中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བཞི་པ་དང་“བདེ་ཆེན་གྱི་སློབ་ཁང་ཆེན་མོའི་སློབ་ཁྲིད་གཉིས་པ་”སྤེལ།

ཁྱབ་བསྒྲགས་དུས་ཚོད་:2026-04-09 16:53:14 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片
ཟླ་4པའི་ཚེས་8ཉིན། ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བཞི་པ་དང་“བདེ་ཆེན་གྱི་སློབ་ཁང་ཆེན་མོའི་སློབ་ཁྲིད་གཉིས་པ་”སྤེལ། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཞིང་གསུམ”ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བདེ་ཆེན་གྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཞེས་ནན་གསུང་གནང་།
ལི་ཡན་ལན་སློབ་སྦྱོང་ནང་ཞུགས།
ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཡོན་ཀྲང་ཝང་ཅི་ཧྭ་ཡིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བའི་བརྗོད་དོན་གཙོ་བོར་དམིགས་ནས་ཆེད་དོན་སློབ་ཁྲིད་བྱས།
ཚོགས་འདུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཞིང་གསུམ་”ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་དང་བསམ་བློ་གཏོང་བ། བེད་སྤྱོད་གཏོང་བ་བཅས་གཅིག་གྱུར་ཡོང་བ་བྱས་ནས་ཤེས་རྟོགས་དང་དད་སེམས། བྱ་སྤྱོད་བཅས་གཅིག་གྱུར་ཡོང་བ་བྱས་ནས་སློབ་སྦྱོང་གི་ཕན་འབྲས་དེ་བདེ་ཆེན་གྱི“ལོ་ལྔ་ཚན་བཅོ་ལྔ་པ་”དང་“ཞིང་གསུམ་”ལས་དོན་ལ་འགོ་ཡག་པོ་ཚུགས་ནས་གོམ་པ་ཡག་པོ་སྤོ་ཐུབ་པར་སྐུལ་འདེད་གཏོང་བའི་འགུལ་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས་ཞེས་ནན་གསུང་གནང་།
ཚོགས་འདུ་ཡིས་ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུ་བཅས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ་གནད་དོན་གྱི་ཁྲིད་སྟོན་དང་དམིགས་ཚད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་དམིགས་སའི་རང་བཞིན་གྱིས་བྱེད་ཐབས་ཤུགས་སྣོན་བཅས་བྱས་ནས་དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་། འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་མཁོ་སྤྲོད་འགན་ལེན་ལ་དམ་འཛིན་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པ་དང་རྨོ་ཞིང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱུན་རྣམ་ཅན་གྱི་སླར་ཡང་དབུལ་ཕོངས་སུ་མི་ལོག་པ་དང་དབུལ་ཕོངས་སུ་མི་འགྲོ་བའི་ལམ་སྲོལ་གཅིག་གྱུར་འཆར་འགོད་ངང་འཛུགས་པ། རེས་སྐོར་གསར་པའི་ཞིང་པའི་ཡོང་འབབ་འཕར་བའི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བཅས་བྱས་ནས་མང་ཚོགས་ཀྱི་འབབ་འཕར་གྱི་“དྲི་བ་གསར་པ་ལྔ་”ལ་ལན་ཡག་པོ་འདེབས་ཏེ་འབྲུ་རིགས་བདེ་འཇགས་དང་རྨོ་ཞིང་སྲུང་སྐྱོང་། གཞི་ཁྱོན་རང་བཞིན་གྱི་སླར་ཡང་དབུལ་ཕོངས་སུ་མི་ལོག་པ་དང་དབུལ་ཕོངས་སུ་མི་འགྲོ་བའི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་སྲུང་དགོས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ཁུངས་ལ་གཞི་ཚུགས་པ། བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། འབྲེལ་ཐག་ཧྲིལ་པོ་དང་རིམ་པ་ཧྲིལ་པོ་མཐོ་རུ་གཏོང་བ་མཐའ་འཁྱོངས་བཅས་བྱས་ནས་ཞིང་ལས་ཐོན་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་དགོས། “མཛེས་སྡུག་ལྡན་པ”དང་“གཤིས་རྒྱུད་ཡག་པ།”“ཕན་ནུས་ཆེ་བ་”བཅས་ཀྱི་ཐོག་ནས་འབད་བརྩོན་བྱེད་དེ་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་གསུང་གནང་།
ཚོགས་འདུ་ཡིས་ཁུལ་ཡོངས་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཏང་གིས་“ཞིང་གསུམ་”ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་“རིམ་པ་ལྔའི་ཧྲུའུ་ཅི་”ཡིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱས་པའི་འགན་འཁྲི་དོན་འཁྱོལ་བྱེད་པ། རིམ་པ་ཁག་གི་ཏང་ཨུ་ཡིས་དུས་བཀག་ལྟར་ཞིབ་འཇུག་བཀོད་སྒྲིག་བྱས་ནས་གནད་དོན་གལ་ཆེན་ཐག་གཅོད་བྱ་དགོས། ཏང་ཨུ་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཅིག་གྱུར་འཆར་འགོད་དམ་འཛིན་ཡག་པོ་བྱ་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་ཀའི་བྱ་ཐབས་ཞིབ་ཕྲ་བཟོས་ནས་ལས་དོན་ཁག་དོན་འཁྱོལ་བྱེད་པ་དམ་འཛིན་ཡག་པོ་བྱེད་དགོས། རྫོང་དང་གྲོང་ཁྱེར། ཤང་དང་གྲོང་རྡལ་གྱིས་ལས་བྱེད་པ་གསོ་སྐྱོང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པས་སྤྱོད་ཚུལ་གསར་བརྗེ་དང་ཕན་ནུས་གསར་བརྗེ་མཐོ་རུ་གཏོང་བའི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས་“ཞིང་གསུམ་”ལས་དོན་སྔར་ལས་ལེགས་པར་བསྒྲུབས་ཏེ། བདེ་ཆེན་གྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་སྟོབས་ཤུགས་ཆེན་པོ་སྐུལ་འདེད་གཏོང་བ་གཅིག་ཏུ་སྒྲིལ་དགོས་ཞེས་བླང་བྱ་བཏོན།

责任编辑:南珠泽仁

  • བདེ་ཆེན་གསར་འགྱུར།

ཁུལ་ཨུས་ཕྱི་འབྲེལ་ལས་དོན་ཨུ་ལྷན་གྱི་ཚང་འཛོམས་(རྒྱས་འཛོམས་)གྲོས་ཚོགས་འཚོགས། 

ཀུ་ཀུ་ཤ་མོ་བཏབས་ནས་གྲོང་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་བསྐྲུན།

རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚུན་ཅིན་ཚན།

ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།

ཁུལ་སྲིད་གཞུང་གིས་རྒྱུན་དོན་གྲོས་ཚོགས་ཐེངས་85པ་འཚོགས།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།

བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com