་འགོ་ཁྲིད་དབྱི་ལིན་ཡུན་དང་ལེའང་ཁུན། བདེ་ཆེན་ཁུལ་གྱི་འགོ་ཁྲིད་ཞུས་སི་སི་དང་། ཞུས་ཀོང་ཏེ། ཧོང་ལུང་ཤིན། ཀྲོང་ཞའོ་ཕིང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

ཁུན་མིང་དུ་ཡོད་པའི་སྐབས་སུ་བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པས་ཡུན་ནན་ཤིས་ཚའོ་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སི་དང་། ཐའེ་ཁང་གཞིས་ཁྱིམ་སྟེ་ཏན་ཡོན་བཅས་ལ་རྟོག་ཞིབ་གནང་བ་རེད



འགན་འཁུར་རྩོམ་སྒྲིག་པ།:仁欠才让

  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་སུ་བསྐྱོད་ནས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།

བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ།

དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་དྲིས་ལན་བཏབ་པ། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨ་པུའུ་ཅི་མཚོ་རུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་དུ་བཏང་ནས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་བརྟག་ཞིབ་གནང་བ།

གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་བཏང་ནས་ཏང་ཡོན་གྱི་གདོང་ལེན་གྱི་མཐིལ་གསལ་པོ་ཕྱིས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105་འཁོར་བའི་བདེ་ཆེན་ཁུལ་གྱི་“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་”གི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

བདེ་ཆེན་ཁུལ་གྱིས་“སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིང་ལ་གཏོད་”ཅེས་པའི་སྤྱོད་གཙང་རིག་གནས་འཆད་ཁྲིད་སྤེལ་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com