ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་78པ་འཚོགས།
ཉེ་ཆར། ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཁུལ་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་78པ་གཙོ་སྐྱོང་གནང་ནས་འཚོགས།
གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བསམ་ཕྱོགས་གཅིག་གྱུར་གྱིས་ས་ཁོངས་ཧྲིལ་པོའི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བསྐྲུན་ནས། གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲངས་པ་དང་བྱ་སྤྱོད་མགྱོགས་མྱུར་སྤེལ་ཏེ། ཚད་གཞི་མཐོ་པོས་ཤིང་འཛུགས་བྱེད་སྒོ་ཡག་པོ་སྤེལ་དགོས། ལམ་ལུགས་ནན་མོ་དང་ཁྲིམས་སྐྱོང་དམ་པོ་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཁྲིམས་སྐྱོང་ལྟ་བ་ངོས་འཛིན་གཏིང་ཟབ་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་དགོས་ཞེས་ནན་གསུང་གནང་།
གྲོས་ཚོགས་ཐོག ཀྲུང་གུང་ཡུན་ནན་ཞིང་ཨུ་གཞུང་དོན་ཐིང་གིས་བཀྲམ་པའི་ཀྲུང་དབྱང་དང་ཞིང་ཨུ་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་འགན་འཁྲིའི་ཞིབ་ཐོ་ཞེས་པའི་བརྡ་ཐོའི་སྐོར་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས། སྲིད་གཞུང་ཏང་ཙུའི་ཚན་ཁག་གི་ཁོངས་མིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་འགན་འཁྲིའི་ཞིབ་ཐོ་ལག་བསྟར་དོན་འཁྱོལ་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཞིབ་ཐོའི་བླང་བྱར་དམིགས་པ་དང་རྒྱུན་གཏན་གྱི་ལས་ཀར་གཞི་ཚུགས་པ། འགན་འཁྲིའི་མཐའ་མཚམས་དང་ལག་བསྟར་ཚད་གཞི། ལས་ཀའི་བླང་བྱ་བཅས་ལ་ཁོང་དུ་ཡང་དག་ཆུད་པ་བྱས་ནས། ལས་གནས་གཅིག་ལ་འགན་འཁྲི་གཉིས་ཞེས་པ་དོན་འཁྱོལ་ནན་མོ་བྱས་ཏེ། ཁག་བགོས་འགན་འཁུར་ཁྱབ་ཁོངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་ལས་དོན་ཏན་ཏིག་ངང་དམ་འཛིན་ཡག་པོ་བྱེད་དགོས། ཚད་གཞི་ལྟར། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་བྱེད་པ་དེ་ཐབས་ཇུས་དང་ལག་བསྟར། ལྟ་སྐུལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ནས། བྱ་བ་གལ་ཆེན་གྱི་ཐབས་ཇུས་དང་རྣམ་གྲངས་མ་དངུལ་བེད་སྤྱོད། སྤྱོད་ཚུལ་འཛུགས་སྐྱོང་སོགས་ཀྱི་ལས་དོན་གཙོ་བོ་ཁྲོད་གསལ་ཐོ་ལྟར་རང་བཤེར་རང་བཅོས་ནན་མོ་བྱས་ཏེ། ཁྲིམས་བཀོད་འགན་འཁྲི་ངེས་པར་དུ་སྒྲུབ་དགོས་པ་དང་ཁྲིམས་ཀྱིས་དབང་ཆ་སྤྲད་མེད་པའི་བྱ་བ་སྒྲུབ་མི་རུང་བ་བྱས་ནས། འཕྲི་ཆ་དང་བབ་བསྟུན། གདམ་ག་རང་བཞིན་བཅས་ཀྱི་ཐོག་ནས་ལག་བསྟར་བྱེད་པར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། རྒྱུན་རྣམ་ཡུན་ཕན་ལ་དོ་སྣང་བྱས་ནས། ལག་བསྟར་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་སྟེ། ལག་བསྟར་འགན་འཁྲིའི་ཞིབ་ཐོ་དང་ལས་སྒོའི་ལས་དོན་མཉམ་དུ་འཆར་འགོད་དང་མཉམ་དུ་བཀོད་སྒྲིག མཉམ་དུ་སྐུལ་འདེད། མཉམ་དུ་ལྟ་ཞིབ་བཅས་བྱས་ཏེ། དུས་ཐོག་ཏུ་དཀའ་གནད་ཐག་གཅོད་བྱེད་པ་དང་ལམ་ལུགས་ཀྱི་ཞན་ཆ་ཁ་གསབ་བྱས་ནས། སྒྲིག་ལམ་ལྟར་ཏང་སྐྱོང་བ་དང་ལམ་ལུགས་ལྟར་ཏང་སྐྱོང་བ་དེ་ལྟེ་བའི་ལས་དོན་དང་མཉམ་འདྲེས་གཏིང་ཟབ་བྱེད་དེ། ཚད་ལྡན་དང་ལས་ཆོད་ཆེ་བའི་ལག་བསྟར་གྱི་ཕན་འབྲས་ལ་བརྟེན་ནས་ལས་དོན་ཁག་སྤུས་ཚད་མཐོ་པོའི་ངང་སྤེལ་བར་འགན་ལེན་བྱེད་དགོས་ཞེས་ནན་གསུང་གནང་།
- བདེ་ཆེན་གསར་འགྱུར།
ཀྲང་ཝེ་ཏུང་གིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོར་བརྟག་ཞིབ་གནང་བ་དང་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད།
ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་ལྔ་བ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་སློབ་སྦྱོང་སློབ་གསོ་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སྐོར་གྱི་གྲོས་བསྡུར་ཐེངས་གཉིས་པ་འཚོགས་པ།
འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་བཀོད་སྒྲིག་མང་ཚོགས་ཁག་དང་པོར་ཁང་པ་གསར་པའི་ལྡེ་མིག་བླངས་པ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཀླུ་ཆུའི་ལྗོངས་རྣམ།
ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་(རྒྱས་འཛོམས)ཚོགས་འདུ་ཐེངས་81པ་འཚོགས་པ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སྤྲིན་གྱི་བང་རིམ།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ལ་ཞིབ་འཇུག་བྱས་པ།
ལུའོ་ཁྲའོ་ཧྥེང་གིས་རིག་གནས་ཁེ་ལས་ལ་བརྟག་ཞིབ་གནང་སྐབས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་རིག་གནས་ཐོན་ལས་དང་ཡུལ་སྐོར་ཁྲོམ་ར་འབྲེལ་མཐུད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108