ས་གནས་ཁག་གིས་ཁྲིམས་འགལ་སྒྲིག་འགལ་ངང་སྨན་བཅོས་འགན་བཅོལ་ཐེབས་རྩ་སྤྱད་པའི་ཁུངས་སྣེ་ཡོངས་བསྒྲགས་ངང་བསྡུ་རུབ་བྱེད་པ།
གསར་འགོད་པར་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར། སྨན་བཅོས་འགན་བཅོལ་ཐེབས་རྩའི་དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་འདོམས་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐོང་འཐེན་གང་ལེགས་བྱ་ཆེད། རྒྱལ་ཡོངས་ཀྱི་ས་གནས་ཁག་གི་སྨན་བཅོས་འགན་སྲུང་སྡེ་ཚན་གྱིས་སྔ་རྗེས་སུ་སྤྱི་བསྒྲགས་སྤེལ་ནས་སྤྱི་ཚོགས་ཡོངས་ལ་ཁྲིམས་འགལ་སྒྲིག་འགལ་ངང་སྨན་བཅོས་འགན་བཅོལ་ཐེབས་རྩ་སྤྱད་པའི་གནད་དོན་གྱི་ཁུངས་སྣེ་ཡོངས་བསྒྲགས་ངང་བསྡུ་རུབ་དང་། མང་ཚོགས་ཀྱི་ཐེར་འདོན་ལྟ་སྐུལ་དང་ལེན་བྱ་རྒྱུ་མ་ཟད། ཞིབ་བཤེར་བྱས་པ་བརྒྱུད་ཐེར་འདོན་ཁུངས་སྣེ་དོན་དངོས་ཡིན་པ་ར་སྤྲོད་བྱུང་ཚེ། གཏན་འབེབས་གཞིར་བཟུང་བྱ་དགའ་སྤྲོད་རྒྱུ་དང་བྱ་དགའ་མཐོ་ཤོས་སྒོར་ཁྲི་20སྤྲོད་རྒྱུ་ཡིན་པ་རེད།
རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་དང་ནོར་སྲིད་པུས་2022ལོར་ཁྱབ་བསྒྲགས་བྱས་པའི《ཁྲིམས་འགལ་སྒྲིག་འགལ་ངང་སྨན་བཅོས་འགན་བཅོལ་ཐེབས་རྩ་སྤྱད་པའི་ཐེར་འདོན་བྱ་དགའི་བྱ་ཐབས》གཞིར་བཟུང་། སྨན་བཅོས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ཆ་རྐྱེན་འཛོམས་པའི་ཐེར་འདོན་བྱེད་མཁན་ལ་ཁུངས་སྣེའི་རིན་ཐང་གི་བསྡུར་གྲངས་ངེས་ཅན་ལྟར་ཐེངས་གཅིག་རང་ལ་བྱ་དགའི་དངུལ་སྤྲོད་རྒྱུ་ཡིན་ཞིང་། མཐོ་ཤོས་ལ་སྒོར་ཁྲི་20ལས་མི་བརྒལ་བ་དང་དམའ་ཤོས་ལ་སྒོར་200ལས་མི་ཉུང་བ་སྤྲོད་རྒྱུ་རེད།
རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། ཐེར་འདོན་བྱ་དགའི་ལམ་ལུགས་ཀྱིས་སྤྱི་ཚོགས་ཀྱི་མི་སྣ་ཁག་ཐེབས་རྩའི་ལྟ་འདོམས་ནང་ཞུགས་པ་དང་སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་སྲུང་སྐྱོང་ཐད་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་བཏོན་ཡོད། མིག་སྔར་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཚང་མར་ཐེར་འདོན་བྱ་དགའི་ལམ་ལུགས་བཙུགས་ཡོད། རྒྱ་ཆེའི་མང་ཚོགས་ཀྱི་ལྟ་སྐུལ་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ནས་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་འདོམས་ནང་ཧུར་ཐག་ཞུགས་པས། ས་གནས་ཁག་གི་ཐེར་འདོན་བྱ་དགའི་མི་ཐེངས་དང་། བྱ་དགའ་སྤྲོད་པའི་དངུལ་གྲངས། ཞིབ་བཤེར་ཐག་གཅོད་ཐུབ་པའི་སྒྲིག་འགལ་གྱི་དངུལ་གྲངས་བཅས་ལོ་རེ་བཞིན་མང་དུ་ཕྱིན་པ་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་ལས་མགོ་སྐོར་གཡོ་ལེན་དང་འགན་དངུལ་ཁ་བསླུས་ལ་རྡུང་རྡེག་གཏོང་བར་ཐོན་པའི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2025ལོར་རྒྱལ་ཡོངས་ཀྱིས་ཐེར་འདོན་བྱ་དགའི་དངུལ་ཁྱོན་སྒོར་ཁྲི་155.8སྤྲད་ཡོད་པ་རེད།
- བདེ་ཆེན་གསར་འགྱུར།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།
བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།
སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས155པ་འཚོགས་པ།
ཁུལ་ཨུའི་ཁྱོན་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་ཤྭ་ཁ་གངས་རིར་བརྟག་ཞིབ་བྱེད་སྐབས་ལས་རྣམ་གསར་གཏོད་དང་མཛེས་ལྗོངས་ཁུལ་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།
ཟླ་བཞི་བའི་དཔྱིད་རྣམ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སྲང་ལམ་ཀུན་ཏུ་མཛེས་པའི་མེ་ཏོག་བཞད།
ཁུལ་ཨུ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོར་ལྟ་སྐུལ་བྱེད་པར་བཅའ་སྡོད་བྱས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108