中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཨུ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོར་ལྟ་སྐུལ་བྱེད་པར་བཅའ་སྡོད་བྱས།

ཁྱབ་བསྒྲགས་དུས་ཚོད་:2026-04-24 10:26:06

ཁུལ་ཨུ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོར་ལྟ་སྐུལ་བྱེད་པར་བཅའ་སྡོད་བྱས། 

 ཀྲུང་དབྱང་དང་ཞིང་ཨུའི་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུ་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་འགན་འཁྲི་གཙོ་བོ་དམ་འཛིན་བྱས།  མིག་སྔར།  ཁུལ་ཨུ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གཉིས་ཀྱིས་རྫོང་དང་གྲོང་ཁྱེར་གཅིག་དང་ལས་ཁུངས་ལྔ་རུ་ཁྱོན་ཡོངས་ནས་བཅའ་སྡོད་བྱས་པ་མ་ཟད། རེས་སྐོར་དང་པོའི་གཅིག་སྡུད་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་འགོ་ཚུགས་ནས། ནང་དོན་ལྟེ་བའི་གཟབ་ནན་བྱས་པ་དང་སྤྱོད་ཚུལ་དངོས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོ་སེམས་ནང་ཟུར་བ་དང་ལག་ལེན་བསྟར་བ། ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་།

    བཅའ་སྡོད་ཀྱི་ཐུག་འཕྲད་ཚོགས་འདུའི་ཐོག ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གི་ཚོགས་གཙོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་འགོད་གལ་ཆེན་གྱི་དགོངས་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག དེ་བཞིན་ཞིང་ཨུ་དང་ཁུལ་ཨུའི་ལས་ཀའི་བླང་བྱ་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ནས། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་འགན་འཁྲི་ལས་འགན་དང་ལས་དོན་བཀོད་སྒྲིག བླང་བྱ་ཞིབ་ཕྲ་བཅས་བརྡ་ཁྱབ་བཏང་བ་དང་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་གནས་ཚུལ་སྙན་ཞུར་ཉན་ནས། ལྟ་སྐུལ་མཛུབ་ཁྲིད་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱས།

      ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཁུལ་ཨུ་ཡིས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་མངགས་ནས་སློབ་སྦྱོང་སློབ་གསོར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དེ་ནི་འབྲེལ་ཡོད་རྫོང་དང་གྲོང་ཁྱེར། ལས་ཁུངས་བཅས་ལ་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཤེས་རྟོགས་གཏིང་ཟབ་ཐུབ་པ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པའི་བྱ་ཐབས་སྐུལ་འདེད་གཏོང་དགོས་པ་ཞིག་ཡིན་པ་མ་ཟད།  འབྲེལ་ཡོད་རྫོང་དང་གྲོང་ཁྱེར། ལས་ཁུངས་བཅས་ཀྱི་ཏང་ཀྲུང་དབྱང་དང་ཞིང་ཨུ།  ཁུལ་ཨུ་བཅས་ཀྱི་སློབ་སྦྱོང་སློབ་གསོའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་ཞིག་ཀྱང་ཡིན་ལ།   འབྲེལ་ཡོད་རྫོང་དང་གྲོང་ཁྱེར། ལས་ཁུངས་ཀྱིས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དང་གནད་གཅིག་གི་ཁྱོན་ཡོངས་ཁྲིད་པར་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་བའི་བྱ་ཐབས་ཞིག་ཡིན།  འབྲེལ་ཡོད་རྫོང་དང་གྲོང་ཁྱེར། ལས་ཁུངས་ཀྱིས་ཁུལ་ཨུ་ཡིས་མངགས་གཏོང་བྱས་པའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཆབ་སྲིད་བསམ་གཞིག་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ།  སློབ་སྦྱོང་སློབ་གསོའི་ལས་འགན་ཁག་ནན་ཏན་དང་སྤུས་ཚད་མཐོ་བའི་ངང་ལེགས་སྒྲུབ་བྱེད་དགོས་ཞེས་སྟོན།

     ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས།  ཏང་ཀྲུང་དབྱང་གི་སློབ་སྦྱོང་སློབ་གསོའི་སྐོར་གྱི་བཀོད་སྒྲིག་དང་དེ་བཞིན་ཞིང་ཨུ་དང་ཁུལ་ཨུ་ཡི་ལས་ཀའི་བླང་བྱར་དམ་པོར་དམིགས་ཏེ། ནན་ཏན་ངང་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་མངོན་གསལ་དོད་པའི་གནད་དོན་དག་ཐེར་ལེགས་བཅོས། ལམ་ལུགས་དང་སྒྲིག་ལམ་ཡག་པོ་འཛུགས་པར་ཟུང་འབྲེལ་བྱས་ནས། སློབ་སྦྱོང་སློབ་གསོའི་ཆབ་སྲིད་འགན་འཁྲི་དམ་པོར་དམིགས་ཏེ་ཁྲིད་སྟོན་དང་ལྟ་སྐུལ་མཛུབ་ཁྲིད་བྱས་ནས།  ཀྲུང་དབྱང་དང་ཞིང་ཨུས་པར་འགྲེམས་བྱེད་ཉེར་ཡོད་པའི་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེ་ཡག་པོ་སྤྱོད་པ། སློབ་སྦྱོང་སློབ་གསོའི་ཕྱོགས་བཅོ་བརྒྱད་ཀྱི་ཞིབ་ཐོ་རེ་རེ་བཞིན་ཞིབ་བསྡུར་ཞིབ་བཤེར་བྱེད་པ་བཅས་ལ་དམིགས་ནས། མིག་སྔར་ལེགས་བཅོས་དང་ཡུན་རིང་འཛུགས་པར་ཟུང་འབྲེལ་བྱས་ཏེ། སྒྲིག་སྲོལ་ལམ་ལུགས་འཛུགས་པའི་ལས་ཀ་ཡག་པོ་སྒྲུབ་དགོས། ཁ་བྱང་གཅིག་མཚུངས་མཉམ་ལན་འདེབས་པ་དང་རིགས་དབྱེ་ནས་མཛུབ་ཁྲིད་ནན་མོ་རྒྱུན་འཁྱོངས་བྱས་ནས། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུ་དེ་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་བདེ་ཆེན་དུ་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་གཏོང་བར་དམ་འཛིན་ཡག་པོ་བྱས་དགོས་ཞེས་སྟོན།

       རེས་སྐོར་དང་པོའི་ལྟ་སྐུལ་མཛུབ་ཁྲིད་ནང་།  ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་གནད་དོན་ཁྲིད་སྟོན་དང་དམིགས་ཚད་ཁྲིད་སྟོན། གྲུབ་འབྲས་ཁྲིད་སྟོན་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ནས། སྲིད་སྐྱོང་གྲུབ་འབྲས་ཀྱི་ལྟ་བ་ནོར་འཁྲུལ་དང་ཕྱི་ཚུལ་རིང་ལུགས། དཔོན་ཉམས་རིང་ལུགས་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས།  དཔྱད་གཞིའི་ཡིག་རིགས་ལྟ་ཀློག་དང་ཡུལ་དངོས་སུ་བཅར་འདྲི། བཞུགས་མོལ་སྤེལ་རེས། མི་རེ་རེར་འཚམས་འདྲི་བྱས་པ་སོགས་ཀྱི་བྱ་ཐབས་བརྒྱུད། ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ལས་ཁུངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ། ཉེན་ཁ་སྔོན་འགོག་སེལ་བ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་སོགས་ཀྱི་གནས་ཚུལ་དངོས་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ། གྲུབ་འབྲས་དངོས་ལ་མཐོང་ཆེན་བྱས་པ་དང་མངོན་མེད་གྲུབ་འབྲས་ལ་སྣང་ཆུང་བྱེད་པ། རྗེས་ཤུལ་འཇོག་པར་མཐོང་ཆེན་དང་ཕན་འབྲས་དངོས་ལ་སྣང་ཆུང་བྱེད་པ།འཕྲལ་ཕན་ལ་བརྩོན་ལེན་བྱེད་པ། དོན་དངོས་དང་ཁ་བྲལ་བ་སོགས་ཀྱི་སྔོན་ཐོན་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་གནད་སྨིད་ངང་འཚོལ་ཞིབ་བྱས་ཏེ། ཡུལ་དངོས་སུ་ཐོག་མའི་བསམ་འཆར་ཚུར་ལན་བྱས་པ་བརྒྱུད། སློབ་སྦྱོང་གཏིང་ཟབ་བྱེད་པའི་ཐད་མུ་མཐུད་ནས་འབད་བརྩོན་བྱས་པ་དང་གནད་དོན་ཞིབ་བཤེར་དངོས་སུ་བྱེད་པ། དག་ཐེར་དང་བཅོས་སྒྲིག་ཐད་འབད་བརྩོན་བྱེད་པ། སྒྲིག་སྲོལ་བཟོ་བའི་ཐད་འབད་བརྩོན་བྱེད་པ། ཕྱི་ཚུལ་རིང་ལུགས་ཀྱི་དམའ་རིམ་དམར་པོ་དང་མཐོ་རིམ་ནག་པོར་སྔོན་འགོག་ནན་པོ་བྱེད་པའི་ཐད་འབད་བརྩོན་བྱས་ཏེ། ལག་ལེན་བསྟར་ནས་འཕྲལ་བཅོས་དང་དངོས་བཅོས་དངོས་སུ་བྱ་དགོས་ཞེས་སྟོན།

       དུས་རིམ་རྗེས་མར། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་མུ་མཐུད་ནས་འགག་རྩའི་དུས་རིམ་ལ་དོ་སྣང་ཆེན་པོ་བྱེད་པ་དང་གནད་དོན་གྱི་ཁྲིད་སྟོན་མངོན་གསལ་དོད་པོ་བྱེད་པ།  ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་གཏིང་ཟབ་ཏུ་གཏོང་བ། རྗེས་འདེད་ཕན་འབྲས་འདྲི་རྩད་བྱེད་ཤུགས་ཆེ་རུ་གཏོང་བ། རིམ་པ་ཁག་དང་ལས་ཁུངས་ཁག་གིས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་བ། རྨང་གཞི་འདིང་བ་དང་ཡུན་རིང་ཕན་པ། དམངས་འཚོར་ཕན་པའི་དོན་དངོས་ཀྱི་ལས་དོན་ཡག་པོ་སྒྲུབ་ནས།  ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

  • བདེ་ཆེན་གསར་འགྱུར།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།

བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།

སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས155པ་འཚོགས་པ།

ཁུལ་ཨུའི་ཁྱོན་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་ཤྭ་ཁ་གངས་རིར་བརྟག་ཞིབ་བྱེད་སྐབས་ལས་རྣམ་གསར་གཏོད་དང་མཛེས་ལྗོངས་ཁུལ་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

ཟླ་བཞི་བའི་དཔྱིད་རྣམ།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སྲང་ལམ་ཀུན་ཏུ་མཛེས་པའི་མེ་ཏོག་བཞད།

ཁུལ་ཨུ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོར་ལྟ་སྐུལ་བྱེད་པར་བཅའ་སྡོད་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com