བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་འགྲན་བསྡུར་ཚོགས་ལ་ཉེ།

ཟླ་6ཚེས་5ཉིན་གྱི་སྔ་དྲོ།2026ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་རྟ་རྒྱུག་འགྲན་བསྡུར་གྱི་རིམ་སྤེལ་བྱེད་སྒོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཁུན་མིང་ཧའེ་ཀེང་ཚོགས་ཁང་ཡུས་ལན་ཚོམས་ཆེན་དུ་འཚོགས་ཤིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་དང་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས། གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཡོངས་བསྒྲགས་ཚོགས་འདུར་ཞུགས་ཤིང་གསར་འགོད་པའི་འབྲེལ་ཡོད་དྲི་བར་ལན་བཏབ་པ་རེད།


གསར་འགོད་པས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྐབས་འདིའི་རྟ་རྒྱུག་འགྲན་བསྡུར་གྱི་རིམ་སྤེལ་བྱེད་སྒོ་ནི་“རྟ་ཕོ་ལྕག་གིས་སྐུལ་འདྲའི་རྒྱང་སྐྱོད་ལམ་བུ་གསར་བར་སྙེགས། དྲིན་གཟོའི་བསམ་པས་འབད་བརྩོན་ཆེན་པོས་རྡོག་གཅིག་མཐུན་སྒྲིལ་བྱེད་”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ཟླ་6ཚེས་19ཉིན་ནས་ཚེས་22ཉིན་བར་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ལྟེ་གནས་སུ་དུས་ཡུན་ཉིན་4ཡི་རིང་ས་ཁོངས་ཧྲིལ་པོའི་དུས་ཆེན་གྱི་བྱེད་སྒོ་བརྒྱུད་རིམ་ལྡན་པའི་ངང་སྤེལ་རྒྱུན་ཡིན་པ་རེད།རྩལ་འགྲན་འགྲན་བསྡུར་དང་།མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན།ཕྱི་རོལ་ལུས་རྩལ།འཛད་སྤྱོད་དམངས་ཕན།མཚན་མོའི་རིག་གནས་དང་ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།ངོ་སྤྲོད་བྱས་པར་གཞིགས་ན།འགོ་ཚུགས་མཛད་སྒོ་དེ་མི་རིགས་མང་བའི་གླུ་གར་དང་།མངོན་མིན་རིག་གནས་ཤུལ་བཞག་འཁྲབ་སྟོན།རྟ་རྩལ་བཅས་ཀྱི་འཁྲབ་སྟོན་དང་ཟུང་འབྲེལ་བྱ་རྒྱུ་རེད།འགྲན་བསྡུར་གྱིས“རྟ་ཐོག་གི་མངོན་མིན་རིག་གནས་ཤུལ་བཞག་གི་རྟེན་རྫས་བཤམས་མཛོད་ཁང་”ཆ་ཚང་ཞིག་བཏོད་པ་དང་།ཡུན་ནན་དང་ཁྲོན་བོད་ཀྱི་ས་གནས་ཁག་གི་གནའ་བོའི་སྒ་རྙིང་མ་ཡོ་བྱད་150བསྡུས་པ།མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱ་ཡུལ་15བཀོད་སྒྲིག་བྱས་ཡོད།ལངས་གཟུགས་ཅན་གྱི་རྟ་གོང་དམངས་སྲོལ་རིག་གནས་བཤམ་སྟོན།བྱེད་སྒོ་སྤེལ་ཡུལ་དུ་ས་མཐོའི་ཁྱད་ལྡན་གྲོང་ཁྱེར་གཅིག་སྡུད་བཀོད་སྒྲིག་བྱས་པ།ས་གནས་དེ་གའི་ཞིང་ལས་ཁྱད་ལྡན་ཐོན་ཟོག་གཅིག་སྡུད་འགྲེམས་ཚོང་བྱས་པ།མཚན་མོར་སྐར་ཚོགས་གླུ་གཞས་དགོང་ཚོགས་དང་།གནའ་གྲོང་གི་གློག་སྒྲོན་འཁྲབ་སྟོན།མི་སྟོང་གི་སྐོར་བྲོའི་མེ་ཕུང་མཚན་ཚོགས་བཅས་རེས་མོས་ངང་འགྲེམས་སྟོན་བྱེད་རྒྱུ་ཡིན་ལ།མི་རིགས་ཁག་མཉམ་འདྲེས་མཉམ་གནས་ཀྱི་གསོན་ཉམས་དོད་པའི་པར་རིས་གང་ལེགས་མངོན་པར་བྱས་ཡོད།མིག་སྔར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་འགྲིམ་འགྲུལ་འགན་ལེན་དང་།གསོལ་སྟོན་སྣེ་ལེན།སྨན་བཅོས་ལས་རེས་དང་།དང་བླངས་ཞབས་ཞུ་སོགས་ཀྱི་སྦྲེལ་ཐག་ཧྲིལ་པོའི་གྲ་སྒྲིག་ལས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཡོད་པ་རེད།



འགྲན་བསྡུར་ཐད་སྐབས་འདིའི་རྟ་རྒྱུག་འགྲན་ཚོགས་ནང་རྟ་རྒྱུག་རྣམ་གྲངས་19དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་3བཀོད་སྒྲིག་བྱས་ཡོད་པ་རེད།རྟ་རྒྱུག་རྣམ་གྲངས་ནང་མྱུར་ཚད་འགྲན་བསྡུར་དང་།རྟ་རྒྱུག་གོམས་འགྲོས།མཉམ་བསྲེས་ཚོགས་ཆུང་གི་མྱུར་ཚད་འགྲན་བསྡུར།རྟ་ཐོག་དར་ལེན། རྟ་རྒྱུག་མདའ་འཕེན་སོགས་ཁྱད་ལྡན་རྣམ་གྲངས་ཚུད་ཡོད་ལ། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ལ་མདའ་འཕེན་པ་དང་། སྐྱེས་པའི་མདའ་འཕེན་པ་དང་།བུད་མེད་མདའ་འཕེན་པ་སོགས་ཀྱི་ཁྱད་ལྡན་འགྲན་བསྡུར་ཡོད། བྱེད་སྒོའི་རིང་ད་དུང་སྐབས་གཉིས་པའི་སེམས་ཀྱི་ཉི་ཟླའི་བྱེས་བགྲོད་འགྲན་བསྡུར་གཉེར་རྒྱུ་ཡིན་ལ། “མཐོང་ལམ་གྱིས་མི་ཟིན་པའི་གནམ་སའི་འབྲེལ་མཚམས་”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་75kmདང་། 50km 26km 8kmབཅས་ཚོགས་ཆུང་བཞི་བཀོད་སྒྲིག་བྱས་ཡོད་ལ། འགྲན་བསྡུར་ཁྲོད་བདེ་ཆེན་གྱི་ས་མཐོའི་མཚེའུ་དང་གདོད་མའི་ནགས་ཚལ་སོགས་བརྒྱུད་དགོས་པས། ཆེད་ལས་ཀྱི་རྩལ་ནུས་འགྲན་བསྡུར་དང་མང་ཚོགས་ཀྱི་མྱོང་རོལ་ཕྱོགས་གཉིས་འཛིན་ཐུབ་པ་བྱས་ཡོད།

སྨྱན་སྦྱོར་བས་དྲི་བ་དྲིས་པའི་བརྒྱུད་རིམ་ཁྲོད། ཚོགས་ཞུགས་སྡེ་ཚན་གྱི་འགན་འཁུར་བས་འགྲན་རིམ་བཀོད་སྒྲིག་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དོན་འཁྱོལ། དུས་ཆེན་གྱི་དམངས་ཕན་ཞབས་ཞུ། ཁྱད་ལྡན་གསར་གཏོད་ཀྱི་བཀྲག་མདངས་འཚེར་ས་སོགས་གླེང་མང་བའི་གནད་དོན་ལ་དམིགས་ནས་རེ་རེ་བཞིན་ལན་ཞིབ་ཕྲ་བརྒྱབ་ཡོད། གཙོ་གཉེར་ཕྱོགས་ཀྱིས་སྐབས་འདིའི་རྟ་རྒྱུག་འགྲན་བསྡུར་གྱིས་གཞི་རྟེན་གལ་ཆེན་དུ་བྱས་ཏེ། ཡུལ་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་དང་དམངས་སྲོལ་ཐོན་ཁུངས་སྔོག་འདོན་བྱེད་པ་དང་། དུས་ཆེན་ལ་བརྟེན་ནས་མི་མང་མཉམ་འཛོམས་དང་རིག་གནས་ཡུལ་སྐོར་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད། བྱེད་སྒོར་བརྟེན་ནས་དམངས་ཀྱི་བློ་འགུག་བཅས་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱུན་མཐུད་ངང་ཟབ་ཏུ་གཏོང་རྒྱུ་རེད།གོམ་སྟབས་རྗེས་མར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱས་ཏེ་དུས་ཆེན་ལ་བརྟེན་ནས་གྲོང་ཁྱེར་འཕེལ་རྒྱས་གཏོང་བ་དང་།རིག་གནས་ལ་བརྟེན་ནས་མི་རིགས་གཅིག་ཏུ་སྒྲིལ་བ།སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་གྱི་རྒྱལ་ཡོངས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་རེད།
འགན་འཁུར་རྩོམ་སྒྲིག་པ།:仁欠才让
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།
ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཁུན་མིང་དང་བདེ་ཆེན་གྱིས་མཛའ་མཐུན་མཉམ་ལས་ཀྱི་ཚོགས་འདུ་འཚོགས།
བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཐད་ཚུར་ལན་བཅར་འདྲི་བྱས།
བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་འགྲན་བསྡུར་ཚོགས་ལ་ཉེ།
བདེ་ཆེན་གྱི་རྒྱུགས་སྤྲོད་སློབ་མ་1883ད་ལོའི་མཐོ་རྒྱུགས་ལ་ཞུགས།
ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས་ནན་པོ་དང་ཞིབ་ཚགས། ཆད་བཤེར་ཆད་གསབ་བཅས་བྱས་ཏེ་མཐོ་རྒྱུགས་བརྟན་ལ་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཁུལ་ཨུའི་རྒྱུན་ཨུ་སྐབས་དགུ་པས་གྲོས་ཚོགས་ཐེངས་158པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108