ཁུལ་ཨུའི་རྒྱུན་ཨུ་སྐབས་དགུ་པས་གྲོས་ཚོགས་ཐེངས་158པ་འཚོགས།
ཁྱབ་བསྒྲགས་དུས་ཚོད་:2026-06-04 11:54:37
འབྱུང་ཁུངས་:香格里拉藏文网
ཟླ་6ཚེས་3ཉིན་ཁུལ་ཨུ་རྒྱུན་ཨུས་ཚོགས་འདུ་ཐེངས་158པ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཤིས་ཁྲང་ཀྲི་གྲོང་ཁྱེར་གྱི་རྡོ་སོལ་གཏེར་ཁུལ་ཞིག་གི་ཝ་སི་འབར་གས་ཀྱི་ལས་འཛོལ་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་ཏེ་ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་དང་ནན་ཧུའུ་མཚེའུ་གསར་བརྗེའི་དྲན་གསོ་ཁང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་སྐེ་དར་དམར་པོའི་འཆད་འགྲེལ་པར་སྤྲིངས་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་ན་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་དང་ཁྲིམས་འཛུགས་སོགས་ལས་དོན་ལ་ཞིབ་འཇུག་བྱས་པ་རེད།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།ཚོགས་འདུའི་ཐོག་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་ཧྲན་ཤིས་ཁྲང་ཀྲི་གྲོང་ཁྱེར་ཆིན་ཡོན་རྫོང་གི་ཝ་སི་འབར་གས་ཀྱི་ལས་འཛོལ་གྱི་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ལས་ཀ་བྱེད་དུས་མ་གཏོགས་ལེགས་འགྲུབ་བྱེད་དུས་མེད། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་“འཁྱགས་པ་སྲབ་མོའི་ཐོག་འགྲོ་བ་”ལྟ་བུའི་གཟབ་ནན་གྱི་རྣམ་འགྱུར་གྱི་སེམས་ཁམས་ཐོག་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་གནད་དོན་དག་ཐེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་གཏེར་ཁའི་ཐོན་ཁུངས་ལྐོག་སྔོག་རྐུ་སྔོག་གི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱེད་དགོས།“1262”ཀྱི་འཕྲལ་སྡོམ་ལ་ཁ་གཏད་གཅོག་པའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ་ལས་རེས་ལ་ཤུགས་སྣོན་བརྒྱབ་ནས་འབྲུབ་ཆུ་བདེ་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།ཚོགས་འདུའི་ཐོག་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་ཚན་དཔལ་འབྱོར་ཐོག་བཞག་ནས་“4+2+N”གྱི་ཐོན་ལས་འཕེལ་རྒྱས་མ་ལག་ལ་གཞི་ཚུགས་ཏེ་ཁུལ་ཡོངས་ཀྱི་དངོས་ཚན་དཔལ་འབྱོར་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།ཚོགས་འདུའི་ཐོག་ལོ་ཆུང་བྱིས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་དེ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམིགས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་ལོན་འཛུགས་སྐྲུན་པ་གསོ་སྐྱོང་བྱ་རྒྱུར་དམིགས་ནས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མིར་ཏང་གཅེས་རྒྱལ་གཅེས་དང་བརྩོན་འགྲུས་སློབ་སྦྱོང་ལ་དགའ་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་རབས་གསར་པའི་ལོ་ཆུང་བཟང་པོ་བརྩོན་ལེན་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱ་དགོས་ཞེས་ནན་བཤད་གནང་བ་རེད།ཚོགས་འདུའི་ཐོག་ཞིང་ཨུའི་སྲིད་གྲོས་ལས་དོན་ཚོགས་འདུ་དང་ཞིང་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་གཅིག་སྡུད་སློབ་སྦྱོང་ཚོགས་འདུ་ཐེངས་4པའི་དགོངས་དོན་སོགས་ཞིང་ཨུའི་ཉེ་དུས་ཀྱི་ལས་ཀའི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་བདེ་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་ཏན་བྱེད་དགོས་པའི་ནན་བཤད་གནང་བ་རེད།ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་ན་མ་སོན་པའི་སྐྱེ་བོའི་ཁྲིམས་འགལ་ཉེས་གསོག་གི་མངོན་གསལ་དོད་པའི་གནད་དོན་སྔོན་འགོག་དང་དག་ཐེར་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་པ་དང་འི་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་འགྲིལ་ཤུགས་ཆགས་པར་བྱས་ཏེ་ན་མ་སོན་པའི་སྐྱེ་བོ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་ཁོར་ཡུག་རྒྱུན་ཆད་མེད་པར་གཙང་བཟོ་བྱ་དགོས་པའི་ནན་བཤད་གནང་།ཚོགས་འདུའི་ཐོག་《བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་2026ལོའི་ལོ་འཁོར་གྱི་ཁྲིམས་འཛུགས་ལས་དོན་འཆར་གཞི་(འཆར་ཟིན)་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་བདེ་ཆེན་གྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་དང་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱ་དགོས་པའི་ནན་བཤད་གནང་བ་རེད།
འགན་འཁུར་རྩོམ་སྒྲིག་པ།:南珠泽仁