ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལས་དོན་ལ་བརྟག་ཞིབ་གནང་སྐབས་བྱ་ཐབས་དངོས་སྒྲུབ་ལ་བརྟེན་ནས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་།
ཟླ་4པའི་ཚེས་9ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལས་དོན་ལ་བརྟག་ཞིབ་བྱེད་སྐབས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། བྱ་ཐབས་དངོས་སྒྲུབ་ལ་བརྟེན་ནས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་། གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་གསུང་གནང་།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་བརྟག་ཞིབ་ནང་ཞུགས།

ལུའོ་ཁྲའོ་ཧྥེང་འཇོལ་རྫོང་ཐང་སྟེང་ཤང་བདེ་སྐྱིད་གྲོང་ཚོའི་གྲོང་མིའི་ཁྱིམ་དུ་བསྐྱོད་དེ་བཙོག་ཆུ་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ།
བརྟག་ཞིབ་བྱེད་སྐབས། ལུའོ་ཁྲའོ་ཧྥེང་སྔ་རྗེས་སུ་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་ས་ཚིགས་དང་ཐོབ་ཐང་གྲོང་ཚོའི་བཙོག་ཆུ་གཙང་སེལ་ས་ཚིགས། ཐང་སྟེང་ཤང་བདེ་སྐྱིད་གྲོང་ཚོའི་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ས་ཚིགས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྔ་ཤོག་ཤང་གི་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་ས་ཚིགས། ཚངས་རྒྱབ་གྲོང་ཚོའི་ཚངས་རྒྱབ་གྲོང་མི་ཚོ་ཆུང་གི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་ཐད་ཀར་འབུད་ས། འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱི་རྒྱལ་པོ་སྟེང་གྲོང་ཚོའི་བཙོག་ཆུ་གཙང་སེལ་ས་ཚིགས། མཐའ་ཆུ་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་ས་ཚིགས་བཅས་སུ་སྐྱོད་དེ་ས་གནས་དེ་གའི་ལས་བྱེད་མང་ཚོགས་དང་རྣམ་གྲངས་ཀྱི་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་བྱས་པ་དང་། ཡུལ་དངོས་སུ་བཙོག་ཆུ་གཙང་སེལ་གྱི་སྒྲིག་བཀོད་སྣ་ཚོགས་འཛུགས་སྐྲུན་དང་དེ་བཞིན་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་བྱས། གྲོང་རྡལ་གཅིག་སྡུད་ཀྱི་གཙང་སེལ་དང་གྲོང་ཚོ་དང་གྲོང་མི་ཚོ་ཆུང་གིས་ཁ་ཐོར་རྣམ་པའི་ཐག་གཅོད། གཞི་གཅིག་ཅན་གྱི་སྒྲིག་ཆས་གཙང་སེལ་སོགས་བྱེད་སྟངས་མི་འདྲ་བའི་གཙང་སེལ་གཞི་ཁྱོན་དང་འཁོར་སྐྱོད་སྲུང་སྐྱོང་བྱེད་སྟངས། སྦུག་དྲ་ལེ་ལག་སྒྲིག་པ། མ་དངུལ་འགན་ལེན་དང་དེ་བཞིན་བཅོས་སྐྱོང་གི་ཕན་འབྲས་སོགས་འབྲེལ་ཡོད་གནས་ཚུལ་ལ་གཞིགས་ནས་ཡུལ་དངོས་སུ་གནད་དོན་གསལ་བཟོ་དང་ཁ་གཏད་འཇལ་ཐབས་ཞིབ་འཇུག ལས་ཀ་བཀོད་སྒྲིག་བཅས་བྱས།
ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྔ་ཤོག་ཤང་ཚངས་རྒྱབ་གྲོང་ཚོའི་ཚངས་རྒྱབ་གྲོང་མི་ཚོ་ཆུང་གི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་ཐད་ཀར་འབུད་སར་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་ཐད་ཀར་འབུད་ཚུལ་ལ་བརྟག་ཞིབ་གནང་བ།
ལུའོ་ཁྲའོ་ཧྥེང་གིས་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་རྒྱལ་པོ་སྟེང་གྲོང་ཚོའི་བཙོག་ཆུ་གཙང་སེལ་ས་ཚིགས་སུ་བཙོག་ཆུ་མདོང་དྲ་དང་དེ་བཞིན་གཞི་གཅིག་ཅན་གྱི་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ལ་བརྟག་ཞིབ་གནང་བ།ལུའོ་ཁྲའོ་ཧྥེང་གིས་སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་འགག་སྒྲོལ་གྱི་ལག་བསྟར་ཇུས་གཞི་གང་མགྱོགས་ངང་བཟོ་བ་དང་། ལག་ལེན་བྱེད་ཐུབ་པའི་དུས་མཚམས་རང་བཞིན་གྱི་དམིགས་ཚད་ཚན་རིག་དང་མཐུན་པར་གཏན་འབེབས་བྱེད་པ། དུས་ཚོད་རེའུ་མིག་དང་ལམ་ཐིག་རི་མོ་ཁ་གསལ་བཟོ་བ་བཅས་བྱས་ནས་བཙོག་ཆུ་གཙང་སེལ་ལས་དོན་དེ་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་ཁྱབ་ཁོངས་ཧྲིལ་པོར་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་། ཚན་རིག་དང་མཐུན་པའི་ངང་ཐབས་ཇུས་ལག་བསྟར་མཐའ་འཁྱོངས་དང་བཅོས་སྐྱོང་འཆར་འགོད་བཀོད་སྒྲིག་ལེགས་སྒྱུར། ཆུས་དབྱེ་བ་དང་རིགས་དབྱེ་བ་བཅས་ཀྱིས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་འཚམ་སྒྲིག་གི་བཅོས་སྐྱོང་བྱེད་སྟངས་གདམ་ག་བྱེད་དེ། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བསྡུ་དགོས་ངེས་ཚང་མ་བསྡུ་བ་དང་བཅོས་སྐྱོང་དགོས་ངེས་ཚང་མ་བཅོས་སྐྱོང་བྱེད་པར་འགན་ལེན་བྱེད་དགོས། སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བར་མཐོང་ཆེན་བྱས་ནས་“ལུད་རྫིང་ཆེ་གྲས་གསུམ་དང་ལུད་རྫིང་ཆུང་གྲས་གསུམ། སྐྱེ་ཁམས་དབྱང་འགྱུར་རྫིང་བུ་”སོགས་མ་གནས་དམའ་བ་དང་སྲུང་སྐྱོང་བྱེད་སླ་བ། ཁྱབ་གདལ་གཏོང་ཆོག་པ་བཅས་ཀྱི་བཅོས་སྐྱོང་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་གཏོང་ནས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་ས་གནས་དེ་ག་དང་ཉེ་འགྲམ་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་། འཁོར་སྐྱོད་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་སྒྲིག་བཀོད་སྒྲིག་ཆས་ཀྱི་རྒྱུན་གཏན་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཐེངས་གཅིག་ཏུ་བསྐྲུན་ནས་ཡུན་རིང་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས། ཁུལ་རིམ་པས་གཅིག་གྱུར་འཆར་འགོད་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་སྟེ་དུས་བཀག་བཀོད་གཏོང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་ནས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལས་དོན་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་གཏོང་བའི་འགན་ལེན་བྱེད་དགོས། རྣམ་གྲངས་དོ་དམ་ནན་པོ་བྱེད་པ་དང་མ་འཇོག་ཐོན་འབབ་ཀྱི་རྩིས་ཐོ་ཡག་པོ་བརྒྱབ་སྟེ་དངོས་གནས་དྲང་གནས་ཀྱི་བཅོས་སྐྱོང་ཕན་འབྲས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མཐོ་རུ་གཏོང་དགོས་ཞེས་བླང་བྱ་བཏོན།
ཧོང་ལུང་ཞིན་དང་ཞུང་ཝུན་པིན། ཞུས་ཀོང་ཏེ། ལི་ཐའོ་བཅས་འབྲེལ་ཡོད་བརྟག་ཞིབ་བྱེད་སྒོར་ཞུགས།
责任编辑:南珠泽仁
- བདེ་ཆེན་གསར་འགྱུར།
ཁུལ་ཨུས་ཕྱི་འབྲེལ་ལས་དོན་ཨུ་ལྷན་གྱི་ཚང་འཛོམས་(རྒྱས་འཛོམས་)གྲོས་ཚོགས་འཚོགས།
ཀུ་ཀུ་ཤ་མོ་བཏབས་ནས་གྲོང་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་བསྐྲུན།
རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚུན་ཅིན་ཚན།
ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།
ཁུལ་སྲིད་གཞུང་གིས་རྒྱུན་དོན་གྲོས་ཚོགས་ཐེངས་85པ་འཚོགས།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།
བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108