中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།

ཁྱབ་བསྒྲགས་དུས་ཚོད་:2026-04-28 14:49:14 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ4པའི་ཚེས27ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལེགས་སྒྲིག་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ། ཁོང་གིས་གོ་སྐབས་ཀྱི་འདུ་ཤེས་ཤུགས་ཆེར་གཏོང་བ་དང་།རྨང་གཞིའི་ལས་ཀ་དམ་འཛིན།གཙོ་གནད་འབུར་དུ་ཐོན་པ།ཤུགས་འདོན་གནད་འཁེལ་བཅས་བྱས་ཏེ།རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་སྤུས་ཚད་མཐོན་པོས་ལེགས་འགྲུབ་བྱ་དགོས་ཞེས་ནན་གྱིས་བསྟན།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུར་ཞུགས།
    ལུའོ་ཁྲའོ་ཧྥེང་གིས་བསྟན་དོན། རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་སྤེལ་བ་ནི་“ལོ་ལྔ་ཚན་བཅོ་ལྔ་པའི་”འཕེལ་རྒྱས་འཆར་འགོད་དང་སྦྲེལ་མཐུད་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ།རྣམ་གྲངས་དམ་འཛིན་དང་།མ་དངུལ་འཇོག་གྲངས་མང་དུ་གཏོང་བ།འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པར་ངེས་པར་དུ་ལེགས་པར་བསྒྲུབ་དགོས་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཀྱང་ཡིན །རྫོང(གྲོང་ཁྱེར)ཁག་དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་གོ་སྐབས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་།སྲིད་ཇུས་ཀྱི་འགོ་དུས་དམ་འཛིན་བྱེད་པ། འཐབ་ཇུས་གལ་ཆེན་དང་རྣམ་གྲངས་གལ་ཆེན་གྱི་བར་མཐོངས་དགོས་མཁོ་སྤྱི་འདོམས་མཐུན་སྦྱོར་བྱེད་ནས།རྒྱང་ལྟའི་རང་བཞིན་ལྡན་པའི་སྒོ་ནས་འཆར་འགོད་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་།རང་འགུལ་ངང་སྙན་སེང་དང་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འཆར་འགོད་ཀྱི་བབ་བསྟུན་ལེགས་སྒྲིག་ལས་དོན་ཚད་ལྡན་དང་།གོ་རིམ་ལྡན་པ།ཕན་འབྲས་ཆེ་བ་བཅས་ཀྱི་སྒོ་ནས་སྤེལ་རྒྱུའི་འགན་ལེན་བྱེད་དགོས།
    ལུའོ་ཁྲའོ་ཧྥེང་གིས་བླང་བྱ་བཏོན་དོན། རྫོང་(གྲོང་ཁྱེར་)གི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས།རྣམ་གྲངས་ཀྱི་གསལ་ཐོ་དང་ཞིབ་བསྡུར་ནན་ཏན་བྱས་ཏེ་བརྒྱུད་རིམ་ལྡན་པའི་གསེད་བཀྲོལ་དང་། བར་སྟོང་གི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བཅས་བྱས་ཏེ་རྨང་གཞིའི་ལས་དོན་ཏན་ཏིག་ངང་གནད་ལ་འཁེལ་བ་དང་།གཞི་གྲངས་གནད་ལ་འཁེལ་བ།མ་གྲངས་གསལ་པོ་བཅས་ཡོང་བའི་འགན་ལེན་བྱེད་དགོས། 2026ལོའི་གཙོ་གནད་ལས་གཞིར་དམ་པོར་དམིགས་ནས། ཁྱོན་ཡོངས་ནས་འཆར་འགོད་འགུལ་རྣམ་སྲུང་སྐྱོང་གི་གཙོ་གནད་ལས་གཞིའི་ཞིབ་ཐོ་ཁོངས་སུ་འཇོག་དགོས་པ་ལེགས་སྒྲིག་བྱས་ཏེ།རིགས་སོ་སོའི་གཙོ་གནད་ལས་གཞིའི་གཏན་འབེབས་དང་མཐུན་པའི་བར་སྟོང་བཀོལ་སྤྱོད་ཀྱི་དགོས་མཁོ་འགན་སྲུང་ཏན་ཏིག་བྱ་དགོས།རྣམ་གྲངས་ལ་ཞིབ་བཤེར་ནན་པོ་དང་ཚད་ལྡན་དུ་གཏོང་བ་དང་།རྣམ་གྲངས་རེ་རེའི་ཞིབ་ཕྲའི་དོན་འཁྱོལ་བྱེད་གནས་གནད་ལ་འཁེལ་བར་ཁོང་དུ་ཆུད་པར་བྱས་ཏེ།འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་དང་ལེགས་སྒྲིག་བྱེད་པའི་ཁ་ཕྱོགས་དང་གཙོ་གནད་སྔར་བས་ཁ་གསལ་བཟོ་དགོས།གོམ་སྟབས་རྗེས་མར་ལེགས་སྒྲིག་བྱེད་པའི་ཁ་ཕྱོགས་དང་གཙོ་གནད་དང་བསྡུར་ནས་དུས་ཚོད་དང་ལྷུ་ཚིགས་ནན་དུ་གཏོང་བ་དང་།ལས་འགན་ཞིབ་ཕྲ་བཟོ་བ།ངོ་བོ་དང་གྲངས་ཚད་ལ་གཞིགས་ནས་དུས་ཐོག་ཏུ་འགུལ་རྣམ་སྲུང་སྐྱོང་གི་ལས་འགན་ལེགས་འགྲུབ་བཅས་བྱས་ཏེ་ས་ཞིང་ཚུན་རེ་རེ་ཚང་མ་ཚན་རིག་དང་མཐུན་པ་དང་།བཀོལ་སྤྱོད་ནུས་ཆེ།ཡུན་རིང་བེད་སྤྱོད་ཐུབ་པ་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།
    ཚོགས་འདུའི་ཐོག་བདེ་ཆེན་ཁུལ་གྱི་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད(2021—2035ལོ་བར)ཀྱི་འགུལ་རྣམ་སྲུང་སྐྱོང་ལེགས་སྒྲིག་ལས་དོན་གྱི་སྙན་སེང་གསན་པ་རེད།
    ཧོང་ལུང་ཞིན། འཇོལ་རྫོང་དང་འབའ་ལུང་རྫོང་ཨུའི་འགོ་ཁྲིད་གཙོ་བོ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད།
  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།

ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།

ཁུན་མིང་དང་བདེ་ཆེན་གྱིས་མཛའ་མཐུན་མཉམ་ལས་ཀྱི་ཚོགས་འདུ་འཚོགས།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཐད་ཚུར་ལན་བཅར་འདྲི་བྱས།

བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་འགྲན་བསྡུར་ཚོགས་ལ་ཉེ།

བདེ་ཆེན་གྱི་རྒྱུགས་སྤྲོད་སློབ་མ་1883ད་ལོའི་མཐོ་རྒྱུགས་ལ་ཞུགས།

ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས་ནན་པོ་དང་ཞིབ་ཚགས། ཆད་བཤེར་ཆད་གསབ་བཅས་བྱས་ཏེ་མཐོ་རྒྱུགས་བརྟན་ལ་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཁུལ་ཨུའི་རྒྱུན་ཨུ་སྐབས་དགུ་པས་གྲོས་ཚོགས་ཐེངས་158པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com