བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2025/2026ལོའི་ཧྥུའུ་ཏེན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་གྱི་རེས་སྐོར་11པའི་ཐོག་བདེ་ཆེན་རུ་ཁག་གིས་ཟླ་4ཚེས་25ཉིན་བདེ་ཆེན་ཁུལ་མི་རིགས་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་ཀྲའོ་ཐུང་རུ་ཁག་དང་འགྲན་བསྡུར་བྱས་པ་རེད། ས་མཐོའི་ཐོག་གི་འགྲན་རྒོལ་དང་འགོག་སྲུང་གི་གོམ་སྟབས་ཧ་ཅང་མགྱོགས་པ་དང་འགྲན་རྒོལ་བྱེད་ཤུགས་ཧ་ཅང་ཆེན་པོ་བྱུང་ཡོད། ཕྱོགས་གཉིས་པོའི་སྤོ་ལོ་རྒྱག་མཁན་གྱིས་མཐའ་མའི་མཚམས་སུ་སླེབས་སྐབས་བདེ་ཆེན་རུ་ཁག་གིས་ནུས་ཆེའི་འཐབ་རྩལ་ལག་བསྟར་དང་མཐའ་མའི་འགྲན་བསྡུར་གྱི་འགག་རྩའི་སྤོ་ལོ་རྒྱག་སྟངས་ལ་བརྟེན་ནས་རྒྱལ་ཁ་བླངས་ཏེ་ས་གནས་ས་ཐོག་གི་སྤོ་ཞེན་པ་ཚོར་གསོན་ཉམས་ལྡན་ལ་ཡིད་སེམས་འགུག་པའི་ལུས་རྩལ་གྱི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས་ཡོད།
འགྲན་བསྡུར་མགོ་བརྩམས་རྗེས། རུ་ཁག་གཉིས་མྱུར་དུ་འགྲན་བསྡུར་གྱི་རྣམ་པར་ཞུགས་ཡོད་པ་དང་། རྒོལ་འགོག་སྣེ་གཉིས་སུ་ཕར་རྒོལ་ཚུར་འགོག་དང་། ཕན་ཚུན་ལ་བཟོད་གཡེང་བྱས་མེད། འགྲན་བསྡུར་སྟོད་ཀྱི་སྐར་མ་23ཐོག་བདེ་ཆེན་རུ་ཁག་གིས་སྔར་གྱི་རྣམ་པ་དེ་ཡོངས་སུ་དཀྲོག་ནས་ཕ་རོལ་བའི་སྒོ་ཁའི་འགྲམ་དུ་མཆོང་བརྒལ་བྱས་པ་དང་། ཨང་རྟགས12པ་བློ་བཟང་བཀྲ་ཤིས་ཀྱིས་གོ་སྐབས་བརྩོན་ལེན་བྱས་ཏེ་སྤོ་ལོ་སྒོ་ནང་དུ་གཡུག་པས་བདེ་ཆེན་རུ་ཁག་ནི་1-0གི་བསྡུར་ཚད་ལས་རྒྱལ། དེའི་རྗེས་སུ་ཀྲའོ་ཐུང་རུ་ཁག་གིས་ཐེངས་མང་བོར་ཚུར་རྒོལ་བྱས་ནས་ཉེན་ཁ་མང་བོ་འཕྲད་རུང་། བདེ་ཆེན་རུ་ཁག་གི་འགོག་སྲུང་འཛིང་རགས་བརྟན་པོ་ཡོད་པ་དང་སྒོ་མོ་ཡང་བརྟན་པོ་བྱུང་ཡོད། ཤན་འབྱེད་པས་བར་མཚམས་ཀྱི་ངལ་གསོའི་སྒྲ་བསྒྲགས་པ་དང་བདེ་ཆེན་རུ་ཁག་ནི་སྐར་མ་གཅིག་གི་རྒྱལ་ཁ་བླངས་ནས་འགྲན་བསྡུར་མཇུག་འགྲིལ་བ་རེད།
འགན་འཁུར་རྩོམ་སྒྲིག་པ།:万玛措
- བདེ་ཆེན་གསར་འགྱུར།
བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།
བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།
《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།
ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108