སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས155པ་འཚོགས་པ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ4པའི་ཚེས་24ཉིན། སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས155པ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཨུའི་ལས་ཀའི་བླང་བྱ་གསར་བ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། རང་ཁུལ་གྱི་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ།
ཚོགས་འདུའི་ཐོག་2026ལོའི་རྒྱལ་ཡོངས་སྐོར་ཞིབ་ལས་དོན་ཚོགས་འདུ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བདུན་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ཆབ་སྲིད་སྐོར་ཞིབ་གཏིང་ཟབ་བྱེད་པ་དང་།ཆབ་སྲིད་ལྟ་སྐུལ་ཞིབ་ཕྲ་ཅན་དང་།གནད་སྨིན་ཅན།རྒྱུན་གཏན་ཅན་བཅས་ལ་སྐུལ་འདེད་གཏོང་བ།རང་ཁུལ་གྱི་སྐོར་ཞིབ་ལས་དོན་ཚད་ལྡན་ཅན་དང་།ཁྲིམས་སྐྱོང་ཅན།དངོས་གཞི་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། དུས་ཚོད་ཀྱི་གནད་ལ་དམ་པོར་དམིགས་ཏེ་ཀྲུང་དབྱང་སྐོར་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་ཡོ་བསྲང་ཇི་མ་ཇི་བཞིན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་ཐོག་《ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་སློབ་སྦྱོང་དང་སློབ་གསོ་ལག་བསྟར་བྱེད་རིང་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་ལས་ཀའི་ཇུས་གཞི》དང་《ཁུལ་ཨུ་རྒྱུན་ཨུའི་ཚན་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་དང་དག་ཐེར་བཅོས་སྒྲིག་རྩིས་ཁྲ》《ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་སློབ་སྦྱོང་གདམ་གཞིའི་འཆར་གཞི》གྲོས་ཞིབ་བྱས་པ་དང་འབྲེལ་རྩ་དོན་ཐོག་མོས་མཐུན་ཡང་བྱས་པ་རེད། ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
责任编辑:万玛措
- བདེ་ཆེན་གསར་འགྱུར།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།
བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།
སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས155པ་འཚོགས་པ།
ཁུལ་ཨུའི་ཁྱོན་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་ཤྭ་ཁ་གངས་རིར་བརྟག་ཞིབ་བྱེད་སྐབས་ལས་རྣམ་གསར་གཏོད་དང་མཛེས་ལྗོངས་ཁུལ་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།
ཟླ་བཞི་བའི་དཔྱིད་རྣམ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སྲང་ལམ་ཀུན་ཏུ་མཛེས་པའི་མེ་ཏོག་བཞད།
ཁུལ་ཨུ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོར་ལྟ་སྐུལ་བྱེད་པར་བཅའ་སྡོད་བྱས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108