བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཐད་ཚུར་ལན་བཅར་འདྲི་བྱས།

ཆུས་ཅིང་གྲོང་ཁྱེར་གྱིས་བདེ་ཆེན་ཁུལ་འབའ་ལུང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཆུས་ཅིང་དུ་འཚོགས།
ཟླ་6ཚེས་8ཉིན། བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཐད་ཚུར་ལན་བཅར་འདྲི་བྱས། ཕྱོགས་གཉིས་ཀས་ཆུས་ཅིང་གྲོང་ཁྱེར་གྱིས་བདེ་ཆེན་ཁུལ་འབའ་ལུང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ནས། མཛའ་མཐུན་གླེང་བ་དང་མཉམ་ལས་ཟབ་སྤེལ། འཕེལ་རྒྱས་མཉམ་འགོད་བཅས་བྱེད།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་ཆི་ལིན་ཆུས་ཤིས་མོན་ཁྲོམ་གཞུང་ཡུག་ཁུལ་དུ་ཕེབས་ནས་གྲོང་ཁྱེར་རྙིང་པའི་སྐྱེ་ལྡན་གསར་སྒྱུར་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་།
དབྱང་པིན་གྱིས་ཆུས་ཅིང་གྲོང་ཨུ་དང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ལྷན། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས། བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཕེབས་པར་དགའ་བསུ་ཞུས། ཁོང་གིས། ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་། ཆུས་ཅིང་དང་བདེ་ཆེན་གྱིས་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་པ་དང་ཕན་ཚུན་སྐུལ་འདེད་བཏང་བས། རོགས་སྐྱོར་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དེ་ནི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན། ཆུས་ཅིང་གྲོང་ཁྱེར་གྱིས་བདེ་ཆེན་ཁུལ་གྱི་“སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིང་ལ་གཏོད་”ཞེས་པའི་གསོན་ཉམས་ལྡན་པའི་ལག་ལེན་དང་། “བརྟན་བརླིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་བརླིང་ལ་སྐུལ་འདེད་གཏོང་བའི་”ལས་ཀའི་བསམ་ཕྱོགས། རྒྱ་ཆེའི་ལས་བྱེད་པའི་“གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། མཚོ་འཕགས་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བའི་”སྙིང་སྟོབས་བཅས་སློབ་སྦྱོང་དང་དཔྱད་གཞིར་ནན་ཏན་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱ་ཐབས། ཞིབ་ཕྲའི་བྱ་སྤྱོད་བཅས་སུ་གྱུར་དགོས་ཞེས་བཤད།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་དུ་ཕེབས་ནས་སྨན་བཅོས་འཕྲོད་བསྟེན་འཕེལ་རྒྱས་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་།
ལུའོ་ཁྲའོ་ཧྥེང་གིས། བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་ཆུས་ཅིང་གིས་དུས་ཡུན་རིང་པོའི་ནང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས། ཆུས་ཅིང་གྲོང་ཁྱེར་གྱིས་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་ཆེན་པོས་རོགས་སྐྱོར་ལས་དོན་ཁག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་། ཕྱོགས་གཉིས་ཀས་ཁ་གཏད་རོགས་སྐྱོར་དང་ས་ཁོངས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གསར་གཏོད་དང་། ཐོན་ལས་འཕེལ་རྒྱས། ལས་བྱེད་པ་གསོ་སྐྱོང་བྱེད་པ་སོགས་ཀྱི་ཐད་རྒྱབ་སྐྱོར་མང་པོ་བྱས་ཏེ། ཕྱོགས་གཉིས་ཀའི་སྤེལ་རེས་མཉམ་ལས་ལ་དེ་བས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་གསུང་།
འགན་འཁུར་རྩོམ་སྒྲིག་པ།:江初卓玛
- བདེ་ཆེན་གསར་འགྱུར།
ཞོགས་པ་བདེ་ལེཊ། འཛམ་གླིང་གི་སེམས་ཀྱི་ཉི་ཟླ།མེ་ཏོག་གི་འགྲུལ་བཞུད།
བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པས་ཧྲང་ཧའེ་གྲོང་ཁྱེར་རུའེ་ཅིན་སྨན་ཁང་དང་ཧྲུའུ་ཀོང་སྨན་ཁང་དུ་འཚམས་འདྲི་གནང་ནས་སྨན་བཅོས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།
བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པས་ཧྲང་ཧའེ་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་དང་མཇལ་འཛོམས་གནང་བ། ཧྲང་ཧའེ་གྲོང་ཁྱེར་ཅ་ཏིང་ཆུས་སུ་ཕེབས་ནས་རོགས་སྐྱོར་ལས་དོན་སྦྲེལ་མཐུད་བྱས།
བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་སུ་བསྐྱོད་ནས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།
བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ།
དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་དྲིས་ལན་བཏབ་པ། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།
གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨ་པུའུ་ཅི་མཚོ་རུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་དུ་བཏང་ནས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108