中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཨུའི་ཁྱོན་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས།

ཁྱབ་བསྒྲགས་དུས་ཚོད་:2026-04-27 15:52:34 འབྱུང་ཁུངས་:香格里拉藏文网

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་4ཚེས་24ཉིན་ཁུལ་ཨུའི་ཁྱོན་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས་ནས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་དང་2026ལོའི་སྒྱུར་བཅོས་ཀྱི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་སྐུལ་འདེད་བཏང་བ་རེད།

    ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་ཁྱོན་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུས་སི་སི་དང་ཀྲུའུ་པའོ་ཧྥུ། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཡན་ལན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཚོགས་འདུར་ཞུགས་ཡོད་པ་རེད། 
    ཚོགས་འདུའི་ཐོག་2025ལོ་འཁོར་གྱི་སྒྱུར་བཅོས་ལས་འགན་ལ་སྐུལ་འདེད་བཏང་ཚུལ་བརྡ་ཁྱབ་བཏང་བ་དང་ཁུལ་ཨུའི་ཁྱོན་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་2026ལོའི་ལས་ཀའི་གཙོ་གནད་དང་ལས་ཀའི་རྩིས་ཁྲར་གྲོས་ཞིབ་བྱས་པ་དང་འབྲེལ་རྩ་དོན་ཐོག་མོས་མཐུན་ཡང་བྱས་པ་རེད། 2025ལོར་ཁུལ་ཨུའི་ཁྱོན་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མིག་སྔ་དང་ཕུགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་ཁུལ་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་ལ་དམིགས་ནས་སྒྱུར་བཅོས་ལས་འགན་གྱི་"རིགས་དབྱེའི་ལས་དོན་སྐུལ་འདེད་བྱེད་སྟངས"གསར་གཏོད་དང་ཁྱབ་གདལ་བཏང་བས་སྒྱུར་བཅོས་ལས་འགན་ཁག་123་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱུང་བ་དང་ཁུལ་ཡོངས་ཀྱི་སྒྱུར་བཅོས་ལས་དོན་ལ་ཕན་འབྲས་དངོས་ཐོན་བར་སྐུལ་འདེད་བཏང་ཡོད་ཅེས་བསྟན་པ་རེད།
  ཚོགས་འདུའི་ཐོག་ད་ལོ་ནི་“ལོ་ལྔ་ཚན་བཅོ་ལྔ་པ་”འགོ་ཚུགས་པའི་ལོ་ཞིག་ཡིན་པས་ཁྱོན་ཡོངས་སྒྱུར་བཅོས་ཟབ་བཏོན་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཁུལ་ཡོངས་ཀྱི་རིམ་ཁག་ཏང་ཨུ་(ཏང་ཙུའུ)་ཡིས་ཁྱོན་ཡོངས་སྒྱུར་བཅོས་ཟབ་གཏོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་རང་ཁུལ་གྱི་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་རྩ་གནད་དང་གཙོ་གནད་སྒྱུར་བཅོས་ཀྱི་ལས་འགན་ཁག་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་ཡོངས་སུ་“རྣམ་གྲངས་རྐྱང་པའི་ཨང་དང་པོ་”ལེན་པའི་ཡིད་ཆེས་དང་བློ་སྟོབས་ལ་བརྟེན་ནས་སྒྱུར་བཅོས་ལས་དོན་ཡག་པོ་སྒྲུབ་དགོས། “དོན་ཆེན་བཞི་”ལ་དམིགས་ནས་ཁྱོན་ཡོངས་སྒྱུར་བཅོས་ཟབ་གཏོང་དང་བརྟན་ལྷིང་སྲུང་སྐྱོང་ལ་དམིགས་ཏེ་“སྔོན་འགོག་”གི་རང་འགུལ་དམག་འཐབ་དང་“ཐག་གཅོད་”ཀྱི་གྲ་སྒྲིག་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཏོད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་པ་དང་“4+2+N”ཐོན་ལས་འཕེལ་རྒྱས་མ་ལག་ལ་དམིགས་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་གཙོ་གནད་ཕྱོགས་ཁོངས་ཀྱི་སྒྱུར་བཅོས་ཟབ་སྤེལ་དུ་བཏང་སྟེ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་དམིགས་ནས་གྲོང་གསེབ་ཀྱི་བཙོག་ཆུ་བཅོས་སྒྲིག་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་ཐཱན་འབུད་ཚད་བསྡོམས་འབོར་དང་ཤུགས་ཚད་ཚོད་འཛིན་གཉིས་ཀྱི་ལམ་ལུགས་ལག་བསྟར་བྱས་ཏེ་ནགས་ཕག་མཚོ་ཡི་སྐྱེ་ཁམས་ཡུལ་སྐོར་ཁུལ་འཛུགས་སྐྲུན་དོ་དམ་ཚད་ལྡན་དུ་གཏོང་བ་དང་སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་། ཉམས་གསོ། བཅོས་སྐྱོང་། རིན་ཐང་གཞན་སྒྱུར་བཅས་ཀྱི་ལམ་སྲོལ་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་དགོས། མཐའ་མཚམས་བརྟན་ལྷིང་ལ་དམིགས་ནས་ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་ཞིབ་ཚགས་ཅན་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྒྱུར་བཅོས་ཚོད་ལྟ་དང་ཏང་འཛུགས་སྐྱོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཚོད་ལྟ་བྱས་ཏེ་སྤྱོད་གཙང་ཡུན་ནན་འཛུགས་སྐྱོང་གི་བདེ་ཆེན་ལག་ལེན་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་སྒྲིག་བཤེར་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ལ་དམ་འཛིན་ཡག་པོ་བྱེད་དགོས། མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་དངོས་གཉེར་གོ་ཆོད་ཀྱི་"གཅོད་ཁ་ཆུང་ངུའི་"སྒྱུར་བཅོས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ་དམངས་འཚོའི་ཁྱབ་ཁོངས་སུ་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པ་དང་དམངས་སེམས་གཏད་ཕྱོགས་ཀྱི་སྒྱུར་བཅོས་བྱེད་ཐབས་ཁག་ཅིག་འདོན་དགོས་ཞེས་ནན་བཤད་གནང་།
    ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་ཁུལ་ཡོངས་ཀྱི་སྒྱུར་བཅོས་ལས་དོན་ཁྲོད་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་ཏེ་འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་གི་དཔེ་མཚོན་ཞིག་ཆགས་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།     ཁུལ་ཨུའི་ཁྱོན་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཨུ་ཡོན་དང་འབྲེལ་ཡོད་ཁུལ་གྱི་འགོ་ཁྲིད་ཚོགས་འདུར་ཕེབས་པ་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།

责任编辑:万玛措

  • བདེ་ཆེན་གསར་འགྱུར།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།

བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།

སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས155པ་འཚོགས་པ།

ཁུལ་ཨུའི་ཁྱོན་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་ཤྭ་ཁ་གངས་རིར་བརྟག་ཞིབ་བྱེད་སྐབས་ལས་རྣམ་གསར་གཏོད་དང་མཛེས་ལྗོངས་ཁུལ་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

ཟླ་བཞི་བའི་དཔྱིད་རྣམ།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སྲང་ལམ་ཀུན་ཏུ་མཛེས་པའི་མེ་ཏོག་བཞད།

ཁུལ་ཨུ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོར་ལྟ་སྐུལ་བྱེད་པར་བཅའ་སྡོད་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com