中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་ཤྭ་ཁ་གངས་རིར་བརྟག་ཞིབ་བྱེད་སྐབས་ལས་རྣམ་གསར་གཏོད་དང་མཛེས་ལྗོངས་ཁུལ་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

ཁྱབ་བསྒྲགས་དུས་ཚོད་:2026-04-27 15:52:30 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་4ཚེས་26ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཤྭ་ཁ་གངས་རིའི་མཛེས་ལྗོངས་ཁུལ་དུ་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གཏིང་ཟབ་བྱས། ཁོང་གིས་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བདེ་ཆེན་གྱི་ཐུན་མོང་མ་ཡིན་པའི་སྣོད་བཅུད་དང་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་།ལས་རྣམ་གསར་གཏོད་ཚད་བརྒལ་སར་བྱེད་པ།ཁུལ་ནང་གི་མཛེས་ལྗོངས་ཁུལ་མཉམ་འགུལ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་འགྲུལ་ཁུངས་ནང་འདྲེན་དང་།སྤུས་རྟགས་གཏོད་པ།ཞབས་ཞུ་མཐོར་གཏོང་བཅས་ཀྱི་ལས་དོན་གནད་སྨིན་ངང་ཡག་པོ་བསྒྲུབས་ནས་ཁུལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་བརྟག་ཞིབ་ནང་ཞུགས་པ་རེད།

   ལུའོ་ཁྲའོ་ཧྥེང་གིས་མཛེས་ལྗོངས་ཁུལ་འཛུགས་སྐྲུན་གཉེར་སྐྱོང་དང་ཐོན་རྫས་མཁོ་སྤྲོད།རྐང་ཐང་མར་བསྐྱོད་སའི་ལམ་ཐིག་གསར་སྤེལ་དོ་དམ་སོགས་ཀྱི་གནས་ཚུལ་ལ་དངོས་སུ་ལྟ་ཞིབ་ཏུ་ཕེབས་པ་དང་འབྲེལ་མཛེས་ལྗོངས་ཁུལ་གྱི་ལས་རྣམ་སྐྱེད་སྲིང་དང་ཁྲོམ་ར་རྒྱ་སྐྱེད་སོགས་ཀྱི་ལས་དོན་སྙན་སེང་ཞིབ་ཕྲ་ཡང་གསན་པ་རེད།ཁོང་གིས་ཤྭ་ཁ་གངས་རིའི་ས་བབ་ལེགས་པ་དང་མཛེས་ལྗོངས་ཐུན་མིན་ཡིན་པས་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད།སྲུང་སྐྱོང་སྔོན་ལ་བྱེད་པ་དང་ལུགས་མཐུན་ངང་གསར་སྤེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་ཀྱི་མཐའ་ཚད་ནན་པོ་སྲུང་བའི་རྨང་གཞིའི་ཐོག་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་ནས་ལྟེ་བའི་ཡིད་དབང་འཕྲོག་ཤུགས་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
    ལུའོ་ཁྲའོ་ཧྥེང་གིས་ལས་རྣམ་གསར་གཏོད་ལ་དམིགས་པ་དང་ཡུལ་སྐོར་བའི་འཛད་སྤྱོད་ཀྱི་དགོས་མཁོ་གསར་པར་དམ་པོར་དམིགས་ཏེ་རྐང་ཐང་མར་ཡུལ་སྐོར་བྱེད་པ་དང་།སྣོད་བཅུད་ཞིབ་འཇུག་སློབ་སྦྱོང་བྱེད་པ།ལུས་གསོའི་སྤྲོ་གསེང་སོགས་ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ཏེ་ཡུལ་སྐོར་དེ“ལྟ་སྐོར་ཡུལ་སྐོར”ནས“ཉམས་ལེན་ཡུལ་སྐོར”དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་།ཐོན་ལས་སྦྲེལ་ཐག་སྣུར་སྲིང་དང་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ།མཛེས་ལྗོངས་ཁུལ་རང་ངོས་ཀྱི་རང་བརྟེན་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་མཛེས་ལྗོངས་ཁུལ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་ནུས་པ་ཆེ་རུ་གཏོང་དགོས། མཛེས་ལྗོངས་ཁུལ་དང་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།པོ་ཏ་མཚོ་དང་།སུམ་རྩེན་གླིང་།རྡོ་མཁར་རྫོང་། སྨན་རི་སོགས་ཁུལ་ནང་གི་མཛེས་ལྗོངས་ཁུལ་གཙོ་བོའི་ལམ་ཐིག་སྦྲེལ་མཐུད་དང་། ཐོན་ཁུངས་སྡེབ་སྒྲིག འགྲུལ་ཁུངས་ཕན་ཚུན་སྐྱེལ་བ་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ།ཡུལ་སྐོར་ལམ་ཐིག་རྩེ་གྲ་སྐྲུན་པ་དང་། དགེ་མཚན་གསབ་རེས་དང་།ཐོན་ལས་ཁྱུ་ཚོགས་གོང་འཕེལ་གཏོང་བ།ཁྱོན་ཡོངས་ནས་མཐོར་འདེགས་བཅས་བྱ་དགོས།གནད་སྨིན་གྱིས་འགྲུལ་ཁུངས་ནང་འདྲེན་དང་ཕན་འབྲས་ཆེ་རུ་གཏོང་བ་དང་།སྨྱན་སྦྱོར་གསར་པར་བརྟེན་ནས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་བ།གནད་སྨིན་གཉེར་ཚོང་དང་སྤུས་རྟགས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ།མཛེས་ལྗོངས་ཁུལ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ།བདེ་ཆེན་གྱི་རིག་གནས་ཡུལ་སྐོར་གྱི་སྙན་གྲགས་དང་།མཚན་སྙན་བྱེད་ཚད།ཤུགས་རྐྱེན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱ་དགོས།རིག་གནས་ཡུལ་སྐོར་ཐོན་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་གནང་། 
    ཞུང་ཝུན་པིན་དང་།ལིན་ཧའོ།ལིའུ་ཐེན་མིང་སོགས་བརྟག་ཞིབ་ནང་ཞུགས་པ་རེད།

འགན་འཁུར་རྩོམ་སྒྲིག་པ།:万玛措

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།

ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།

ཁུན་མིང་དང་བདེ་ཆེན་གྱིས་མཛའ་མཐུན་མཉམ་ལས་ཀྱི་ཚོགས་འདུ་འཚོགས།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཐད་ཚུར་ལན་བཅར་འདྲི་བྱས།

བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་འགྲན་བསྡུར་ཚོགས་ལ་ཉེ།

བདེ་ཆེན་གྱི་རྒྱུགས་སྤྲོད་སློབ་མ་1883ད་ལོའི་མཐོ་རྒྱུགས་ལ་ཞུགས།

ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས་ནན་པོ་དང་ཞིབ་ཚགས། ཆད་བཤེར་ཆད་གསབ་བཅས་བྱས་ཏེ་མཐོ་རྒྱུགས་བརྟན་ལ་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཁུལ་ཨུའི་རྒྱུན་ཨུ་སྐབས་དགུ་པས་གྲོས་ཚོགས་ཐེངས་158པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com